གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེཔ་ཚུ་གིས་ བྱ་དང་ རྟ་གི་འདེམས་ངོ་རེ་ བཙག་འཐུ་འབད་ཡོདཔ།

༡༤/༧/༢༠༡༣   ༉ རྒྱལ་ཡོངས་ཚོགས་འདུའི་འདེམས་ཁྲི་དོན་ལུ་ ལྷུན་རྩེ་རྫོང་ཁག་ སྒང་ཟུར་- སྨིན་རྗེ་འདེམས་ཁོངས་དང་ སྨན་སྦིས་- བཙན་མཁར་འདེམས་ཁོངས་༢ ཀྱི་མི་སེར་ཚུ་གིས་ ཁོང་རའི་འདེམས་ཁོངས་ནང་ལས་ ཧེ་མ་ལས་ སེམས་ཐག་བཅད་ཡོད་པའི་ འདེམས་ངོ་དེ་ལུ་ ཚོགས་རྒྱན་བཙུགས་ཏེ་ འཐུས་མིའི་བཙག་འཐུ་གྲུབ་ཡོདཔ་ཨིན་པས།


དེ་ཡང་ སྒང་ཟུར་- སྨིན་རྗེ་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༦༡ ལང་མི་ ཀརྨ་རང་གྲོལ་དེ་ མི་སེར་མང་ཤོས་ཅིག་གིས་ ཧེ་མ་ལས་ སེམས་ཐག་བཅད་ཡོད་པའི་་འཐུས་མི་ཨིན་ཟེར་ཨིནམ་ད་ ཁ་ཙ་ ཁོ་གིས་ ཚོགས་རྒྱན་བསྡོམས་༢,༣༠༢ ཐོབ་མི་ལས་ འགྲེམ་ཐོག་ཚོགས་རྒྱན་༥༢༨ དང་ འཕྲུལ་ཆས་ཚོགས་རྒྱན་༡,༧༧༤ ཐོབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༢༥ ལང་མི་ བློ་བཟང་རྡོ་རྗེ་གིས་ ཚོགས་རྒྱན་བསྡོམས་༡,༦༠༦ ཐོབ་ཡོད་མི་ལས་ འགྲེམ་ཐོག་ཚོགས་རྒྱན་༥༨༡ དང་ འཕྲུལ་ཆས་ཚོགས་རྒྱན་༡༠༢༥ ཐོབ་ཡོད་རུང་ ཚོགས་རྒྱན་༦༩༦ གིས་ ཁྱད་པར་ཞུགས་ཏེ་ བཙག་འཐུ་གྲུབ་མ་ཚུགསཔ་ཨིན་པས།
འཐུས་མིའི་གྲངས་སུ་བཙག་འཐུ་གྲུབ་མི་ ཀརྨ་རང་གྲོལ་གྱིས་ ཀུན་གསལ་ལུ་སླབ་མིའི་ནང་ ཁོ་གི་རེ་བ་ལས་འབད་རུང་ མི་སེར་ཚུ་གིས་ བཙག་འཐུ་གྲུབ་གནང་འོང་མནོ་བའི་རེ་བ་ བསྐྱེད་ཅི་ཟེར་ཨིནམ་ད་ མི་སེར་ཚུ་གིས་ བློ་གཏད་དང་ ཡིད་ཆེས་ཐོག་ལས་ བཙག་འཐུ་གྲུབ་ཚུགས་མི་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཨིནམ་ད་ གྲུབ་འབྲས་དེ་ མི་སེར་གྱི་གདམ་ཁ་ཨིནམ་ལས་ གུས་ཞབས་ཐོག་ལས་ ཕྱག་ཞུ་འོང་ཟེར་ཨིན་པས།
ཨིན་རུང་ ཁོ་གི་རེ་བ་ལས་འབད་བ་ཅིན་ མི་སེར་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པའི་གཞུང་དེ་ གནས་སྟངས་དེ་བཟུམ་ཅིག་ལུ་ ལྷོད་བཅུག་འོང་མནོ་བསམ་མ་བཏང་ཟེར་ཨིནམ་ད་ གྲུབ་འབྲས་དེ་  མི་སེར་ཚུ་གིས་ རེ་འདོད་དང་འཁྲིལ་ཨིནམ་ལས་ ང་བཅས་ཀྱིས་འདི་ལུ་ ཆ་གནས་འབད་དགོ་ཟེར་ཨིན་པས།
མི་སེར་མང་ཤོས་ཅིག་གིས་ སླབ་མིའི་ནང་ ཀརྨ་རང་གྲོལ་བཙག་འཐུ་འབད་མི་དེ་ཡང་ ལོ་དང་ན་ཚོད་ དེ་ལས་ ཉམས་མྱོང་ལས་བཅད་རུང་ ལྡོག་ཕྱོགས་དང་ གཞུང་སྐྱོང་གཉིས་ཆ་ར་ནང་ ཕྱག་ཞུ་ཚུགས་ནི་ཨིནམ་ལས་ གདམ་ཁ་རྐྱབ་ཅི་ཟེར་ཨིན་པས།
མི་ཚུ་གིས་སླབ་མིའི་ནང་ དུས་ཅི་ བློ་བཟང་རྡོ་རྗེ་ལུ་ གོ་སྐབས་སྤྲོད་མ་ཚུགས་མི་དེ་ཡང་ ཁོ་ར་ ལྕོགས་གྲུབ་ག་དེ་ཅིག་ཡོད་རུང་ ད་ལྟོ་ ན་གཞོན་འབདཝ་ལས་བརྟེན་ ཨིན་ཟེར་ཨིནམ་ད་ མ་འོངས་པ་ལུ་འབད་བ་ཅིན་ གོ་སྐབས་བྱིན་དགོ་ཟེར་ ལྷུན་རྩེ་ཁྲོམ་ཁར་སྡོད་མི་ཅིག་གིས་ སླབ་ཨིན་པས།
དེ་བཟུམ་སྦེ་ སྨན་སྦིས་- བཙན་མཁར་འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༤༢ ལང་མི་ ཡེ་ཤེས་རྡོ་རྗེ་གིས་ ཚོགས་རྒྱན་བསྡོམས་༢,༢༧༢ ཐོབ་མི་ལས་ འགྲེམ་ཐོག་ཚོགས་རྒྱན་༧༦༠ དང་ འཕྲུལ་ཆས་ཚོགས་རྒྱན་༡,༥༡༢ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
ཁོ་གི་དོ་འགྲན་པ་ འབྲུག་ཕུན་སུམ་ཚོགས་པའི་གདེམས་ངོ་ སྐྱེས་ལོ་༥༡ ལང་མི་ ཚེ་རིང་བསྟན་འཛིན་གྱིས་ ཚོགས་རྒྱན་བསྡོམས་༡༨༨༤ ཐོབ་མི་ལས་ འགྲེམ་ཐོག་ཚོགས་རྒྱན་༤༣༩ དང་ འཕྲུལ་ཆས་ཚོགས་རྒྱན་༡༤༤༥ ཐོབ་ཡོདཔ་བཞིན་དུ་ ཁོང་༢ ཀྱི་བར་ན་ ཚོགས་རྒྱན་༣༨༨ ཀྱི་ ཁྱད་པར་ཞུགས་ཡོདཔ་ལས་ བཙག་འཐུ་གྲུབ་མ་ཚུགསཔ་ཨིན་པས།
སྟག་མོ་ཆུ་ གཡུས་ཚན་ལས་ ཚོགས་རྒྱན་བཙུགས་མི་ཅིག་གིས་ སླབ་མིའི་ནང་ ཚོགས་རྒྱན་དེ་ ལྕོགས་གྲུབ་ཡོད་མི་ལུ་ར་ བཙུགས་ཅི་ཟེར་ཨིནམ་ད་ དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡེ་ཤེས་རྡོ་རྗེ་དེ་ བློན་པོའི་གོ་གནས་ལུ་ལྷོད་ནི་ཟེར་ གོ་ཡོདཔ་ལས་བརྟེན་ ཨིན་ཟེར་ཨིན་པས།
བཙན་མཁར་རྒེད་འོག་ལས་ ཨ་ལུ་༣ གྱི་ཨ་པ་ཅིག་གིས་ སླབ་མིའི་ནང་ ཡེ་ཤེས་རྡོ་རྗེ་དེ་ སྤྱི་ལོ་༢༠༠༨ ལས་ དོ་འགྲན་འབད་ཡོད་པའི་ འདེམས་ངོ་ཅིག་འབདཝ་ལས་ མི་སེར་ཚུ་གིས་འབད་རུང་ རེ་བ་སྦོམ་ཡོད་ཟེར་ཨིནམ་ད་ རེ་བ་དེ་འགྲུབ་ཚུགས་ནིའི་དོན་ལུ་ ཁོ་བཙག་འཐུ་འབད་ཡི་ཟེར་ཨིན་པས།
ཡེ་ཤེས་རྡོ་རྗེ་གིས་འབད་རུང་ ཁོ་ར་ བཙག་འཐུ་གྲུབ་ཚུགས་མི་དེ་ མི་སེར་ཚུ་གིས་ བློ་གཏད་དང་ ཡིད་ཆེས་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ ད་ལས་ཕར་ མི་སེར་ཚུ་གིས་ རེ་འདོད་འགྲུབ་ནི་ལུ་ འགན་ཁུར་ཐེབས་ཅིག་ར་ འབག་ནི་ཟེར་ཨིན་པས།
ལྷུན་རྩེ་རྫོང་ཁག་ནང་ ཧེ་མ་ལས་ སྲིད་འབྲེལ་གྱི་ལོ་རྒྱུས་ཚུ་ གོ་མི་ལུ་ལྟ་སྟེ་འབད་རུང་ སྒང་ཟུར་- སྨིན་རྗེ་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་རང་གྲོལ་ གདམ་འཐུ་འབད་ནིའི་རེ་བ་བསྐྱེད་ཡོདཔ་ད་ སྨན་སྦིས་ བཙན་མཁར་འདེམས་ཁོངས་ལས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡེ་ཤེས་རྡོ་རྗེ་ གདམ་འཐུ་འབད་ནིའི་རེ་བ་བསྐྱེད་ཡོད་མི་དང་བསྟུན་ མི་སེར་ཚུ་གིས་ ཁོང་རའི་རེ་དོན་དང་འཁྲིལ་ བཙག་འཐུ་འབད་ཚུགས་ཅི་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ བཙག་འཐུ་གྲུབ་ཚུགས་མི་དེ་ གཙོ་བོ་ར་ ཚོགས་པ་དེ་གིས་ མི་སྡེའི་ནང་ འགྱུར་བ་འབག་འོང་ནི་ཟེར་ སླབ་ཡོདཔ་ལས་ འགྱུར་བ་དགོ་ནིའི་དོན་ལུ་དང་ ལ་ལུ་ཅིག་གིས་ ཁས་བླངས་གསལ་བསྒྲགས་ལུ་ལྟ་སྟེ་ བཙག་འཐུ་འབད་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment