གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསང་སྤྱོད་ཀྱི་ རླུང་དོང་ནང་ལས་ བྱོག་སོང་མི་ བདའ་མ་ཟུན་པར་ཡོདཔ།

༉ སྤ་རོའི་ཁྲིམས་སྲུང་འགག་པ་གིས་ བདུག་ཕྲག་ཧེ་མའི་ རེས་གཟའ་ལྷག་པ་ལུ་ དོ་དམ་འོག་ལས་ བྱོག་སོང་མི་ ཕོ་སྐྱེས་དེ་ བདའ་མ་ཟུན་པར་ ད་ལྟོའི་བར་ན་ཡང་ འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།


གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ གསང་སྤྱོད་ཀྱི་ རླུང་དོང་ཅིག་ནང་ལས་  ཡར་ འཛེགས་ཏེ་ བྱོག་ཡར་སོ་ནུག་ཟེར་ཨིནམ་ད་ བྲོས་ཟུར་འབད་མི་ ཕོ་སྐྱེས་དེ་ སྤ་རོ་རྫོང་ཁག་ཁྲིམས་འདུན་ནང་ ཞི་རྩོད་དག་པ་ཅིག་གི་ ཁྲིམས་དཔྱད་འབད་ནིའི་དོན་ལུ་ ཐོ་བཀོད་འབད་མི་ལུ་བརྟེན་ ཁྲིམས་སྡེའི་བཀའ་རྒྱ་དང་འཁྲིལ་ ཁྲིམས་སྲུང་འགག་པ་གིས་ ཟླཝ་༡ དེ་ཅིག་གི་ཧེ་མར་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
བྲོས་ཟུར་འབད་མི་དེ་ དུས་ཅིའི་ ལོ་སྔ་ཆ་ལུ་ བཀྲིས་གཡང་རྩེའི་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ སྤ་རོ་ལུ་ ཞི་རྩོད་ཀྱི་ རྩོད་གཞི་ཕྱེ་བར་ ཁྱིད་བསྐྱལ་ཡོདཔ་ད་ གནས་ཚུལ་དང་འཁྲིལཝ་ད་ ཕོ་སྐྱེས་དེ་ སྤྱི་ལོ་༢༠༠༩ ལས་ར་ སྤ་རོའི་ཁྲིམས་འདུན་གྱིས་ འཚོལ་ཡོདཔ་ཨིན་པས།
བྲོས་ཟུར་འབད་མི་དེ་གིས་ སྤ་རོའི་ཁྲིམས་སྲུང་འགག་སྡེའི་ནང་ བཟོ་སྐྲུན་གྱི་ ལཱ་འབད་བའི་བསྒང་ཡོད་མི་ལས་ གོ་སྐབས་ལེན་ཡོད་མི་དེ་ཡང་ ད་ལྟོ་ དོ་དམ་ཁང་སྦོམ་ཅིག་ རྐྱབ་པའི་བསྒང་ཡོད་མི་དང་བསྟུན་ དོ་དམ་འོག་ལུ་ སྡོད་མི་ཚུ་གི་ ཧེ་མའི་ གསང་སྤྱོད་དེ་ བཤུབ་བཏང་སྟེ་ དོ་དམ་ཁང་གི་ ས་ཁོངས་ནང་ར་ གནས་སྐབས་ཀྱི་ གསང་སྤྱོད་ཅིག་ རྐྱབ་ཡོདཔ་ཨིན་པས།
དེ་ཚེ་ ཕྱི་རུའི་ཆུ་ཚོད་༧ དང་༨ ཀྱི་བར་ན་ ཕོ་སྐྱེས་དེ་གིས་ ཆབ་གསང་འབད་བར་ འགྱོ་དགོ་པས་ཟེར་སླབ་ལས་ ཁྲིམས་སྲུང་འགག་པ་ཅིག་གིས་ གནས་སྐབས་ཀྱི་ གསང་སྤྱོད་ནང་ ཁྱིད་སོང་སྟེ་ ཕྱི་ཁར་བསྒུགས་སྡོད་ཡོདཔ་ཨིན་པས།
དེ་འབདཝ་ད་ ཁྲིམས་སྲུང་འགག་པ་དེ་གིས་ ཕྱི་ཁར་ཐོན་ཟེར་འབོ་རུང་ ཕོ་སྐྱེས་དེ་ གསང་སྤྱོད་ནང་ལས་ ཐོན་ནི་མེདཔ་ལས་ བལྟ་བར་འགྱོ་བའི་བསྒང་ལས་ རླུང་དོང་ནང་ལས་སྦེ་ཐོན་ཏེ་ བྱོག་སོང་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་ ཉེས་རྩོད་མེན་པར་ ཞི་རྩོད་ཀྱི་ ཉེས་འཛུགས་འབད་ཡོད་མི་ལུ་བརྟེན་ དོ་དམ་ནང་ཡོད་མི་ ཆ་རོགས་གཞན་ཚུ་གི་དོན་ལུ་ བཞེས་སྒོ་འབད་ནི་གི་ འགན་ཁུར་སྤྲོད་དེ་ བཞག་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment