གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུན་སུམ་ཚོགས་པ་གིས་ ལྡོག་ཕྱོགས་ཀྱི་འགན་ཁུར་དེ་ འཛམ་གླིང་ནང་ དཔེ་སྟོན་བཏུབ་བཟོ་ནི།

༡༦/༧/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་འབད་བ་ཅིན་ བཀབ་ནེ་སོར་བའི་སྐབས་ལུ་ ངོ་ཚ་དགོཔ་ག་ནི་ཡང་མེད་ཟེར་ཨིནམ་ད་ དེ་ཚུ་ག་ར་ མནོ་བསམ་བཏང་པ་ཅིན་ རྫུས་མ་ཨིན་ཟེར་ཨིན་པས།


དེ་ཡང་ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་ བློན་ཆེན་བགྲེསཔ་གིས་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་གི་ འབྲུག་ཕུན་སུམ་ཚོགས་རྒྱབ་སྐྱོར་པ་ཚུ་ལུ་ ས་གནས་མོང་སྒར་ལུ་ཕྱད་གནང་པའི་སྐབས་ལུ་ མི་སེར་རྒྱབ་སྐྱོར་པ་༤༠༠ དེ་ཅིག་ལུ་ བཤད་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་གཞུང་གིས་ གཞུང་སྐྱོང་གིས་བཙག་འཐུ་མ་འགྲུབ་ལས་ ལྡོག་ཕྱོགས་ཀྱི་ཕྱག་འགན་འབག་ནི་ལུ་ ངོ་ཚ་དགོཔ་དང་ སེམས་ཕམ་དགོཔ་མེད་ཟེར་ཨིན་པས།
དེ་ཡང་ མི་སེར་ཚུ་གིས་ གཙོ་འཛིན་ཞུ་མིའི་ནང་ དུས་ཅི་ སྤྱི་ཚོགས་༢ པའི་བཙག་འཐུ་ལས་ འབྲུག་ཕུན་སུམ་ཚོགས་པ་ཕམ་མི་ལུ་བརྟེན་ སེམས་ཤིཝ་མེན་པར་ མི་སེར་ཚུ་གིས་ སྲི་དཀྲོག་ཕུངས་དཀྲོག་ཐོག་ལས་ ངན་ལྷད་ཐོག་ལས་ ལཱ་འབད་ཡོདཔ་མ་ཚད་ མི་སེར་ལ་ལུ་ཅིག་གིས་ མི་སེར་ཚུ་དཀྲོགས་མི་ལུ་བརྟེན་ སེམས་ཕམ་སྦོམ་བྱུང་ཡི་ཟེར་ཨིན་པས།
དེ་མ་ཚད་ མི་སེར་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་སྦེ་ གནས་སྟངས་དེ་ དུས་ཅི་ལས་འཐོན་ནིའི་ འགོ་བཙུགས་ཡོདཔ་ལས་བརྟེན་ གནས་སྟངས་དེ་བཟུམ་ལུ་ཐུག་པ་ཅིན་ མ་འོངས་པ་ལུ་ རྒྱལ་ཁབ་ནང་ སྟབས་མ་བདེཝ་སྦོམ་ འཐོན་སྲིད་ནི་ཨིནམ་ལས་ ད་ལྟོ་ལས་ར་ དེ་བཟུམ་གྱི་ དུས་ཤར་བཅུག་ནི་མི་འོང་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ རང་མོས་རྣམ་དག་ཐོག་ལུ་ ཕོག་པའི་ལྡོག་ཕྱོགས་ཀྱི་ འགན་འཁྲི་མ་ཕོགཔ་བཟུམ་ཡོདཔ་ལས་ རྒྱབ་བཤུད་རྐྱབ་དགོ་ཟེར་ཞུ་མི་ལུ་ གཙོ་འཛིན་གྱིས་ ལྡོག་ཕྱོགས་ཀྱི་འགན་འཁྲི་དེ་ གཞུང་གིས་ ལམ་སྟོན་འབད་དགོཔ་ལས་ འགན་འཁྲི་དེ་ ལེགས་ཤོམ་ཨིནམ་ལས་ འཛམ་གླིང་དེ་ ལོ་༥ འི་རིང་ལུ་ འཛམ་གླིང་ནང་དཔེ་བལྟ་བཏུབ་ཅིག་བཟོ་ནི་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ ལོ་༥ འི་རིང་ལུ་ དམངས་གཙོའི་རིང་ལུ་ འགོ་བཙུགས་པའི་སྐབས་ལུ་ འཛམ་གླིང་ནང་ དཔེ་སྟོན་བཏུབ་པའི་ དམངས་གཙོའི་གཞུང་འགོ་བཙུགས་གནང་ཡོདཔ་ལས་ ལྡོག་ཕྱོགས་ཀྱི་ཕྱག་འགན་འབད་རུང་ དཔེ་སྟོན་བཏུབ་པའི་ ལྡོག་ཕྱོགས་ཀྱི་འགན་ཁུར་འབག་ནི་ཨིནམ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་དང་ ལྡོག་ཕྱོགས་༢ ནང་ར་ ཕྱག་ཞུ་བའི་ཉམས་མྱོང་ལུ་བརྟེན་ འབྲུག་སུམ་ཚོགས་པའི་གཞུང་ཡང་ དམངས་གཙོའི་བསྟན་པ་མ་རྫོགས་ཀྱི་བར་དུ་ གནས་འོང་ཟེར་ཨིན་པས།
དམངས་གཙོའི་གཞུང་དེ་ འགོ་བཙུགས་པའི་བསྒང་ལས་ སྟབས་མ་བདེཝ་དང་ ཕུངས་ཚུ་འཐོན་སྲིད་ནི་ཨིནམ་ལས་ མི་སེར་ཚུ་འབད་རུང་ བཟང་ངན་གྱི་ རིག་པ་བཏག་དགོ་ཟེར་ཨིནམ་ལས་ ལྡོག་ཕྱོགས་ཀྱི་འགན་ཁུར་འབག་སྟེ་ ཐབས་ཤེས་དང་ རིག་པ་སྣ་ཚོགས་ཀྱི་འགོ་ལས་ གཞུང་ལུ་ལམ་སྟོན་དང་ རྒྱབ་སྐྱོར་གང་དྲགས་འབད་དེ་ རྒྱལ་ཁབ་དང་ མི་སེར་གྱི་དོན་ལུ་ འགན་འཁྲི་ལེགས་ཤོམ་འབག་སྟེ་ སངས་རྒྱས་དང་ བསྟན་པ་ལུ་ཕན་ཐོགས་ཚུགསཔ་འབད་ནི་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

1 comment:

  1. ང་བཅས་མི་སེར་ཚུ་ལུ་འདི་བཟུམ་གྱི་དཀའ་སློབ་བཟང་པོ་གསུངས་གནང་མི་འདི་ལུ་ བློན་ཆེན་བགྲེསཔ་ལུ་ རྣམ་ཡང་རྗེ་མ་བཏུབ་པའི་བཀྲིན་དགའ་འཚོར་བསམ་ནི་ཟེར་ཞུ་ནི་། དེ་འབདཝ་ད་ བློན་ཆེན་མཆོག་གི་ རྒྱ་ནག་དང་ཅིག་ཁར་མཐུན་ལམ་བཟོཝ་ལས་ རྒྱ་གར་གཞུང་ལས་གྲོགས་རམ་ཚུ་བཀག་ཆ་སྦེ་ཡི་ཟེར་སླབ་མི་གནད་དོན་དང་ གནས་སྐབས་གཞུང་གི་གྲོས་དཔོན་ ཀརྨ་ཨུ་ར་ གྱི་རྒྱལ་ཡོངས་ལུ་ རྒྱང་མཐོང་དང་རྒྱང་བསྒྲགས་ དེ་ལས་ཀུན་གསལ་གསར་ཤོག་ནང་བཏོན་མི་གནད་དོན་ཚུ་གྱི་སྐོར་ལས་ འབྲུག་ཕུན་གསུམ་ཚོགས་པའི་ཡིག་ཚང་ཁ་ཐུག་ལས་ ཁྲིམས་སྟུགས་སྦེ་གོ་ཟེར་ཞུ་ནི་ཨིན་། དེ་མེན་པ་ཅིན་ ང་བཅས་མི་སེར་ཚུ་ བསམ་པ་རྩ་ལས་མི་རྫོགས་ནི་ཨིན་མས་ཟེར་ཞུ་ནི་། དབང་དྲག་ བཀྲིས་སྒང་ ཨུ་ཛོ་རོང་།

    ReplyDelete