གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྦྱོང་བརྡར་དང་ ལཱ་གཡོག་གི་ གོ་སྐབས་གསལ་བཤད།

༡༠/༥/༢༠༡༢

ཐིམ་ཕུ་ན་གཞོན་དཔལ་རི་ལུ་སྦེ་ ལས་གཡོག་བློན་པོ་ 
རྡོ་རྗེ་དབང་འདུས་ཀྱིས་ སྦྱོང་བརྡར་དང་ 
ལཱ་གཡོག་གི་གོ་སྐབས་ གསལ་བཤད་འབད་བའི་བསྒང་།
༉ ལས་གཡོག་ལྷན་ཁག་གིས་ འགོ་འདྲེན་ཐོག་ལས་ ཁ་ཙ་ ཐིམ་ཕུ་ ན་གཞོན་དཔལ་རི་ལུ་སྦེ་ རྒྱལ་ཁབ་ནང་འཁོད་ཀྱི་ སྦྱོང་བརྡར་དང་ ལཱ་གཡོག་གི་ གོ་སྐབས་ཡོད་ལུགས་ཚུ་གི་སྐོར་ལས་ གསལ་བཤད་འབད་བའི་སྐབས་ ལཱ་གཡོག་འཚོལ་མི་ ན་གཞོན་སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡི།


ལས་གཡོག་ལྷན་ཁག་ནང་ སྦྱོང་བརྡར་དང་ ལཱ་གཡོག་གི་དོན་ལུ་ ས་སྟོང་༡,༧༤༨ ཡོད་མིའི་ནང་ ན་གཞོན་བསྡོམས་༡,༦༣༥ ཐོ་བཀོད་འབད་ཡོདཔ་ཨིན་པས།
ད་རེས་ནངས་པ་ ལཱ་གཡོག་ག་ཏེ་ར་ འཚོལ་བར་འགྱོ་རུང་ ལཱ་གི་ཉམས་མྱོང་དགོ་མི་ཙང་ཙ་འབད་ནི་དེ་གིས་ ལས་གཡོག་ལྷན་ཁག་གིས་ ན་གཞོན་ཚུ་ གཡོག་གི་རིག་རྩལ་གྱི་ སྦྱང་བ་འཐོབ་བཅུག་ནིའི་དོན་ལུ་ རྒྱལ་ཁབ་ནང་ཡོད་མི་ རིག་རྩལ་སྤེལ་ཁང་ཚུ་ནང་ སྦྱོང་བརྡར་ཚུ་ བྱིན་དོ་ཡོདཔ་ཨིན་པས།
ན་གཞོན་ལ་ལུ་ཅིག་གིས་ རིག་རྩལ་གྱི་ སྦྱོང་བརྡར་དོན་ལུ་ སྤྲོ་བ་ལེན་མ་བཏུབ་མི་ལུ་བརྟེན་ཏེ་ ས་སྟོང་ཚུ་ དེ་སྦེ་ར་ ལུས་དོ་ཡོདཔ་ཨིན་པས།
ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ མ་འོངས་པའི་རྒྱལ་ཁབ་དེ་ ན་གཞོན་ཚུ་གི་ལགཔ་ཁར་ཨིནམ་ལས་བརྟེན་ ན་གཞོན་ཚུ་ ཡོན་ཏན་ཅན་དང་ སྦྱོང་བརྡར་ཚུ་ ག་དེ་དྲག་དྲག་ བྱིན་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
དེ་འབདཝ་ལས་ ལྷན་ཁག་གི་ཁ་ཐུག་ལས་ ན་གཞོན་ཚུ་ལུ་ སྦྱོང་བརྡར་གྱི་གོ་སྐབས་ ག་དེ་དྲག་དྲག་བྱིན་མི་དེ་ གནད་དོན་དེ་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ ལཱ་གཡོག་འཚོལ་མི་དེ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
ན་ཧིང་གི་ལོ་ནང་ ལཱ་གཡོག་འཚོལ་མི་ ན་གཞོན་༡༧,༤༠༠ དང་ དུས་ཅི་གི་ལོ་ནང་༡༨,༧༠༠ ཡོདཔ་ད་ སྤྱི་ལོ་༢༠༡༧ ལས་ ལཱ་གཡོག་འཚོལ་མི་༢༧,༠༠༠ དེ་ཅིག་ འཐོན་ནི་མས་ཟེར་ ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ བཤདཔ་ཨིན་པས།
དེ་འབདཝ་ད་ ན་ཧིང་གི་ ལོ་དང་ཕྱདཔ་ད་ ལཱ་གཡོག་གི་ སྦྱོང་བརྡར་གོ་སྐབས་དེ་ དུས་ཅི་ མང་སུ་ཡོདཔ་ཨིན་པས།
སློབ་རིམ་༡༠ པ་དང་༡༢ པ་ མཐར་འཁྱོལ་བའི་ཤུལ་ལུ་ ཕྲངམ་ཕྲང་ས་ར་ ལཱ་གཡོག་ནང་ འཛུལ་ནི་མེན་པར་ ལག་རྩལ་གྱི་སྦྱོང་བརྡར་ཚུ་འབད་དེ་ འཛུལ་ཞུགས་འབད་བ་ཅིན་ ཤུལ་ལས་ གཡོག་སོར་ཏེ་ འགྱོ་དགོཔ་འཐོན་རུང་ ཁེ་ཕན་སྦོམ་ཡོད་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་དང་གཅིག་ཁར་ ཐོ་བཀོད་འབད་དེ་ཡོད་མི་ ཀརྨ་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ སྨན་ཁང་ནང་གི་ སྨན་གཡོགམོ་གི་དོན་ལུ་ སྤྲོ་བ་ཡོད་ནི་དེ་གིས་ སྨན་གཡོགམ་གི་དོན་ལུ་ ཐོ་བཀོད་འབད་ཡི་ཟེར་ཨིན་པས།
ད་རེས་ཀྱི་ སྦྱོང་བརྡར་ལས་རིམ་དེ་ སློབ་རིམ་༡༠ པ་དང་༡༢ པ་ མཐར་འཁྱོལ་མི་ཚུ་གི་དོན་ལུ་ཨིན་རུང་ སྦྱོང་བརྡར་གྱི་དོན་ལུ་ ཕྱི་སེལ་རྐྱབ་ནི་དེ་ ད་རིས་དང་ནངས་པར་ འབད་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment