གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲེམ་ཐོག་ཚོགས་རྒྱན་ཚུ་ ད་རིས་ ཕྱི་རུའི་ཆུ་ཚོད་༥ གི་ནང་འཁོད་ལུ་ རང་སོའི་འདེམས་ཁོངས་ནང་ལྷོད་དགོཔ།

༡༢/༧/༢༠༡༣   ༉ སྤྱིར་བཏང་བཙག་འཐུའི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་བཙུགས་མི་༥༢,༩༡༤ ཐོན་ཡོད་པའི་ནང་ལས་ ཁྱད་ཚད་ལྡན་པའི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༤༧,༩༦༤ ལུ་ རང་སོའི་ འདེམས་ཁོངས་ཚུ་ནང་ལས་ ངོས་ལེན་འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་ཚུ་ བཏང་ཡོདཔ་ཨིན་པས།


འགྲེམ་ཐོག་ཚོགས་རྒྱན་ཐོབ་མི་ཚུ་གིས་ རང་སོའི་འགྲེམ་ཐོག་ཚོགས་རྒྱན་ཚུ་ ད་རིས་ཕྱི་རུའི་ ཆུ་ཚོད་༥ གི་ནང་འཁོད་ལུ་ འབྲེལ་ཡོད་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ཚུ་གི་ ཡིག་ཚང་ནང་ ལྷོད་དགོཔ་ཨིན་པས།
སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་གྲུབ་འབྲས་དང་འཁྲིལཝ་ད་ འདེམས་ངོ་༢ ཀྱི་བར་ན་ དོ་འགྲན་འབདཝ་ད་ འགྲེམ་ཐོག་ཚོགས་རྒྱན་གྱིས་ ཁྱད་པར་སྦོམ་བཟོ་ཡོདཔ་ཨིན་པས།
དུས་ཅི་ རྫོང་ཁག་ལེ་ཤ་ཅིག་གི་ འདེམས་ཁོངས་ཚུ་ནང་ སྲིད་ཚོགས་༢ ཀྱི་ འདེམས་ངོ་ཚུ་གི་བར་ན་ དོ་འགྲན་སྦོམ་བྱུང་དོ་ཡོད་པའི་ ལོ་རྒྱུས་ཚུ་དང་འཁྲིལཝ་ད་ འདེམས་ཁོངས་དེ་ཚུའི་ནང་ འགྲེམ་ཐོག་ཚོགས་རྒྱན་གྱིས་ རྒྱལ་ཕམ་གྱི་ ཁྱད་པར་བཟོ་ནིའི་ འོས་འབབ་སྦོམ་ཡོདཔ་ཨིན་པས།
དཔེ་འབད་བ་ཅིན་ མོང་སྒར་རྫོང་ཁག་གི་ མོང་སྒར་འདེམས་ཁོངས་ནང་དང་ བུམ་ཐང་རྫོང་ཁག་གི་ ཆུ་སྨད་དང་ཨུ་རའི་འདེམས་ཁོངས་ དེ་ལས་ སྤ་རོ་གི་ རྡོ་སྒར་ཤར་པ་འདེམས་ཁོངས་ཚུ་ནང་ འདེམས་ངོ་ཚུ་གི་བར་ན་ དོ་འགྲན་ཅན་སྦེ་ཡོད་པའི་ ལོ་རྒྱུས་ཚུ་དང་འཁྲིལཝ་ད་ དེ་བཟུམ་མའི་ འདེམས་ཁོངས་ཚུ་ནང་ འགྲེམ་ཐོག་ཚོགས་རྒྱན་གྱིས་ ཁྱད་པར་བཟོ་ནི་གི་ འོས་འབབ་ཡོདཔ་ཨིན་པས།
འདེམས་ཁོངས་ཚུ་ནང་ལས་ ཁྱད་ཚད་ལྡན་པའི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་བཏང་མི་ལས་ མང་ཤོས་ར་ པདྨ་དགའ་ཚལ་གྱི་ མཁར་གཡུ་རུང་འདེམས་ཁོངས་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༢,༠༧༤ ལུ་ འགྲེམ་ཐོག་ཚོགས་རྒྱན་ཚུ་ བཏང་ཡོདཔ་ཨིན་པས།
དེ་ལས་ བསམ་གྲུབ་ལྗོངས་མཁར་གྱི་ བདེ་བ་ཐང་སྒོམ་དར་འདེམས་ཁོངས་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༢,༠༠༣ དེ་ཅིག་ལུ་ འགྲེམ་ཐོག་ཚོགས་རྒྱན་བཏང་ནུག།
དེ་བཟུམ་སྦེ་ གཞལམ་སྒང་བར་དོ་ཀྲོང་འདེམས་ཁོངས་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༡,༩༩༡ ལུ་ འགྲེམ་ཐོག་ཚོགས་རྒྱན་ཚུ་བཏང་ཡོདཔ་ད་ གསར་སྤང་གི་ དགེ་ལེགས་ཕུག་འདེམས་ཁོངས་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༡,༨༣༩ ཡོདཔ་ཨིན་པས།
བཀྲིས་སྒང་བར་མཚམས་གཤོང་ཕུ་འདེམས་ཁོངས་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༡,༦༢༠ དང་ བཀང་ལུང་བསམ་མཁར་འདེམས་ཁོངས་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༡,༥༨༥ དེ་ཅིག་ལུ་ འགྲེམ་ཐོག་ཚོགས་རྒྱན་ཚུ་བཏང་ནུག།
འདེམས་ཁོངས་ཚུ་གི་གྲས་ལས་ འགྲེམ་ཐོག་ཚོགས་རྒྱན་མང་ཤོས་ར་ པདྨ་དགའ་ཚལ་གྱི་ མཁར་གཡུ་རུང་འདེམས་ཁོངས་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༢,༠༧༤ ཡོད་མི་དེ་ཨིནམ་ད་ ཉུང་ཤོས་ར་ མགར་ས་གི་ ཁ་སྨད་ལུང་ནག་ནང་གི་ འདེམས་ཁོངས་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༥༦ འབད་མི་དེ་ཨིན་པས།
རྫོང་ཁག་ལས་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་ཉུང་ཤོས་ར་ མགར་སའི་འདེམས་ཁོངས་༢ ནང་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་བསྡོམས་༡༢༤ ཡོད་མི་དེ་ཨིནམ་ད་ མཐོ་ཤོས་ར་ བཀྲིས་སྒང་རྫོང་ཁག་གི་འདེམས་ཁོངས་༥ ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༧,༡༧༠ ཡོད་མི་དེ་ཨིན་པས།
བཀྲིས་སྒང་རྫོང་ཁག་གི་ཤུལ་ལས་ར་ པདྨ་དགའ་ཚལ་རྫོང་ཁག་གི་ འདེམས་ཁོངས་༣ ནང་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་བསྡོམས་༤,༦༧༤ དང་ བསམ་གྲུབ་ལྗོངས་མཁར་གྱི་འདེམས་ཁོངས་༢ ནང་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༣,༥༤༡ ཡོདཔ་ཨིན་པས།
ཨིན་རུང་ བསམ་རྩེའི་འདེམས་ཁོངས་༣ ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་བསྡོམས་༣,༠༤༧ ལུ་ འགྲེམ་ཐོག་ཚོགས་རྒྱན་ཚུ་ བཏང་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment