གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མུ་ཏིག་ཐང་སློབ་གྲྭ་གིས་ པེ་ནཱལ་ཊི་རྐྱབ་ཐོག་ལས་རྒྱལ་ཁ།

པེ་ནཱལ་ཊི་རྐྱབ་པའི་སྐབས་ མུ་ཏིག་ཐང་སློབ་གྲྭ་(ཁེན་འཇར་དམརཔོ་)གིས་ རིན་ཆེན་སློབ་གྲྭ་ནང་ གཱོལ་བཙུགས་པའི་བསྒང་།
༉ ཐིམ་ཕུ་ཁྲོམ་སྡེའི་ མ་དངུལ་གྱི་རྒྱབ་སྐྱོར་ལས་ ཁྲོམ་སྡེ་ནང་འཁོད་ཀྱི་ སློབ་གྲྭ་ཁག་གི་བར་ན་ ཕུཊ་བཱོལ་རྩེད་འགྲན་འབད་བའི་བསྒང་ཡོད་མི་ནང་ ཁ་ཙ་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མ་དང་ རིན་ཆེན་འབྲིང་རིམ་སློབ་གྲྭ་གོང་མའི་བར་ན་ རྩེད་འགྲན་འབདཝ་ད་ མུ་ཏིག་ཐང་གིས་ པེ་ནཱལ་ཊི་རྐྱབ་ཐོག་ལས་ གཱོལ་༡ ཐེབས་བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།


རྩེད་འགྲན་འགོ་བཙུགས་པའི་སྐབས་ སྡེ་ཚན་༢ ཆ་ར་གིས་ རིག་རྩལ་དང་ ལྕོགས་གྲུབ་ཚུ་ བཏོན་ཐོག་ལས་ རྩེད་འགྲན་འབདཝ་ལས་ གཅིག་གིས་གཅིག་ལུ་ གཱོལ་གཅིག་ཡང་ བཙུགས་མ་ཚུགས་རུང་ བར་མཚམས་ཀྱི་ཤུལ་ལས་ ལོག་རྩེད་འགྲན་འབདཝ་ད་ དུས་ཡུན་སྐར་མ་༣༥ ལངམ་ད་ རིན་ཆེན་གྱིས་ གཱོལ་༡ བཙུགས་ཅི།
ཨིན་རུང་ རིན་ཆེན་གྱི་ རྩེད་འགྲན་པ་ཅིག་གིས་ ལམ་ལུགས་དང་མ་འཁྲིལ་བར་ རྩེད་ནི་དེ་གིས་ རེ་ཕི་རི་རྩེད་དཔོན་གྱིས་ མུ་ཏིག་ཐང་ལུ་ པེ་ནཱལ་ཊི་རྐྱབ་ནིའི་ གོ་སྐབས་བྱིན་ཡོདཔ་བཞིན་དུ་ གཱོལ་བཙུགས་ཡོདཔ་ལས་ འདྲན་འདྲ་སྦེ་ ལུས་པའི་བར་ན་ དུས་ཚོད་རྫོགས་སོཔ་ལས་ རྒྱལ་ཕམ་ཕྱེ་མ་ཚུགས།
དེ་ལས་ རྒྱལ་ཕམ་ཕྱེ་ནིའི་དོན་ལུ་ སྡེ་ཚན་རེ་ལས་ རྩེད་འགྲན་པ་༥ རེ་བཏོན་ཏེ་ པེ་ནཱལ་ཊི་རྐྱབ་བཅུག་པའི་སྐབས་ ཆ་མཉམ་གྱིས་ གཱོལ་བཙུགས་ཡོདཔ་ལས་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ད་ ད་རུང་ རྩེད་འགྲན་པ་༢ རེ་བཏོན་ཏེ་ པེ་ནཱལ་ཊི་རྐྱབ་ད་ རིན་ཆེན་ལས་ བཱོལ་མཇུག་རྐྱབ་མི་དེ་གིས་ གཱོལ་བཙུགས་མ་ཚུགསཔ་ལས་ མུ་ཏིག་ཐང་སློབ་གྲྭ་གིས་ གཱོལ་༧ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།
དེ་བཟུམ་སྦེ་ བུམོ་གི་སྡེ་ཚན་ནང་ལས་ ལྕང་སྒང་ཁ་འབྲིང་རིམ་སློབ་གྲྭ་བར་མ་དང་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་བར་ན་ རྩེད་འགྲན་འབདཝ་ད་ དབྱངས་ཅན་ཕུག་གིས་ གཱོལ་༦ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།
ཕུཊ་བཱོལ་རྩེད་འགྲན་ནང་ སློབ་གྲྭ་ཁག་ལས་ བུཚ་གི་སྡེ་ཚན་༡༢ དང་ བུམོ་གི་སྡེ་ཚན་༡༢ ཀྱིས་ བཅའ་མར་གཏོགས་ཡོདཔ་ད་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༥ པའི་ཚེས་༢༡ ལུ་ འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment