གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྒྲ་དབྱངས་ཀྱིས་ ཤར་ཕོ་རྒྱ་ཡུ་ནའི་ཊེཌི་དང་ བྱ་ཕོ་ལ་སྡེ་ཚན་གཉིས་ལས་ རྒྱལ་ཁ་ཐོབ་ཡོདཔ།

རང་ཟླ་༣ པའི་ཚེས་༢༡ 
༡༡/༥/༢༠༡༢

བར་སྦིས་སའི་འབའ་སྐྱོར་ནང་ རྩེན་འགྲན་འབད་བའི་བསྒང་།
༉ བར་སྦིས་ས་ལུ་སྦེ་ ད་ལྟོ་ འགོ་འདྲེན་འཐབ་བཞིན་དུ་ཡོད་པའི་ གཡང་འཕེལ་མདའ་རྩེད་ལམ་ལུགས་ཐོག་གི་འགྲན་བསྡུར་ནང་ ཁ་ཙ་ ཉི་མ་ འབྲུག་སྒྲ་དབྱངས་དང་ ཤར་ཕོ་རྒྱ་ཡུ་ནའི་ཊེཌི་ དེ་ལས་ བྱ་ཕོ་ལ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་སྒྲ་དབྱངས་ཀྱིས་ སྐོར་ཐེངས་༡༥ ནང་ སྐུགས་༣ ཆོད་དེ་ རྒྱལ་ཁ་ཐོབ་ཅི།


འབྲུག་སྒྲ་དབྱངས་ཀྱི་སྐུགས་དང་པ་ཆོད་པའི་སྐབས་ ཤར་ཕོ་རྒྱ་ཡུ་ནའི་ཊེཌི་གིས་ སྐུགས་༡ དང་ གཞན་མི་སྡེ་ཚན་གྱིས་སྐུགས་༣ ལས་བརྒལ་ཐོབ་མ་ཚུགསཔ་ད་ སྐུགས་༢ པ་ཆོད་པའི་སྐབས་ བྱང་ཕྱད་སྡེ་ཚན་༢ ཀྱིས་ སྐུགས་གཅིག་ཡང་ཐོབ་མ་ཚུགསཔ་ཨིན་པས།
འབྲུག་སྒྲ་དབྱངས་སྡེ་ཚན་གྱིས་ བཀག་རེག་གཅིག་ཤུལ་གཉིས་རྐྱབ་སྟེ་ སྐུགས་༣ པམ་ཆོདཔ་ད་ ཤར་ཕོ་རྒྱ་ཡུ་ནའི་ཊེཌི་གིས་ སྐུགས་༡ ཐོབ་རུང་ གཞན་མི་སྡེ་ཚན་གྱིས་ སྐུགས་གཅིག་ཡང་ཐོབ་མ་ཚུགསཔ་ཨིན་པས།
སྐོར་ཐེངས་༡༥ གི་ནང་འཁོད་ལུ་ འབྲུག་སྒྲ་དབྱངས་སྡེ་ཚན་གྱིས་ བཀག་རེག་༢༩ དང་ཤར་ཕོ་རྒྱ་ཡུ་ནའི་ཊེཌི་གིས་ བཀག་རེག་༢༢ དེ་ལས་ གཞན་མི་སྡེ་ཚན་གྱིས་ བཀག་རེག་༡༤ ཕོག་ཡོདཔ་ཨིན་པས།
ལིག་སྐོར་ཐེངས་དེ་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་མཇུག་བསྡུ་ཞིནམ་ལས་ ཕྱིར་འབུད་ནོག་ཨའུ་ཊི་གི་རྩེད་འགྲན་འགོ་བཙུག་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment