གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་ལུ་ དམར་བསད་ཀྱི་ བཙོན་ཁྲིམས་ལོ་ངོ་༢༠ བཀལ་ཡོདཔ།

༡༠/༥/༢༠༡༢

༉ བཀྲིས་སྒང་རྫོང་ཁག་ནང་ སྐྱེས་ལོ་༤༥ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ཁྱིམ་ཚང་ སྐྱེས་ལོ་༤༠ ལང་མི་ ཨམ་སྲུ་ཅིག་ དམར་བསད་འབད་བའི་ ཉེས་པ་ལུ་བརྟེན་ སྤྱི་ཟླ་༥ པའི་ཚེས་༧ ལུ་ རྫོང་ཁག་ཁྲིམས་འདུན་གྱིས་ ཉེས་ཅན་ལུ་ བཙོན་ཁྲིམས་ལོ་ངོ་༢༠ བཀལ་ནུག།


དེ་ཡང་ ཕོངས་མེད་རྒེད་འོག་ མཐོང་རོང་གཡུས་ཚན་ལས་ ལྟའུ་ཚེ་རིང་གིས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༣༡ གི་ཉིན་མར་ ཉེ་ཚན་ཕོག་མི་ སྐྱེས་ལོ་༤༠ ལང་མི་ ཡེ་ཤེས་སྒྲོལ་མ་དང་ འཐབ་འཛིང་འབད་བའི་ཤུལ་ལུ་ ཨམ་སྲུ་དེ་ དམར་བསད་འབད་ཡོདཔ་ད་ རྩོད་ཟླ་དང་ ཚེ་འདས་༢ འཆམ་མ་ཚུགས་པར་ ལོ་ངོ་༩ དེ་ཅིག་ སོང་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ རྩོད་ཟླ་དེ་ དེ་ཚེ་ཉིན་མར་ ངན་པ་དགུ་འཛོམས་ཨིནམ་ལས་ ཁྱིམ་ཚང་རིན་ཆེན་སྒྲོལ་མའི་ཁྱིམ་ནང་ ཆང་འཐུང་སྟེ་ ཁོ་རའི་ཁྱིམ་ནང་ ལོག་འོངམ་ད་ བྱུང་ཡོད་མི་དེ་ཡང་ རིན་ཆེན་སྒྲོལ་མ་གིས་ ཁོ་ལུ་ ཚེ་རིང་ཕུན་ཚོགས་ཀྱི་ དཀར་ཞིང་མཐའ་སྐོར་ལུ་ རྟ་དཀརཔོ་ཅིག་འདུག་ཟེར་སླབ་ལས་ ས་གནས་དེ་ཁར་ བལྟ་བར་སོང་བའི་སྐབས་ ཚེ་འདས་ཡེ་ཤེས་སྒྲོལ་མ་དེ་ རྟ་འཚོ་ཏེ་ སྟར་གོ་དཀྲུམ་ཟ་སྡོད་སར་མཐོང་ཡོདཔ་་ཨིན་པས།
དེ་བསྒང་ རྩོད་ཟླ་རྟའུ་ཚེ་རིང་མཐོངམ་ཅིག་ ཚེ་འདས་ཀྱིས་ ཁྱོད་རའི་ རྟ་ནོར་སེམས་ཅན་ཚུ་གིས་ གནོད་པ་བཀལ་ཡི་ར་ ངེ་གི་ རྟ་ནོར་སེམས་ཅན་ལུ་ ཁ་བཏངམ་མས་ཟེར་ སླབ་མི་ལུ་བརྟེན་ རྩ་ཕན་༢ ཀྱི་བར་ན་ ཧེ་མ་ལས་ར་ གཅིག་གིས་གཅིག་ལུ་ ངལ་མ་རངས་པར་ཡོདཔ་ལས་ ལགཔ་བཏོན་ཏེ་ འཐབ་འཛིང་འབད་བའི་སྐབས་ རྩོད་ཟླ་དེ་ སའི་གྱེན་ ཐེམ་པ་ཅིག་ལས་མར་ བུད་སོངམ་ད་ ཚེ་འདས་ཀྱི་འོག་ལུ་ཚུད་དེ་ མོ་གིས་ ཁོ་གི་གདོང་གུ་ སེནམོ་གིས་བཞར་ཡོདཔ་མ་ཚད་ རྡོ་ཅིག་འཐུ་ཞིནམ་ལས་ མགུ་ཏོ་གུ་བླུགས་ནི་འབད་ཡོདཔ་ཨིན་རུང་ ཁོ་གིས་ མོ་གི་ལག་པ་ལས་ རྡོ་འཕྱོག་ཞིནམ་ལས་ མགུ་ཏོ་གུ་ཚར་གཅིག་བླུགས་བྱིན་ཏེ་ ཚེ་འདས་དེ་ དྲན་མེད་བཟོ་བཏང་མི་གིས་མ་ཚད་པར་ ད་རུང་ རྡོ་ལན་ཐེངས་༢ བླུགས་བྱིན་ཏེ་ བསད་ཡོདཔ་ཨིན་པས།
དེ་ལས་ རྩོད་ཟླ་དེ་གིས་ ཚེ་འདས་ཡེ་ཤེས་སྒྲོལ་མའི་ ཕུངམོ་འདྲུད་དེ་ ཚལ་མ་ནང་ སྦ་བཞག་ནི་གི་ དཔའ་བཅམ་མི་ལུ་བལྟཝ་ད་ ལྟའུ་ཚེ་རིང་གིས་ ཚེ་འདས་དེ་ ཧེ་མ་ལས་ར་ གསད་ནི་གི་ འཆར་གཞི་བརྩམས་ནུག་ཟེར་ ཚེ་འདས་ཀྱི་ཧོངས་ལས་ ཉེས་བཤེར་འབད་མི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ ཁྲིམས་འདུན་ལུ་ ཞུ་ཡོདཔ་ད་ ཚེ་འདས་ཡེ་ཤེས་སྒྲོལ་མའི་ཕུངམ་དེ་ སྤྱི་ཟླ་༡༢ པའི་ཚེས་༣༡ གི་ནུབ་མོར་ འཐབ་འཛིང་བྱུང་ས་ལས་ མི་ཊར་༢༥༠ གི་ས་ཁར་ གཡུར་བ་ནང་ལས་ ཐོབ་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ རྩོད་ཟླ་ལུ་ བཙོན་ཁྲིམས་ལོ་ངོ་༢༠ བཀལ་བ་གིས་མ་ཚད་ ཚེ་འདས་ཀྱི་ རོ་བསྡུ་དགེ་རྩའི་ཟད་འགྲོ་ཚུ་ རྩིས་རྐྱབ་སྟེ་ རྒུད་འཐུས་་དངུལ་ཀྲམ་༡༥༠,༠༠༠ དུས་ཡུན་ཞག་གྲངས་༣༠ གི་ནང་འཁོད་ རྩོད་ཟླའི་ནང་མི་བཟའ་ཚང་ཚུ་གིས་ ཚེ་འདས་ཀྱི་ ཤུལ་ལུས་ནང་མི་ལུ་ སྤྲོད་དགོཔ་སྦེ་ འཁྲུན་ཆོད་གནང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment