གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་༣ པ་གིས་ ཐོ་བཀོད་ཀྱི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ།

༨/༥/༢༠༡༢

སྲིད་ཚོགས་ཀྱིས་འབད་བ་ཅིན་ ཚོགས་པའི་གཙོ་འཛིན་དེ་ གཏན་འཁེལ་མ་བཟོ་བར་ཡོད་ཟེར་ཨིན་པས།

༉ སྲིད་ཚོགས་གསུམ་པ་ འབྲུག་མཉམ་རུབ་ཚོགས་པ་ ལུགས་མཐུན་ཐོག་ལས་ གཞི་བཙུགས་འབད་དེ་ ཉིན་གྲངས་གསུམ་སོང་ཡོདཔ་བཞིན་དུ་ ད་རེས་ནངས་པ་ སྲིད་ཚོགས་དེ་གི་ འཐུས་མི་ཚུ་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།


ཨིན་རུང་ ཐོ་བཀོད་མ་འབད་བའི་ཧེ་མར་ སྲིད་ཚོགས་ཀྱི་ སྒྲིག་བཀོད་འབད་ནི་དང་ ཚོགས་པའི་གཙོ་འཛིན་དང་ འདེམས་ངོ་ འཐུས་མི་ དེ་ལས་ ཚོགས་པའི་ཚོགས་ཆུང་ཚུ་ གཏན་འཁེལ་བཟོ་དགོཔ་ཡོདཔ་ཨིན་པས།
ང་བཅས་ཀྱིས་ གཙོ་འཛིན་ཅིག་ ངོས་འཛིན་འབད་ཡོདཔ་བཞིན་དུ་ མི་ངོ་དེ་གིས་ཡང་ ཁས་ལེན་འབད་དེ་ཡོདཔ་ཨིན་རུང་ གནས་ཚུལ་གསར་ཤོག་ཅིག་ནང་ གསལ་བཀོད་འབད་མི་ རྡོ་རྗེ་ཆོས་སྒྲོན་མེན་ཟེར་ ལས་བྱེད་ཚོགས་པའི་ འཐུས་མི་༩ ཡོད་མི་ལས་༡ གིས་ བཤདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༦ གི་ཕྱི་རུ་ བརྒྱུད་འཕྲིན་ཐོག་ལས་ དྲི་བ་དྲིས་ལན་འབདཝ་ད་ རྡོ་རྗེ་ཆོས་སྒྲོན་གྱིས་ མོ་ ཚོགས་པ་དེ་གི་ གཙོ་འཛིན་མེན་ཟེར་ གཏན་འཁེལ་བཟོ་ཡོདཔ་ད་ ད་ལྟོ་ མོ་ར་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ ཡུ་ཨེན་ཌི་པིའི་ དབུལ་ཕོངས་དང་ ལོ་སྟོང་གོང་འཕེལ་སྡེ་ཕྲན་གྱི་ གནས་བཞུགས་སྐུ་ཚབ་ལས་རོགས་སྦེ་ ལཱ་འབདཝ་ཨིན་པས།
ང་གིས་ འབྲུག་མཉམ་རུབ་ཚོགས་པ་དེ་ ད་ལྟོ་ གཞི་བཙུགས་འབད་བའི་བསྒང་ཨིནམ་ ཤེས་མི་དེ་ཡང་ ཚོགས་པའི་ནང་ འཐུས་མི་དག་པ་ཅིག་ མོ་གི་ ཆ་རོགས་འཆམ་ཏོག་ཏོ་ཡོད་ནི་དེ་གིས་ཨིན་རུང་ ཚོགས་པའི་སྲིད་འཛིན་ཕར་བཞག་ མོ་ འདེམས་ངོ་ཡང་མེན་ཟེར་ རྡོ་རྗེ་ཆོས་སྒྲོན་གྱིས་ བཤད་པའི་ཁར་ གསར་ཤོག་ཅིག་ནང་ མོ་ ཚོགས་པ་དེ་གི་ གཙོ་འཛིན་ཨིན་པའི་ གསལ་བཀོད་འབད་མི་ལུ་བལྟ་སྟེ་ རྣམ་རྟོག་ལང་ཡི་ཟེར་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ མོ་ར་ ཡུ་ཨེན་ཌི་པིའི་ ལས་བྱེདཔ་ཅིག་འབད་བ་ལུ་བརྟེན་ ད་ལྟོ་སྐབས་ཅིག་ སྲིད་དོན་ནང་ འཛུལ་ནི་གི་ མནོ་བསམ་ར་ བཏང་བཏངམ་མེད་ཟེར་ཨིན་པས།
ཚོགས་པའི་ལས་བྱེད་འཐུས་མི་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ ཚོགས་པའི་གཙོ་འཛིན་གྱི་དོན་ལུ་ མི་ངོ་ངོས་འཛིན་རྐྱངམ་གཅིག་འབད་ནི་མ་གཏོགས་ འདེམས་བསྐོ་འབད་ནི་གི་ དབང་ཚད་མེད་ཟེར་ཨིནམ་ད་ བཅའ་ཁྲིམས་དང་འཁྲིལ་བ་ཅིན་ མི་ངོ་དེ་ དང་པ་ར་ འཛིན་སྐྱོང་ཚོགས་ཆུང་གིས་ གདམ་འཐུ་འབད་ཞིནམ་ལས་ ཚོགས་པའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ ཆ་འཇོག་འགྲུབ་དགོཔ་བཞིན་དུ་ གལ་སྲིད་ འོས་འབབ་ལྡན་པའི་ མི་ངོ་གཉིས་ལས་ལྷག་སྟེ་ཡོད་པ་ཅིན་ བཙག་འཐུ་འབད་དགོ་ཟེར་ཨིན་པས།
ད་ལྟོ་ ང་བཅས་ཀྱིས་ གཙོ་འཛིན་གྱི་དོན་ལུ་ ངོས་འཛིན་འབད་མི་དེ་ མི་སྡེ་དང་འབྲེལ་བའི་ དམངས་གཙོའི་ལྟ་བ་ལུ་ ཆ་བཞག་མི་ཅིག་ཨིན་ཟེར་ འཐུས་མི་ཅིག་གིས་ བཤད་པའི་ཁར་ བྱ་སྒོའི་རིམ་པ་ཚུ་ག་ར་ ཚང་ཞིནམ་ལས་ གཙོ་འཛིན་དེ་ མི་མང་ལུ་ གསལ་བསྒྲགས་འབད་ནི་ཟེར་ བཤདཔ་ཨིན་པས།
འདེམས་ངོ་ཚུ་གི་ཐད་ལུ་ ད་ལྟོ་ འདེམས་ཁོངས་༡༢ དེ་ཅིག་གི་ མི་ངོ་ཚུ་ ངོས་འཛིན་འབད་དེ་ཡོད་མིའི་གྲས་ལས་༤ དེ་ཅིག་ ཨམ་སྲུ་ཨིནམ་ད་ འདེམས་ཁོངས་གཞན་ཚུ་གི་དོན་ལས་ ཁོང་ལུ་ འོས་འབབ་ཅན་གྱི་ མི་ངོ་ཚུ་གི་ ཐོ་ཡིག་ཅིག་ བཟོ་སྟེ་ཡོད་ཟེར་ འཐུས་མི་ཅིག་གིས་ བཤདཔ་ཨིན་པས།
ང་བཅས་ཀྱིས་ འོས་འབབ་ཅན་གྱི་ མི་ངོ་ཚུ་དང་ གྲོས་བསྟུན་འབད་ནི་གི་ བྱ་སྒོའི་རིམ་པ་ཚུ་ སྒྲིག་པའི་བསྒང་ཡོདཔ་མ་ཚད་ འདེམས་ཁོངས་ལ་ལུ་ཅིག་ནང་ མི་ངོ་༣ ལྷགཔ་སྦེ་ཡོདཔ་ལས་ གྲོང་གསེབ་མི་སེར་ཚུ་ལུ་ འོས་ལྡན་གྱི་ འདེམས་ངོ་གདམ་འཐུ་འབད་དགོཔ་སྦེ་ གྲོས་བསྟུན་འབད་བའི་བསྒང་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁམ་ཤིང་མེ་ཏོག་ཤར་མི་དེ་ འབྲུག་མཉམ་རུབ་ཚོགས་པའི་ ལས་རྟགས་ཨིནམ་ད་ ཚོགས་པའི་ལྟ་བ་དེ་ཡང་ གཅིག་མཐུན་དང་ དལ་དབང་ དྲང་བདེན་གྱི་ གཞི་རྩ་གསུམ་ལུ་ གཞི་བཞག་ཐོག་ལས་ མི་སྡེ་ལུ་ གཙོ་བོར་བཏོན་ཏེ་ དམངས་གཙོའི་རིང་ལུགས་ གོང་འཕེལ་གཏང་ནི་ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment