གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙན་ཁྲིད་འབད་མི་བུཚ་དེ་ དྲི་དཔྱད་འབད་བའི་བསྒང་ཡོདཔ།

རང་ཟླ་༣ པའི་ཚེས་༢༡ 
༡༡/༥/༢༠༡༢

༉ ན་ཧིང་སྤྱི་ཟླ་༩ པའི་ནང་ གཞལམ་སྒང་ དབང་འདུས་སྒང་པཱམ་ལས་ སྐྱེས་ལོ་༡༥ འབད་མི་ བཀྲིས་ཕུན་ཚོགས་དེ་ ག་གིས་ བཙོན་ཁྲིད་འབད་ཡོདཔ་ཨིན་ནའི་སྐོར་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ དབྱེ་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ གཞལམ་སྒང་དང་ རྒྱ་གར་ས་མཚམས་བར་ནའི་ སྣུམ་འཁོར་ཐོ་བཀོད་སྒོ་ར་སྒོ་ཚུ་ནང་ ཞིབ་དཔྱད་འབད་བའི་སྐབས་ སྤྱི་ཟླ་༩ པའི་ཚེས་༩ ལུ་ བཀྲིས་ཕུན་ཚོགས་ བྱང་སྟོར་ཤོར་བའི་གྱི་ཉིན་མར་ སྣུམ་འཁོར་ཊོ་ཡོ་ཊ་ཧའི་ལགསི་ ཕུད་རྡོག་གཅིག་ཡང་ ཐོ་བཀོད་མ་འབད་བས་ཟེར་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༡༠ ལུ་ སྒེར་གྱི་ སྣུམ་འཁོར་ཧའི་ལགསི་ཅིག་ ཐོ་བཀོད་འབད་ཡོདཔ་ཨིན་རུང་ སྣུམ་འཁོར་དེ་ནང་ དེད་གཡོགཔ་རྐྱངམ་གཅིག་མ་གཏོགས་ འགྲུལ་པ་གཞན་མི་ ག་ཡང་མིན་འདུག་ཟེར་ གཞལམ་སྒང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ ཀུན་གསལ་ལུ་ སླབ་ཡོདཔ་ད་ ཁོང་གིས་ ད་ལྟོ་ཚུན་ལུ་ གནད་དོན་དེ་གི་སྐོར་ལས་ བརྡ་དོན་དང་ གནས་ཚུལ་ཚུ་ག་ཅི་ཡང་ ཐོབ་མ་ཚུགས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བུཚུ་དེ་ལུ་ ལན་ཐེངས་ལེ་ཤ་ཅིག་ དྲི་བཀོད་འབད་རུང་ ཁོ་གིས་ སྣུམ་འཁོར་ཊོ་ཡོ་ཊ་ཧའི་ལགསི་དེ་ནང་ མི་༣ ཡོདཔ་སྦེ་ར་ སླབ་ཨིན་པས།
བུཚ་དེ་ལས་ཐོབ་མི་ བརྡ་དོན་ཚུ་ལུ་ལྟ་བ་ཅིན་ ཁྲིམས་འགལ་གྱི་ལཱ་འབད་མི་ཚུ་ འཛིན་བཟུང་འབད་ཚུགས་ནི་ཕར་བཞག་ ཁོ་ར་ཡང་ བཙན་ཁྲིད་འབད་བའི་ གྲུབ་བྱེད་ཡང་དག་ཅིག་ བཏོན་མི་ཚུགས་པས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ གནད་དོན་དེ་གི་ རྒྱབ་ཁུངས་ལུ་ སློབ་གྲྭ་ནང་སོང་སྟེ་ དབྱེ་ཞིབ་ཚུ་འབདཝ་ད་ བཀྲིས་ཕུན་ཚོགས་དེ་ དཔེ་ཆ་ནང་ ལེགས་ཤོམ་ཡོདཔ་མ་ཚད་ རྩེད་རིགས་ནང་ཡང་ ལེགས་ཤོམ་ཡོད་པའི་གསལ་སྟོན་བྱུང་ཡི་ཟེར་ཨིནམ་ད་ བུཚུ་དེ་ སྐྱེས་ལོ་༡༥ འབད་བ་གིས་མ་ཚད་ སློབ་ཕྲུག་ཅིག་ འབད་ནི་དེ་གིས་ གནད་དོན་དེ་གི་སྐོར་ལས་ ཨུ་ཚུགས་བསྐྱེད་མི་ཚུགས་པས་ཟེར་ཨིན་པས།
ས་གནས་ནང་ གློག་མེ་ལས་འགུལ་གྱི་ ལཱ་འབད་མི་ ལེ་ཤ་ཅིག་ར་ཡོདཔ་ལས་ མི་ཚུ་དང་གཅིག་ཁར་ འབྲེལ་བ་ཡོད་མེད་ཀྱི་སྐོར་ལས་ དྲི་བཀོད་འབདཝ་ད་ བདེན་རྟགས་མེདཔ་སྦེ་ སླབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ གལ་སྲིད་ སྣུམ་འཁོར་གྱི་ ཐོ་བཀོད་ཨང་གྲངས་དང་འདྲ་བའི་ བརྡ་དོན་ཚུ་དུམ་གྲ་རེ་ཡོད་པ་ཅིན་རྐྱངམ་གཅིག་ གནད་དོན་དེ་གི་སྐོར་ལས་ དབྱེ་ཞིབ་ཚུ་ མཐིལ་ཕྱིན་འབད་ཚུགས་ནི་ཨིན་རུང་ བུཚ་དེ་ལས་ བརྡ་དོན་ལེན་ཐོག་ལས་ དབྱེ་ཞིབ་ཚུ་ འཕྲོ་མཐུད་དེ་ར་ འབད་བའི་བསྒང་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment