གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རླུང་དར་ཚུ་ ཕྱི་རྒྱལ་ལུ་ ཁྱོསམ་སྦེ་འབག་དོ་ཡོདཔ།

རང་ཟླ་༣ པའི་ཚེས་༢༡ 
༡༡/༥/༢༠༡༢


དཀོན་གཉེར་རྡོ་རྗེ་ཚེ་རིང་གིས་ རླུང་དར་གྱི་ རབ་གནས་གནང་པའི་བསྒང་།
༉ ད་རེས་ནངས་པ་ རྒྱལ་ཁབ་ནང་ ལྟ་བཤལཔ་འོང་མིའི་གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་སོང་མི་དང་འབྲེལ་ རྒྱལ་ཁབ་ཀྱི་ལམ་སྲོལ་དང་ ནང་པའི་བསྟན་པ་ལུ་ དེད་མོས་དང་ ཡིད་ཆེས་བསྐྱེད་མི་ཡང་ མང་སུ་ཐོན་དོ་ཡོདཔ་ཨིན་པས། 


དེ་ཡང་ སྤྱི་ཟླ་༥ པའི་ཚེས་༩ ལུ་ ཐིམ་ཕུ་ དབང་འདུས་རྩེ་ལྷ་ཁང་ནང་ ཨེ་མི་རི་ཀ་རྒྱལ་ཁབ་ལས་ཨིན་མི་ བཟའ་ཚང་ཅིག་གིས་ རླུང་དར་དོས་ཅིག་ རབ་གནས་ཞུ་ནིའི་དོན་ལུ་ ལྷ་ཁང་ནང་ ལྷོད་པའི་ཤུལ་ལུ་ རབ་གནས་ཞུ་ནིའི་སྐོར་ལས་ དཀོན་གཉེར་ལུ་ རྫོང་ཁ་མ་ཤེས་ནི་དེ་གིས་ ཕྱི་ཁར་སྒུག་སྡོད་ཡི་ཟེར་ ཁོང་གིས་ སླབ་ཨིན་པས།
དེ་བསྒང་ ཀུན་གསལ་གྱི་ གནས་ཚལ་བསྡུ་ལེན་པ་གིས་ དོར་ཁ་སྒྱུར་ཏེ་ དཀོན་གཉེར་ལུ་ སླབ་ཞིནམ་ལས་ དཀོན་གཉེར་གྱིས་ རབ་གནས་ཀྱི་ གྲ་སྒྲིག་འབད་སར་མཐོང་སྟེ་ ཁོང་༢ དགའ་འཛུམ་སྟོན་སར་མཐོང་ཡི།
ཁོང་༢ ཀྱིས་འབད་བ་ཅིན་ ལམ་སྟོན་པ་དེ་ ཁྲོམ་ཁར་ལུས་སོ་ནི་དེ་གིས་ ཁོང་རའི་ ཕོག་ཚོད་གུ་བཀལ་ཏེ་ ལྷ་ཁང་གི་ས་གོ་ནང་ ལྷོད་པའི་ཤུལ་ལས་ ཕྱི་ཁར་ ལམ་སྟོན་པ་ལུ་ སྒུག་སྡོད་དེ་ དུས་ཡུན་ལེ་ཤ་སོང་རུང་ མ་ལྷོད་ནི་དེ་གིས་ ཨིང་ལིཤ་སླབ་ཤེས་མི་ལས་ གྲོགས་རམ་ལེན་དགོཔ་ཐོན་ཡི་ཟེར་ཨིན་པས།
དཀོན་གཉེར་རྡོ་རྗེ་ཚེ་རིང་གིས་ ལྷ་ཁང་གི་ ནང་རྟེན་གཙོ་ཅན་ སྟོན་པའི་སྐུ་འདྲ་ ཐོག་ཚད་ཕིཊ་༡༢ དེ་ཅིག་འབད་མིའི་ སྐུ་མདུན་ལུ་ རླུང་དར་ཚུ་བཞག་སྟེ་ རབ་གནས་ཀྱི་ གསུང་ཆོག་འགོ་བཙུགས་པའི་སྐབས་ ཌེཔ་ ཀེ་ལེམ་དང་ ཁོ་རའི་ཨམ་སྲུ་ ཧེ་ཀེ་ལེམ་༢ སྤུ་མོ་ས་ཁར་བཙུགས་ ལགཔ་ཐལ་མོ་སྦྱར་ཏེ་ སྨོན་ལམ་བཏབ་ཐོག་ལས་ རབ་གནས་གནང་མི་བླམ་ལུ་ ལེགས་ཤོམ་སྦེ་ ལྟ་སྡོདཔ་ཨིན་པས།
དུས་ཡུན་སྐར་མ་༡༥ ལྷག་ཅིག་ རབ་གནས་གནང་བའི་ཤུལ་ལས་ ཁོང་གཉིས་ཀྱིས་ ཕྱག་འགྱེདཔ་དངུལ་ཀྲམ་༡༥༠ དེ་ཅིག་ཕུལ་ཏེ་ རླུང་དར་ཚུ་ ལེན་ཞིནམ་ལས་ ཕད་ཅུང་ནང་ བཙུགས་ཡོདཔ་ད་ རླུང་དར་ཚུ་ འབྲུག་ལུ་འཕྱར་ནི་མེན་པར་ ཨེ་མི་རི་ཀ་ལུ་ ཁྱོསམ་སྦེ་ འབག་ནིའི་དོན་ལུ་ཨིན་པས།
ཌེཔ་གིས་ སླབ་མིའི་ནང་ རླུང་དར་དེ་ ཨེ་མི་རི་ཀ་ལུ་ཡོད་པའི་ ཁོང་གཉིས་ཀྱི་ བཟའ་ཚང་དང་ ཆ་རོགས་ཚུ་ལུ་ ཁྱོསམ་སྦེ་ འབག་ནི་ཟེར་ཨིནམ་ད་ དེ་ཡང་ ཁོང་གིས་ རླུང་དར་ལུ་ དད་མོས་ཡོད་ནི་དེ་གིས་ཨིན་ཟེར་ཨིནམ་ད་ དེའི་སྐོར་ལས་ ཧེ་མ་ འབྲུག་ལུ་འོང་མི་ ལྟ་བཤལཔ་ཚུ་གིས་ཡང་ རླུང་དར་ཚུ་ ཁྱོསམ་སྦེ་འབག་འོང་མི་ལུ་ མི་ཚུ་གིས་ དད་མོས་སྦོམ་བསྐྱེད་སར་ མཐོང་ཡི་ཟེར་ཨིན་པས།
ཌེཔ་གིས་ ཁྱོསམ་སྦེ་འབག་མི་ རླུང་དར་ཚུ་ བཟའ་ཚང་༧ དེ་ཅིག་ལུ་ ཁྱབ་ཚུགས་པའི་རེ་བ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ མ་གཞི་ ཁོང་གཉིས་ནང་པའི་ཆོས་ལུ་ ཡིད་ཆེས་ཡོད་རུང་ ཆོས་འབད་ནི་ འགོ་མ་བཙུགས་ཟེར་ཨིནམ་ད་ རླུང་དར་དེ་ ཁྱིམ་གྱི་གདོང་ཁར་ འཕྱར་བའི་སྐབས་ འབྲུག་ལུ་སྡོད་པའི་ ཚོར་སྣང་འབྱུང་ནི་ལུ་ཡང་ ཕན་ཐོགས་ནི་མས་ཟེར་ཨིན་པས།
ཁོང་གཉིས་རྒྱལ་ཁབ་ནང་ བདུན་ཕྲག་༡ དེ་ཅིག་ སྡོད་པའི་ཤུལ་ལས་ ཁ་ཙ་ ལོག་ཨེ་མི་རི་ཀ་ལུ་ སོང་ཡོདཔ་ད་ ཁོང་གཉིས་ཀྱིས་སླབ་མིའི་ནང་ འབྲུག་གི་ ས་ཆ་ཚུ་ ག་ནི་བ་ མཛེས་པའི་ཁར་ མི་དང་ལམ་སྲོལ་ཚུ་ཡང་ གཞན་དང་མ་འདྲཝ་སྦེ་ ཡོད་ནི་དེ་གིས་ ད་རུང་ ལོག་འོང་ནིའི་ སྨོན་ལམ་བཏབ་ཅི་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment