གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ཁྲོམ་སྡེའི་ཡིག་ཚང་ནང་ ཚོང་མགྲོན་ཞབས་ཏོག་ལྟེ་བ་ གཞི་བཙུགས་འབད་ཡོདཔ།

རང་ཟླ་༣ པའི་ཚེས་༢༡ 
༡༡/༥/༢༠༡༢

ཚོང་མགྲོན་ཞབས་ཏོག་ལྟེ་བ་ གཞི་བཙུགས་འབད་མི་ འབྲེལ་སྟེགས་ཚུ།
༉ ཁ་ཙ་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱི་ ཡིག་ཚང་ནང་སྦེ་ འགོ་འབྱེད་འབད་མི་ ཚོང་མགྲོན་ཞབས་ཏོག་ལྟེ་བ་ གཞི་བཙུགས་འབད་ཡོད་མི་གིས་ ད་ལས་ཕར་ ཞབས་ཏོག་ཚུ་ ག་ཅི་ར་འབད་རུང་ ས་ཁོངས་དེ་ནང་ལས་ འཐོབ་ཚུགས་ནི་ཨིན་པས།


ཚོང་མགྲོན་ཞབས་ཏོག་གཞི་བཙུགས་ཀྱི་ འགོ་བྱེད་འབད་ཚརཝ་ཅིག་ ཞབས་ཏོག་ལེན་པར་འོང་མི་ འགོ་དང་པ་ ལྕང་སྒང་ཁ་ལས་ སྐྱེས་ལོ་༥༩ འབད་མི་ བཀྲིས་རྡོ་རྗེ་ཨིནམ་ད་ ཁོ་གིས་ ཁོ་རའི་ཁྱིམ་ནང་ འཐུང་ཆུའི་དཀའ་ངལ་ཐོན་ཡོད་པའི་སྐོར་ལས་ ཉོགས་བཤད་ བཀོད་ཡོདཔ་ཨིན་པས།
ཁོ་གིས་ ད་རེས་འཕྲལ་ཁམས་ལུ་ འཐུང་ཆུའི་སྐོར་ལས་ ཉོགས་བཤད་བཀོད་པར་ ཐིམ་ཕུ་ལུང་བསྟན་ཟམ་པའི་ ཉེ་འདབས་ལུ་ཡོད་པའི་ ཁྲོམ་སྡེའི་ འཐུང་ཆུ་སྡེ་ཕྲན་ནང་སོང་ཡོདཔ་ད་ ཁོ་གིས་ ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ད་ལས་ཕར་འབད་བ་ཅིན་ ཞབས་ཏོག་འགོ་བཙུགས་མི་ལུ་བརྟེན་ ཉོགས་བཤད་ཚུ་ འབྲེལ་སྟེགས་དེ་ནང་ར་ བཙུགས་ཚུགས་ནི་ཨིན་མ་ལས་ ཕན་ཐོགས་སྦོམ་འབྱུང་ནི་ཨིན་པས་ཟེར་ཨིན་པས།
ལྟེ་བ་དེ་ནང་ ད་ལྟོ་ འབྲེལ་སྟེགས་༤ ཡོད་མི་ཚུ་ནང་ ཆུ་ཁྲལ་བཏབ་ས་དང་ དཀའ་ངལ་དང་འབྲེལ་བའི་ཉོགས་བཤད་བཀོད་ས་ དེ་ལས་ ཚོང་མགྲོན་ཞབས་ཏོག་དང་ འོང་འབབ་ལཱ་ཚུ་གི་དོན་ལུ་ཨིན་པས།
ཉོགས་བཤད་འབྲེལ་སྟེགས་ནང་ལུ་ འཐུང་ཆུ་བཀྲམ་སྤེལ་དང་ བཙོག་གཡུར་དང་འབྲེལ་བའི་ ཉོགས་བཤད་བཀོད་ཚུགས་ནི་དང་ ཚོང་མགྲོན་ཞབས་ཏོག་འབྲེལ་སྟེགས་ཐོག་ལས་ བཟོ་སྐྲུན་གྱི་ ས་ཁྲ་དང་ བཟོ་བཀོད་ དེ་ལས་ བཟོ་སྐྲུན་ས་ཁོངས་ཀྱི་གནང་བ་ལེན་ནི་ ཉམས་བཅོས་ཀྱི་ལཱ་ སྒྲིང་ཁྱིམ་ ཁང་གླར་སྡོད་མི་ཚུ་ བཙུགས་ནིའི་ལག་ཁྱེར་དང་ ཕྱིའི་ལས་མི་ཚུ་ འབྲུག་ལུ་ལཱ་འབད་ཆོག་པའི་ ལག་ཁྱེར་གྱི་ གནས་ཡུན་ ཡར་སེང་འབད་ནིའི་དོན་ལུ་ ལཱ་ཚུ་འབད་ནི་ཨིན་པས།
ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཚོང་མགྲོན་ཞབས་ཏོག་ལྟེ་བ་ གཞི་བཙུགས་འབད་དགོ་པའི་དམིགས་ཡུལ་དེ་ཡང་ ལས་འཛིན་ནང་འོང་མི་ མི་སེར་ག་ར་ལུ་ མགྲོན་སྐྱོང་ལེགས་ལྡན་འབད་འཐབ་ལུ་ ཨིན་ཟེར་ཨིནམ་ད་ ད་ལྟོ་ ལྟེ་བའི་ནང་ འབྲེལ་སྟེགས་༤ ལས་མེད་རུང་ ཤུལ་ལས་ མི་སེར་ཚུ་ལུ་ སྤུས་ཚད་ལྡན་པའི་ཞབས་ཏོག་བྱིན་ནིའི་དོན་ལུ་ འཆར་གཞི་དང་འཁྲིལ་ རྒྱ་བསྐྱེད་འབད་ནི་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ ལམ་ལུགས་གསརཔ་འགོ་བཙུགས་མི་གིས་ མི་སེར་ཚུ་ལུ་ རང་སོའི་དཀའ་ངལ་དང་འཁྲིལ་ ཁྲོམ་སྡེའི་འགོ་དཔོན་དང་གཅིག་ཁར་འབྲེལ་བ་འཐབ་དགོཔ་ཐོན་པའི་སྐབས་སུ་ བསྒུག་སྡོད་མ་དགོ་པར་ ལཱ་འབད་ཚུགས་ཐབས་ལུ་ ཨིན་ཟེར་ཨིན་པས།
ཚོང་མགྲོན་ཞབས་ཏོག་གི་འགོ་འཛིན་པ་ རིན་ཆེན་གྱིས་སླབ་མིའི་ནང་ ལྟེ་བ་དེ་ ཁྲོམ་སྡེ་གཞན་ཚུ་གི་དོན་ལུ་ཡང་ དཔེ་སྟོན་བཟུམ་ཅིག་སྦེ་ གཞི་བཙུགས་འབད་ཡོདཔ་ལས་ ལས་རིམ་ཚུ་མཐར་འཁྱོལ་བྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཞབས་ཏོག་དེ་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་རུང་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡ ལྷགཔ་ཅིག་ བཏང་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment