གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཅ་ཆས་དང་ དངུལ་རྐྱང་ཚུ་ མེ་གིས་འཚིགས་ཡོདཔ།

རང་ཟླ་༣ པའི་ཚེས་༢༡ 
༡༡/༥/༢༠༡༢

མེ་རྐྱེན་ནང་ལས་ཐོབ་མི་ ཅ་ཆས་ཚུ།
༉ བདུན་ཕྲག་འདི་གི་ རེས་གཟའ་ལྷག་པ་ལུ་ ཕྱི་རུའི་ཆུ་ཚོད་༡༠.༣༠ དེ་ཅིག་ཁར་ ཐིམ་ཕུ་ལྕང་ཟམ་ཏོག་འབྲིང་རིམ་སློབ་གྲྭའི་ འོག་མའི་འོག་ལུ་ སྦ་སྒོར་༢ གློག་མེའི་རྒྱུན་ཐག་ལུ་བརྟེན་ མེ་རྐྱེན་བྱུང་བའི་སྐབས་ བཟའ་ཚང་༢ ཀྱི་ ཡིག་ཆ་དང་ ཅ་ཆས་ཚུ་དང་སྦྲགས་ དངུལ་ཀྲམ་༢༦,༠༠༠ དེ་ཅིག་ མེ་གིས་ འཚིགས་ཡོདཔ་ཨིན་པས།
མེ་རྐྱེན་བྱུང་བའི་སྐབས་ ཁྱིམ་ཅིག་གི་ ནང་མི་ཚུ་ག་ར་ ཁྱིམ་ནང་ཡོད་རུང་ ཁྱིམ་གཞན་མིའི་ ཇོ་བདག་བསམ་གཏན་སྒྲོལ་མ་དང་ སྐྱེས་ལོ་༦ ལང་མི་ མོ་རའི་བུམོ་དེ་ ཁྱིམ་ནང་མེདཔ་ཨིན་པས།



མེ་རྐྱེན་དེ་ བསམ་གཏན་སྒྲོལ་མའི་ ཁྱིམ་ནང་ལས་འགོ་བཙུགས་ཡོདཔ་ད་ མོ་གིས་འབད་བ་ཅིན་ ཕྱི་རུའི་ཆུ་ཚོད་༡༠ དེ་ཅིག་ཁར་ མོ་གི་ ཁྱིམ་ཐོག་གུ་ལས་ མེ་འབར་སར་མཐོངམ་ཅིག་ ཁྲིམས་སྲུང་འགག་པའི་ མེ་བསད་སྡེ་ཚན་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
མེ་བསད་སྡེ་ཚན་དང་ ཁྲིམས་སྲུང་འགག་པ་ཚུ་ ས་གནས་ཁར་ལྷོད་པའི་སྐབས་ སྦ་སྒོར་ག་ར་ མེ་གིས་ འཚིགས་སོ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཉམས་རྒུད་བྱུང་མི་ གཞན་མི་དེ་ གསར་སྤང་རྫོང་ཁག་ལས་ སྐྱེས་ལོ་༣༣ ལང་མི་ བྷ་ཌིར་མཱ་ཡ་ཨིནམ་ད་ མོ་ལུ་ སྐྱེས་ལོ་༨ ལང་མི་ བུམོ་ཅིག་ཡོད་པའི་ཁར་ མོ་ར་ ཡིག་ཚང་ཚུ་ནང་ བཞེས་སྒོ་སྐྱེལ་དྲང་འབད་ སྡོད་མི་ཅིག་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མེ་རྐྱེན་བྱུང་བའི་སྐོར་ལས་ སྙན་ཞུ་དེ་ ཕྱི་རུའི་ཆུ་ཚོད་༡༠.༣༠ ལྷོདཔ་ད་ དེ་འཕྲོ་ལས་ར་ ས་གནས་ཁར་ མེ་བསད་མི་ཚུ་ བཏང་ཡི་ཟེར་ཨིནམ་ད་ སྦ་སྒོར་༢ མེ་གིས་འཚིགས་ཚར་རུང་ གཞན་མི་ཚུ་ སྲུང་སྐྱོབ་འབད་ཚུགས་ཅི་ཟེར་ཨིན་པས།
ཉམས་རྒུདཔ་བསམ་གཏན་སྒྲོལ་མ་གིས་ སླབ་མིའི་ནང་ ཧེ་མ་ཡང་ མོ་གི་ཁྱིམ་ནང་ལས་ གློག་རྒྱུན་ལས་ མེ་ཚར་༢ ཤོར་ནི་བཟུམ་འབད་ཡོདཔ་ལས་ ཁོང་གིས་ ཁྱིམ་སྦྱིན་བདག་ལུ་སླབ་རུང་ ངོས་ལན་འབད་མ་བཏུབ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment