གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།



༉ ཉིན་གྲངས་༤ གི་རིང་ རྒྱལ་ཁབ་ནང་ ལྟ་སྐོར་འོང་མི་ རྒྱ་གར་ལུ་ ཅེཆི་རི་པབ་ལིག་གི་ གཞུང་ཚབ་དང་ ཕྱི་འབྲེལ་བློན་པོ་འོག་མའི་ དམིགས་བསལ་སྐུ་ཚབ་ཨིན་མི་ མི་ལོ་སི་ལེབ་ སི་ཊ་སིག་གིས་ ཁ་ཙ་ ཐིམ་ཕུ་རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ མཇལ་ཕྲད་གནང་ཡི།

འབྲུག་གིས་ ཅེཆི་རི་པབ་ལིག་དང་གཅིག་ཁར་ གཞུང་འབྲེལ་ཐོག་ལས་ དོན་གཅོད་མཐུན་ལམ་དེ་ སྤྱི་ལོ་༢༠༡༡ གི་ཟླཝ་༡༢ པའི་ནང་ འགོ་བཙུགས་ཡོདཔ་ད་ ཅེཆི་རི་པབ་ལིག་གིས་ སྤྱི་ལོ་༢༠༠༠ གི་ སྔ་གོང་ལས་ར་ དོན་གཅོད་མཐུན་ལམ་ གཞི་བཙུགས་ཀྱི་ གསལ་བཤད་འབད་ཡོདཔ་ཨིན་པས།
གཞུང་ཚབ་ཀྱིས་ འབྲུག་དང་ ཅེཆི་རི་པབ་ལིག་གི་བར་ན་ འོས་འབབ་ཆེ་བའི་ མཉམ་འབྲེལ་གནད་དོན་ལེ་ཤ་ཅིག་གི་ཐོག་ལུ་ གསུང་གྲོས་གནང་ཡོདཔ་མ་ཚད་ གནད་དོན་ཆ་མཉམ་ནང་ འབྲུག་དང་གཅིག་ཁར་ མཐུན་ལམ་རྩ་བརྟན་བཟོ་ནི་གི་ རེ་འདོད་ཡོད་ལུགས་ཚུ་ གསལ་བཤད་འབད་ཡོདཔ་ཨིན་པས།
བློན་ཆེན་མཆོག་གིས་ འབྲུག་གིས་ ཅེཆི་རི་པབ་ལིག་བར་ནའི་ མཉམ་འབྲེལ་གནད་དོན་ཚུ་ སེམས་ཀྱི་གདིང་ལས་ར་ རྒྱུ་སྐུལ་ཅན་ཅིག་ཨིན་མས་ཟེར་ གསུངས་ཡོདཔ་མ་ཚད་ འབྲུག་གིས་ གནད་དོན་ལེ་ཤ་ཅིག་ནང་ ཅེཆི་རི་པབ་ལིག་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ལྷབ་དགོ་མནོཝ་ཡོད་ཟེར་ཨིན་པས།
རྒྱ་གར་ལུ་ ཅེཆི་རི་པབ་ལིག་གི་གཞུང་ཚབ་ མི་ལོ་སི་ལེབ་ སི་ཊ་སིག་དེ་ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ འབྲུག་ལས་ ལོག་འགྱོ་ནི་ཨིན་པའི་གནས་ཚུལ།



No comments:

Post a Comment