གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་སྒང་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ སྡོད་ཁྲི་༣ ཐོབ་ཡོདཔ།

༡༤/༧/༢༠༡༣   འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་སྦོམ་ཤོས་༢ ཀྱི་ སྡོད་ཁྲི་ཐོབ་ནུག།
 ༉ འདས་པའི་ཉིནམ་དག་པ་ཅིག་གི་ཧེ་མར་ བཀྲིས་སྒང་དེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་སྒྲིང་སྒྲིང་ཡོད་མི་ རྫོང་ཁག་ཨིནམ་ལས་ སྤྱིར་བཏང་བཙག་འཐུའི་སྐབས་ ཁྲིམས་ཤིང་འདེམས་ཁོངས་རྐྱངམ་གཅིག་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་རྡོ་རྗེ་ཆོས་སྒྲོན་ལུ་ ཤོར་ནི་ཨིན་པའི་ བཤད་ཐོ་བཏང་ཡོདཔ་ཨིན་པས།
བཀྲིས་སྒང་ ཡོན་ཕུ་ལ་ལས་ སྐྱེས་ལོ་༨༤ ལང་མི་ ཨ་རྒས་ཀུན་བཟང་དོན་གྲུབ་ཀྱིས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་ཡིག་གུ་ ལག་མཐིལ་རྐྱབ་པའི་བསྒང་།


མི་ལེ་ཤ་གིས་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་༤ ལས་ རྒྱལ་ཁ་འཐོབ་འོང་ཟེར་ ལོ་རྒྱུས་སླབ་སར་ གོ་ཡོདཔ་ཨིན་རུང་ ཁ་ཙ་ སྤྱི་ཚོགས་གཉིས་པའི་ བཙག་འཐུའི་སྐབས་ རྒྱལ་ཡོངས་ཚོགས་འདུའི་སྡོད་ཁྲི་༣ མི་སེར་དམངས་གཙོ་ཚོགས་པ་ལུ་ ཤོར་མི་དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་ལུ་བརྟེན་ཨིན་པས།
དེ་ཡང་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ འཕྲིན་ལས་དཔལ་ལྡན་རྡོ་རྗེ་དེ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ནོར་བུ་དབང་ཕྱུག་གིས་ ཚོགས་རྒྱན་ཕུད་རྡོག་༢ ཀྱིས་ ཕམ་བཏང་ཡོདཔ་ད་ འཕྲིན་ལས་དཔལ་ལྡན་གྱིས་ འཕྲུལ་ཆས་ཚོགས་རྒྱན་༢,༢༣༢ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོད་རུང་ འགྲེམ་ཐོག་ཚོགས་རྒྱན་༥༠༩ མ་གཏོགས་ ཐོབ་མ་ཚུགསཔ་ལས་ ཕམ་སོཔ་ཨིན་པས།
ནོར་བུ་དབང་ཕྱུག་གིས་ འཕྲུལ་ཆས་ཚོགས་རྒྱན་༡,༩༤༦ མ་གཏོགས་ ཐོབ་མ་ཚུགས་རུང་ འགྲེམ་ཐོག་ཚོགས་རྒྱན་༧༩༧ ཐོབ་ཅི།
དེ་ལས་ ཝམ་རོང་འདེམས་ཁོངས་ནང་ཡང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ལྷ་ཀྲུ་དེ་ ཚོགས་རྒྱན་༥༤ གིས་ ཕམ་ཡོདཔ་ད་  མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཀརྨ་བསྟན་འཛིན་གྱིས་ འགྲེམ་ཐོག་ཚོགས་རྒྱན་༧༤༤ རྩིས་ཏེ་ ཚོགས་རྒྱན་༢,༡༥༤ ཐོབ་ཡོདཔ་ད་ ལྷ་ཀྲུ་གིས་ འཕྲུལ་ཆས་ཚོགས་རྒྱན་༡,༥༤༠ དང་ འགྲེམ་ཐོག་ཚོགས་རྒྱན་༥༤༠ ཐོབ་ནུག།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ཁྲིམས་ཤིང་འདེམས་ཁོངས་ལས་ འགྲེམ་ཐོག་ཚོགས་རྒྱན་༡,༠༤༥ དང་ འཕྲུལ་ཆས་ཚོགས་རྒྱན་༡,༤༩༦ འབདཝ་ད་ བསྡོམས་ཀྱིས་ཚོགས་རྒྱན་༢,༥༤༡ ཐོབ་སྟེ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཆོས་སྐྱིད་དབང་མོ་དེ་ ཕམ་བཏང་ཡོདཔ་ད་ ཆོས་སྐྱིད་དབང་མོ་གིས་ འགྲེམ་ཐོག་ཚོགས་རྒྱན་༣༢༥ དང་ འཕྲུལ་ཆས་ཚོགས་རྒྱན་༨༦༦ མ་གཏོགས་ཐོབ་མ་ཚུགས་པས།
དེ་འབདཝ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ བར་མཚམས་-གཤོང་ཕུག་འདེམས་ཁོངས་ཀྱི་འདེམས་ངོ་ དབང་འདུས་ནོར་བུ་དང་ ར་ལྡི་-སག་སྟེང་འདེམས་ཁོངས་ཀྱི་འདེམས་ངོ་ འཇིགས་མེད་དབང་ཕྱུག་༢ ཀྱིས་ རྒྱལ་ཁ་ཐོབ་ཡོདཔ་ད་ དབང་འདུས་ནོར་བུ་གིས་ འགྲེམ་ཐོག་དང་ འཕྲུལ་ཆས་ཚོགས་རྒྱན་གཉིས་ཆ་རའི་ནང་ རྒྱལ་ཁ་ཐོབ་མི་དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་༨༣༩ རྩིས་ཏེ་ ཚོགས་རྒྱན་བསྡོམས་༣,༥༤༠ ཐོབ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ འཕྲིན་ལས་ནོར་བུ་གིས་ འགྲེམ་ཐོག་ཚོགས་རྒྱན་༦༤༢ རྩིས་ཏེ་ ཚོགས་རྒྱན་༡,༧༡༣ མ་གཏོགས་ ཐོབ་མ་ཚུགས་པས།
དེ་ལས་ ར་ལྡི་-སག་སྟེང་འདེམས་ཁོངས་ནང་ འཇིགས་མེད་དབང་ཕྱུག་གིས་ འགྲེམ་ཐོག་ཚོགས་རྒྱན་༤༤༥ རྩིས་ཏེ་ ཚོགས་རྒྱན་༢,༢༦༢ ཐོབ་ཡོདཔ་ད་ ཁོ་གི་བྱང་ཕྱད་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཀུན་ལེགས་རྡོ་རྗེ་གིས་ འཕྲུལ་ཆས་ཚོགས་རྒྱན་༡,༦༦༦ དང་ འགྲེམ་ཐོག་ཚོགས་རྒྱན་༥༢༧ ཐོབ་ཡོད་པའི་གནས་ཚུལ།

བཀྲིས་སྒང་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment