གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་ལྗོངས་ཀྱི་འདེམས་ཁོངས་༢ ཆ་ར་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ།

༡༤/༧/༢༠༡༣   ༉ ཁ་ཙ་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་ འགོ་འདྲེན་འཐབ་མི་དང་འཁྲིལ་ བསམ་གྲུབ་ལྗོངས་མཁར་གྱི་ འདེམས་ཁོངས་༢ ཆ་ར་ལས་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་གིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན།
བསམ་ལྗོངས་ཀྱི་མི་ཚུ་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གྱལ་རིམ་ནང་ སྒུག་སྡོད་པའི་བསྒང་།


ཇོ་མོ་གཙང་ཁ་དང་ མར་ཚ་ལ་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ དཔལ་བཟང་དབང་ཕྱུག་གིས་ འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་༢ ཆ་ར་ལས་ རྒྱལ་ཁ་ཐོབ་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ནོར་བུ་དབང་འཛོམས་དེ་ ཕམ་བཏང་ཡོདཔ་ཨིན།
དཔལ་བཟང་དབང་ཕྱུག་གིས་ འཕྲུལ་ཆས་ཚོགས་རྒྱན་༢,༣༠༣ དང་ འགྲེམ་ཐོག་ཚོགས་རྒྱན་༨༦༨ ཐོབ་ཡོདཔ་ད་ ནོར་བུ་དབང་འཛོམས་ཀྱིས་ འཕྲུལ་ཆས་ཚོགས་རྒྱན་༡,༨༩༢ དང་ འགྲེམ་ཐོག་ཚོགས་རྒྱན་༥༦༦ ལས་བརྒལ་ ཐོབ་མ་ཚུགས་པས།
དེ་བཟུམ་སྦེ་ བསམ་གྲུབ་ལྗོངས་མཁར་དང་ སྒོམ་དར་འདེམས་ཁོངས་ཀྱི་ཐད་ཁར་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨོ་རྒྱན་རྡོ་རྗེ་གིས་ ཚོགས་རྒྱན་བསྡོམས་༣,༥༩༤ ཐོབ་ཡོད་མི་ལས་༢,༩༨༧ འཕྲུལ་ཆས་ཚོགས་རྒྱན་ཐོག་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་རུང་ འགྲེམ་ཐོག་ཚོགས་རྒྱན་༦༠༧ ལས་བརྒལ་ མ་ཐོབ་མི་ལུ་བརྟེན་ ཕམ་ནུག།
ཁོ་གི་བྱང་ཕྱད་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ མིང་པོ་འབྲུག་པ་གིས་ འཕྲུལ་ཆས་ཐོག་གི་ཚོགས་རྒྱན་༢,༩༡༦ དང་ འགྲེམ་ཐོག་ཚོགས་རྒྱན་༡,༠༥༤ འབདཝ་ད་ བསྡོམས་ཀྱིས་ ཚོགས་རྒྱན་༣,༩༧༠ ཐོབ་སྟེ་ རྒྱལ་ཁ་ཐོབ་ཅི།
ཚོགས་རྒྱན་གྱི་སྐབས་ལུ་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ནང་འོང་མི་ ལ་ལུ་ཅིག་གིས་ རང་སོའི་ཚོགས་རྒྱན་འདྲ་པར་ཚུ་ འཛོལ་ཏེ་འབག་འོང་མི་དང་ ལ་ལུ་ཅིག་གིས་ བརྗེད་སོ་མི་ ལ་ལུ་ཅིག་གིས་ ཁོང་ལུ་ ཚོགས་རྒྱན་ངོ་པར་ཚུ་ རྐྱངམ་གཅིག་མ་གཏོགས་ ཚོགས་རྒྱན་འདྲ་པར་ཚུ་ མ་ཐོབ་པའི་གནད་དོན་ཚུ་ཡང་ ལེ་ཤ་ཅིག་ར་ ཐོན་ཡི།
བདེ་བ་ཐང་ རི་ཤོར་ལས་ སྐྱེས་ལོ་༡༨ ལང་མི་ བསོད་ནམས་དབང་མོ་གིས་ མོ་རའི་ཚོགས་རྒྱན་ངོ་པར་འབག་སྟེ་ བདེ་བ་ཐང་ སློབ་གྲྭ་ཆུང་བའི་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་རུང་ ངོས་འཛིན་འདྲ་པར་མེད་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་མ་ཐོབ་པར་ ལོག་འགྱོ་དགོཔ་ ཐོན་ཡི།
མོ་བཟུམ་སྦེ་ ཆེ་ན་རི་ལས་ སྐྱེས་ལོ་༤༣ འབད་མི་ སངས་རྒྱས་བསྟན་འཛིན་གྱི་ ཚོགས་རྒྱན་ངོས་འཛིན་འདྲ་པར་དེ་ བྱང་དཔ་ལས་ གཞན་ཡིག་ཆ་ཚུ་འབག་སྟེ་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་འོང་རུང་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་མ་ཐོབ།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ བསྡོམས་ཀྱིས་ འོས་འབབ་ཅན་གྱི་ཚོགས་རྒྱན་བཙུགས་མི་༢༡,༨༩༦ ཡོད་ས་ལས་ ༡༢,༣༣༠ བདེ་བ་ཐང་-སྒོམ་དར་དང་༩,༥༦༦ བསམ་གྲུབ་ལྗོངས་མཁར་-མར་ཚ་ལ་འདེམས་ཁོངས་ནང་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment