གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷོ་མཚམས་བདའ་སྟེ་ ཚོགས་རྒྱན་བཙུགས་མི་ སྟོང་ཕྲག་ལས་བཅད་དེ་ འགྲོ་འགྲུལ་འབད་དོ་ཡོདཔ།

༡༢/༧/༢༠༡༣   ༉ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་དེ་ ནངས་པ་ཨིནམ་ལས་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་
དེ་ལས་ བསམ་གྲུབ་ལྗོངས་མཁར་གྱི་བར་ན་ ཚོགས་རྒྱན་བཙུགས་མི་ སྟོང་ཕྲག་ལས་བཅད་དེ་ འགྲོ་འགྲུལ་འབད་སར་ མཐོངམ་ཨིན་པས།

བསམ་གྲུབ་ལྗོངས་མཁར་ལུ་ ཚོགས་རྒྱན་བཙུགས་མི་ཚུ་ འགྲུལ་སྐྱེལ་བཱསི་ནང་ འཛུལ་བའི་བསྒང་།


དེ་འབདཝ་ལས་ མི་མང་སྐྱེལ་འདྲེན་བཱསི་ཚུ་གི་ ཤོག་འཛིན་ཐོབ་མི་ཚུགས་དོ་ཡོདཔ་ལས་ འགྲུལ་པ་མང་ཤོས་ཅིག་གིས་ གླ་འཁོར་ཚུ་ནང་ སྡེ་ཚན་བཟོ་སྟེ་ འགྲུལ་སྐྱོད་འབདཝ་ཨིན་པས།
དེ་ཁར་ འདས་པའི་ཉིནམ་༢ ཀྱི་རིང་ ཨ་སཱམ་ས་ཁོངས་ནང་ ངོ་རྒོལ་འགྲེམ་སྟོན་འབད་དེ་ འགྲུལ་སྐྱོད་བཀག་ཆ་འབད་དེ་
ལུས་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ དཀའ་ངལ་བྱུང་ཡོདཔ་ལས་ སྐྱེལ་འདྲེན་གྱི་ཞབས་ཏོག་ཚུ་ རང་སོའི་ས་ཁོངས་ནང་མ་ལྷོད་ཚུན་ འཕྲོ་མཐུད་དེ་ར་ ཐོབ་མི་ཚུགས་དོ་ཡོདཔ་ལས་ ཚོགས་རྒྱན་གྱི་ཉིན་མར་ ག་དེ་སྦེ་ ལྷོད་ཚུགས་འོང་ག་མནོ་བའི་
ཚ་གྱང་ལང་སྟེ་འདུག།
འདས་པའི་ཉིནམ་༢ ཀྱི་རིང་ ཕུན་ཚུགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ དགེ་ལེགས་ཕུག་ལུ་ བཀག་བཞག་མི་ མི་མང་སྐྱེལ་འདྲེན་བཱསི་ཚུ་ ཁ་ཙ་བཏང་ཡོདཔ་བཞིན་དུ་ ཁ་ཙ་ཕྱི་རུ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ལས་ བཱསི་༢ དང་ དགེ་ལེགས་ཕུག་ལས་ བཱསི་༡ བསམ་གྲུབ་ལྗོངས་མཁར་ལུ་ ལྷོད་ཡོདཔ་ཨིན།
འགྲུལ་པ་ཚུ་ལུ་ ག་ཅི་སྦེ་ འགྲུལ་སྐྱོད་འབད་དོ་ཡོདཔ་ཨིན་ནའི་སྐོར་ལས་ དྲི་བཀོད་འབད་བའི་སྐབས་ ཧ་ལམ་ ག་ར་གིས་ར་ ཚོགས་རྒྱན་བཙུགས་པར་ཨིན་ཟེར་ སླབ་ཨིན་པས།
ཁ་ཙ་ ཚོགས་རྒྱན་བཙུགས་མི་ཚུ་ བསམ་གྲུབ་ལྗོངས་མཁར་ལུ་ ལྷོད་པའི་ཤུལ་ལུ་ ཧེ་མ་ར་ ཁོང་ར་གཅིག་གིས་གཅིག་གི་ འགྲུལ་འཕྲིན་ཨང་གྲངས་ཚུ་ བརྗེ་སོར་འབད་བའི་ཤུལ་ལུ་ ཁྲོམ་ཁར་ བཟའ་ཁང་ཚུ་འཚོལ་ཏེ་ སོང་ཡོདཔ་ཨིན།
ཁ་ཙ་ ཕུན་ཚོགས་གླིང་ལས་ སྣུམ་འཁོར་ཊཱག་ཅིག་ནང་ འཛུལ་འོང་མི་ བཀྲིས་སྒང་མཁའ་གླིང་ལུ་འགྱོ་ནི་ཨིན་མི་ སྐྱེས་ལོ་༤༠ ལང་མི་ པདྨ་ཆོས་སགྲོན་གྱིས་ བཤད་མིའི་ནང་ མོ་ར་ སྣུམ་འཁོར་ཊཱག་དེ་ནང་ལས་ཐོནམ་ཅིག་ ཕྲངམ་ཕྲང་ས་ར་ མི་མང་སྐྱེལ་འདྲེན་བཱསི་གི་ ཤོག་འཛིན་བཏོགས་སར་ འོང་ཡོདཔ་ཨིན་རུང་ ཉིནམ་༣ དང་༤ ཚུན་གྱི་ ཤོང་འཛིན་ཚུ་ ཧེ་མ་ལས་ བཏོགས་འབག་ཚར་ནུག་ཟེར་ཨིན་པས།
མོ་ར་ ད་རེས་ཁམས་ ཕུན་ཚོགས་གླིང་ལུ་ དཔེ་ཆ་ལྷབ་སྡོད་མི་ མོ་རའི་བུམོ་དེ་ ན་མི་ལུ་བརྟེན་ ཕྱད་པར་སོང་ཡོདཔ་ད་ ག་དེམ་ཅིག་སྦེ་ སྣུམ་འཁོར་གཞན་འཐོབ་པ་ཅིན་ ནངས་པར་ གཡུས་ཁར་ལྷོདཔ་སྦེ་འགྱོ་ནི་དང་ དེ་མེན་པ་ཅིན་ ཚོགས་རྒྱན་བཙུགས་ནི་ལས་ བཤོལ་བཞག་འབད་ནི་ཨིན་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ ཚོང་རྐྱབ་སྡོད་མི་ཅིག་ཨིན་མི་ པདྨ་དེ་ བཀྲིས་སྒང་ ཝམ་རོང་ལས་ཨིནམ་ད་ མི་སེར་རང་སོའི་ དབང་ཆ་ཨིན་མི་ ཚོགས་རྒྱན་བཙུགས་ནི་དེ་ ཁག་ཆེཝ་སྦེ་ མཐོང་མི་ལུ་བརྟེན་ ཨ་ལུ་ཚུ་ཡང་ བཀོག་བཞག་སྟེ་ ཚོགས་རྒྱན་བཙུགས་པར་ འགྱོ་དོ་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ ཁ་ཙ་ཡང་ བཱསི་གི་ ཤོག་འཛིན་མ་ཐོབ་རུང་ བསམ་གྲུབ་ལྗོངས་མཁར་ཚུན་ ལོང་སྟེ་འོང་ཡི་ཟེར་ཨིནམ་ད་ ནངས་པར་ མོ་རའི་གཡུས་ཁར་ཚུན་ ཆ་རོགས་ཚུ་དང་གཅིག་ཁར་ གླ་འཁོར་ཅིག་ གླ་ཁར་ལེན་ཐོག་ལས་
འགྱོ་ནི་ཨིན་ཟེར་ཨིན་པས།
མོ་གིས་བཤད་མིའི་ནང་ ད་ལྟོ་ཚུན་ མོ་རའི་ཚོགས་རྒྱན་དེ་ སྲིད་ཚོགས་ག་ལུ་བཙུགས་ནི་ཨིན་ན་ ཐག་མ་བཅད་པར་ཡོདཔ་ལས་ གཡུས་ཁར་སྡོད་མི་ མོ་རའི་ཕམ་དང་ སྤུན་ཆ་ཚུ་གིས་ ག་ལུ་བཙུགས་ཟེར་ སླབ་མི་དེ་ལུ་ བཙུགས་ནི་དང་ དེ་ཡང་ གཡུས་ཁར་ལུ་ ག་གིས་ཕན་ཐོགས་འོང་ག་གི་སྐོར་ལས་ གཡུས་ཁར་སྡོད་མི་ཚུ་གིས་ ཤེས་ནི་དེ་གིས་ཨིན་པས།
གླ་འཁོར་ནང་ མི་མ་ཚང་མི་ལུ་བརྟེན་ འགྲུལ་པ་ཆ་རོགས་འཚོལ་སྡོད་མི་ བཀྲིས་གཡང་རྩེ་ལས་ ཕོ་སྐྱེས་ཅིག་གིས་འབད་བ་ཅིན་ ཁོ་ར་ སྤ་རོ་ལུ་ ལཱ་འབད་དོ་ཡོདཔ་ཨིན་རུང་ ལྟག་ལས་འགྱོ་ནིའི་དོན་ལུ་ བཱསི་གི་ ཤོག་འཛིན་མ་འཐོབ་ལས་ ཕུན་ཚོགས་གླིང་ལས་སྦེ་ འོང་ཡི་ཟེར་ཨིནམ་ད་ ད་རེས་ ལཱ་ཁག་སྦེ་ ཚོགས་རྒྱན་བཙུགས་པར་ འོང་དགོ་མི་དེ་ཡང་ གཙོ་བོ་ར་ མོ་ར་གིས་
མནོ་བསམ་བཏང་མི་ མི་ངོ་དེ་ རྒྱལ་སྲིད་ཕམ་སོ་པ་ཅིན་ བློ་འགྱོད་བསྐྱེད་མ་དགོཔ་ བཟོ་ནིའི་དོན་ལུ་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment