གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་བཞིན་གྱི་ ལུད་བླུགས་ཞིནམ་ལས་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་དེ་ དོ་འགྲན་ཅན།

༡༢/༠༥/༡༢
ནོར་གྱི་ཆུ་དང་གཅིག་ཁར་ ཨེ་ཕྱེ་དང་ ཐིང་ངེའི་ཕྱེ་ཚུ་ སླ་བསྲེ་རྐྱབ་སྟེ་ ལྡུམ་ར་ནང་ གཏོར་བ་ཅིན་ ལུད་སྦེ་བཏུབ་པའི་ཁར་ སྨན་སྦེ་ཡང་ ལག་ལེན་འཐབ་བཏུབ་པས་ཟེར་ཨིན་པས།
ལྡུམ་ར་ནང་ གཏོར་ནིའི་དོན་ལུ་ བསགས་བཞག་མི་ ནོར་གྱི་ཆུ།
 

༉ མི་སེར་སོ་ནམ་པ་ཚུ་གིས་ རང་བཞིན་གྱི་ ལུད་བླུགས་ཏེ་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་དེ་ ལཱ་ཁག་ཡོད་པའི་ཁར་ རྫས་སྦྱོར་གྱི་རིགས་གཞན་ཚུ་ ལག་ལེན་འཐབ་སྟེ་ འཛུགས་སྐྱོང་འབད་མི་དང་ཕྱདཔ་ད་ སྐྱེ་ནི་ཡང་ དུས་ཚོད་ཡུན་རིང་འགོརཝ་མས་ཟེར་ཨིན་པས།
དེ་ཡང་ མི་སེར་སོ་ནམ་པ་ཚུ་གིས་ རང་བཞིན་གྱི་ ཚོད་བསྲེ་འཛུགས་སྐྱོང་འབད་བའི་སྐབས་ ལུད་ཀྱི་རིགས་འབད་རུང་ རང་བཞིན་གྱིས་བཟོ་མི་ ལུད་ཚུ་མ་གཏོགས་ གཞན་ལག་ལེན་འཐབ་ནི་མེད་པའི་ཁར་ གནོདཔ་བཀལ་མི་ འབུབ་ཚུ་གི་དོན་ལུ་ སྨན་ག་ནི་ཡང་མེདཔ་ལས་ ལཱ་ཁག་ཤོས་ར་ དེ་ཨིན་རུང་ ཐབས་ཤེས་གསརཔ་ཅིག་ ཐོབ་ཡོདཔ་ཨིན་པས།


བུམ་ཐང་ལུ་ རང་བཞིན་གྱི་ཚོད་བསྲེ་འཛུགས་སྐྱོང་འབད་མི་ མི་སེར་སོ་ནམ་པའི་ ཚོགས་པ་ཚུ་གིས་ སྨན་གྱི་དོན་ལུ་ ཐབས་ཤེས་འཇམ་ཤོས་ཅིག་ ནོར་གྱི་ཆུ་བསགས་བཞག་སྟེ་ ལྡུམ་ར་ནང་ གཏོར་དོ་ཡོདཔ་ལས་ དེ་གིས་ ཕན་ཐོགས་སྦོམ་འདུག་ཟེར་ ཚོད་བསྲེའི་ ལཱ་འབད་མི་ཚུ་གིས་ བཤདཔ་ཨིན་པས།
ལྕམ་མཁར་རྒྱལ་མཁར་ལུ་ཡོད་མི་ སེམས་མཐུན་རང་བཞིན་ཚོད་བསྲེ་ཚོགས་པའི་ འཐུས་མི་བསོད་ནམས་རིན་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ ལོ་ངོ་གསུམ་དེ་ཅིག་གི་ཧེ་མར་ ཚོགས་པ་གཞི་བཙུགས་འབད་བའི་སྐབས་ སྨན་ལུད་ཚུ་ ག་ནི་ཡང་ གཏོར་ནི་མེདཔ་ལས་ ཚོགས་པ་གིས་ ཚོད་བསྲེ་ལུ་ གནོདཔ་བཀལ་མི་ འབུབ་ཚུ་གི་དོན་ལུ་ གླང་ལེབ་ཆུ་ནང་ སྦང་བཞག་སྟེ་ དེ་གི་ཆུ་ཚུ་ ལྡུམ་ར་ནང་ གཏོར་ནི་གི་ ཐབས་ཤེས་བཏོན་ཡོད་རུང་ ཕན་ཐོགས་སྦོམ་མེདཔ་ལས་ ཚོད་བསྲེ་མང་ཤོས་ར་ འབུབ་ཚུ་གིས་ གནོདཔ་བཀལ་ཡོདཔ་ཨིན་པས།
ཁོ་གིས་ གླང་ལེབ་ཀྱི་ཆུ་གིས་ འབུབ་ཚུ་གི་ པགས་ཀོ་འཇམ་ལྕུག་ལྕུ་ཡོད་མི་ཚུ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་རུང་ པགས་ཀོ་ས་ཀྲག་ཀྲ་ཡོད་མི་ཚུ་ལུ་ མ་ཕན་ནི་དེ་གིས་ ན་ཧིང་ལས་ ནོར་གྱི་ཆུ་ བསག་ནི་འགོ་བཙུགས་ཡོདཔ་ད་ དེ་གིས་ འབུབ་ག་ར་ལུ་ ཕན་པས་ཟེར་ཨིན་པས།
བསོད་ནམས་ཀྱིས་ ཚོགས་པ་གི་ ལྡུམ་ར་ཨེ་ཀར་ཕྱེད་དང་༢ ནང་ གཏོར་ནིའི་དོན་ལུ་ ཁོ་རའི་ ཇར་སི་ནོར་༥ ཡོད་མིའི་ ཆུ་ཚུ་ བསག་ནི་གི་དོན་ལུ་ ནོར་ཁྱིམ་གྱི་འོག་ལུ་ དོང་བཟོ་སྟེ་ཡོདཔ་ད་ དེ་ནང་ལས་ ནམ་དགོཔ་ཅིག་ དབོག་འབག་སྟེ་ གཏོརཝ་ཨིན་ཟེར་སླབ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ནོར་གྱི་ཆུ་དང་གཅིག་ཁར་ ཨེ་ཕྱེ་དང་ ཐིང་ངེའི་ཕྱེ་ དེ་ལས་ དྲིནམ་མནམ་མི་གི་ ཧོན་སྡོང་གི་རིགས་ཚུ་ སླ་བསྲེ་རྐྱབ་སྟེ་ ལྡུམ་ར་ནང་ གཏོར་མི་དེ་གིས་ སྨན་སྦེ་བཏུབ་པའི་ཁར་ ཚོད་བསྲེ་ལུ་ཡང་ ལུད་སྦེ་བཏུབ་པས་ཟེར་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment