གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་ས་ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ སྤྱིར་བཏང་བཙག་འཐུ་གྲུབ་ཡོདཔ།

 
རྒྱལ་ཁ་ཐོབ་མི་ དམངས་གཙོ་ཚོགས་པའི་འདེམས་ངོ་ དམ་ཆོས་རྡོ་རྗེ།

༡༤/༠༧/༢༠༡༣། ༉ མགར་ས་རྫོང་ཁག་ ཁ་སྨད་དང་ལུང་ནག་ནང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འཐུས་མི་ ཀུན་ལེགས་རྡོ་རྗེ་གིས་ ཁོ་ལོག་སྟེ་ར་ བཙག་འཐུ་འགྲུབ་ནི་ཟེར་སླབ་མི་དེ་ མ་བདེན་པའི་ཁོངས་སུ་བསྡུ་ཡོད་མི་དེ་ཡང་ ཁོ་གིས་ མི་སེར་དམངས་གཙོ་ཚོགས་པ་ལས་ ཚོགས་རྒྱན་༢ ཀྱིས་ ཕམ་ཡོད་མི་ལུ་བརྟེན་ཨིན་པས།

མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ པདྨ་འབྲུག་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་༣༥༨ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ད་ ཀུན་ལེགས་རྡོ་རྗེ་གིས་ ཚོགས་རྒྱལ་༣༥༦ ལས་བརྒལ་ཐོབ་མ་ཚུགསཔ་བཞིན་དུ་ པདྨ་འབྲུག་པ་གིས་ རྒྱལ་ཁ་ཐོབ་མི་དེ་ ཚོགས་རྒྱན་འཕྲུལ་ཆས་ནང་ ཚོགས་རྒྱན་གྱི་ཁྱད་པར་ སྦོམ་ཐོན་མི་གིས་ཨིན་པས།


རྒྱལ་ཁ་ཐོབ་མི་ དམངས་གཙོ་ཚོགས་པའི་འདེམས་ངོ་ པདྨ་འབྲུག་པ།

ཁ་སྟོད་དང་ ལ་ཡ་འདེམས་ཁོངས་ནང་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་བགྲེསཔ་ དམ་ཆོས་རྡོ་རྗེ་གིས་ ཚོགས་རྒྱན་ཡོངས་བསྡོམས་༤༤༤ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རྡོ་རྗེ་མཁའ་འགྲོ་གིས་ ཚོགས་རྒྱན་༣༥༨ ལས་བརྒལ་ ཐོབ་མ་ཚུགས་པས།


འགྲེམ་ཐོག་ཚོགས་རྒྱན་ནང་འབད་བ་ཅིན་ དམ་ཆོས་རྡོ་རྗེ་གིས་ ཚོགས་རྒྱན་༥༧ ཐོབ་ཡོདཔ་རུང་ རྡོ་རྗེ་མཁའ་འགྲོ་གིས་ཚོགས་རྒྱན་༥ ལས་བརྒལ་ཐོབ་མ་ཚུགསཔ་བཞིན་དུ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་གིས་ རྒྱལ་ཁབ་ཐོབ་མི་དེ་ ཁ་སྟོད་རྒེད་འོག་དང་ འགྲེམ་ཐོག་ཚོགས་རྒྱན་ནང་ རྒྱབ་སྐྱོར་ལེགས་ཤོམ་སྦེ་ ཐོབ་ནི་དེ་གིས་ཨིན་པས།


བཙག་འཐུའི་ནང་ མི་མང་ཤོས་ཅིག་གིས་ བཅའ་མར་གཏོགས་ཚུགས་མི་དེ་ བཙག་འཐུ་གི་ཉིནམ་དེ་ལུ་ གནམ་གཤིས་གནས་སྟངས་ལེགས་ཤོམ་ཡོད་པའི་ཁར་ མཐའ་ཟུར་གྱི་གཡུས་ཚན་ ལུང་ནག་ནང་དང་ ཡ་ལ་གི་མི་ཚུ་གིས་ ཚོགས་རྒྱན་ནང་ལེགས་ཤོམ་སྦེ་ བཅའ་མར་གཏོགས་ནི་དེ་གིས་ཨིན་པས།


ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐིམ་ཕུ་དང་ བསམ་རྩེ་རྫོང་ཁག་ཚུ་ནང་ལས་ཡང་ ལྷོད་པའི་ཁར་ རྒན་རྒས་ཚུ་གིས་ཡང་ ལས་དོན་དེ་གལ་གནད་ཅན་ཅིག་ཨིན་པའི་བརྡ་མཚོན་ལུ་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ དེ་ཚུ་གི་གྲས་ལས་ སྐྱེས་ལོ་༨༤ ལང་མི་ ཨ་རྒས་རྟ་མགྲིན་དེ་ཅིག་ཨིནམ་ད་ མ་གཞི་ཁོ་གིས་ ཚོགས་རྒྱན་བཙུགས་ཚུགས་པའི་ལྕོགས་གྲུབ་མེད་རུང་ ཁོ་རའི་བུ་ སྐྱེས་ལོ་༥༦ འབད་མི་གིས་ ཆ་རོགས་འབད་དེ་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིན་པས།


དེ་བཟུམ་སྦེ་ སྐྱེས་ལོ་༡༨ ལང་མི་ དམ་ཆོས་པདྨ་གིས་འབད་བ་ཅིན་ བཙག་འཐུའི་ནང་བཅའ་མར་གཏོགས་མི་དེ་ འདེམས་ངོ་ལེགས་ཤོམ་ཅིག་ བཙག་འཐུ་འབད་ནིའི་དོན་ལུ་ཨིན་ཟེར་ཨིནམ་ད་ ཁོ་གིས་ མནོ་བསམ་ལས་འབད་བ་ཅིན་ དམངས་གཙོའི་རིང་ལུགས་ནང་ གཞུང་ལེགས་ཤོམ་ཅིག་མེད་པ་ཅིན་ མི་སེར་གྱི་རེ་བ་ འགྲུབ་མི་ཚུགས་ཟེར་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ། 

No comments:

Post a Comment