གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསར་སྤང་ལུ་ ཞི་གཡོགཔ་༡,༠༠༠ ལྷགཔ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ།

 
བཙག་འཐུ་འགོ་དཔོན་གྱིས་ འགྲེམ་ཐོག་ཚོགས་རྒྱན་གྱངས་ཁ་རྐྱབ་པའི་བསྒང་།

༡༤/༠༧/༢༠༡༣། ༉ གསར་སྤང་རྫོང་ཁག་གིས་ འདེམས་ཁོངས་༢ ཀྱི་དོན་ལུ་ ཁ་ཙ་ ཕྱི་རུ་ཚུན་ཚོད་ འགྲེམ་ཐོག་ཚོགས་རྒྱན་༢,༧༦༨ ཐོབ་ཡོདཔ་ཨིན་པས།

བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་༢,༦༧༤ ངོས་ལེན་འབད་ཡོདཔ་མ་ཚད་༡༠༨ ཆ་མེད་བཏང་ཡི་ཟེར་ཨིན་པས།


དགེ་ལེགས་ཕུག་འདེམས་ཁོངས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༨༨༧ ཐོབ་མི་ཚུ་ ཕོ་སྐྱེས་༡,༠༧༢ དང་ ཨམ་སྲུ་༧༣༥ གིས་ བསྐྱལ་ཡོདཔ་ཨིན་པས།


ཁ་ཙ་ ཕྱི་རུ་ཚུན་ཚོད་ འདེམས་ཁོངས་དེ་གི་ འགྲེམ་ཐོག་ཚོགས་རྒྱན་༨༠ ཆ་མེད་བཏང་སྟེ་༡,༨༠༧ ཆ་གནས་ཡོད་པའི་གྲངས་སུ་ ངོས་ལེན་འབད་ནུག།

དེ་ཡང་ ཆ་མེད་བཏང་མི་ འགྲེམ་ཐོག་ཚོགས་རྒྱན་༨༠ ལས་༥༦ ངོ་སྤྲོད་གསལ་བསྒྲགས་ལག་ཁྱེར་མེད་པའི་ཁར་༨ ཚོགས་རྒྱན་སྐྱུར་མིའི་ ངོས་འཛིན་འདྲ་པར་མེདཔ་མ་ཚད་༥ ལུ་ དབང་ནུས་ལྡན་པའི་ དཔང་པོའི་ངོས་འཛིན་འདྲ་པར་གྱི་ ཨང་གྲངས་འཛོལ་ཏེ་བཀོད་ཡོདཔ་ དེ་ལས་ འགྲེམ་ཐོག་ཚོགས་རྒྱན་༥ ལུ་ དབང་ནུས་ལྡན་པའི་ དཔང་པོ་མིན་འདུག་ཟེར་ བཙག་འཐུ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།


དགེ་ལེགས་ཕུག་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་གྱིས་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་༢ ཚུལ་ལྡན་སྦེ་ མ་བཀོད་ནི་དེ་གིས་ ཆ་མེད་བཏང་པའི་ཁར་ ཕྱི་རྒྱལ་ལས་བསྐྱལ་མི་ ཚོགས་རྒྱན་ཅིག་ལུ་ ཡིག་ཤུབས་ཀ་པའི་ནང་ ཚོགས་རྒྱན་སྐྱུར་མིའི་ ངོ་སྤྲོད་གསལ་བསྒྲགས་ལག་ཁྱེར་མིན་འདུག་ཟེར་ཨིན་པས།


དགེ་ལེགས་ཕུག་འདེམས་ཁོངས་ཀྱིས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ཞུ་ཡིག་༡,༩༤༡ ཐོབ་མི་ལས་༧༢༧ ཞི་གཡོགཔ་ཚུ་དང་༤༢༧ དེ་ དྲག་ཁག་གསུམ་གྱི་ དམག་མི་ཚུ་ལས་ཨིན་པས།
དེ་ལས་ སྒེར་སྡེ་དང་ ལས་འཛིན་ ཚོང་པ་ དེ་ལས་ བརྟེན་སྡོད་མི་༢༧༡ དེ་ཅིག་དང་ ཞི་གཡོགཔ་དང་ དམག་མི་ སྒེར་སྡེ་དང་ལས་འཛིན་ཚུ་ནང་ ལཱ་འབད་མི་ བཟའ་ཟླ་༣༦༡ གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།


ཞུ་ཡིག་༡༥ དེ་ཅིག་ བཙོན་པ་ཚུ་ལས་ ལྷོད་ཡོདཔ་ཨིན་པས།


ཤོམ་སྤང་ཁ་འདེམས་ཁོངས་ཀྱིས་ སྤྱི་ཟླ་༧ པའི་ཚེས་༡༡ ཚུན་ཚོད་ འགྲེམ་ཐོག་ཚོགས་རྒྱན་༨༩༥ ཐོབ་མི་ལས་༢༥ ཆ་མེད་སོང་ཡོདཔ་ད་ ཁ་ཙ་ འགྲེམ་ཐོག་ཚོགས་རྒྱན་༥ ལྷོད་མི་ཚུ་ ད་རིས་དྲོ་པར་རྐྱངམ་གཅིག་ ཁ་ཕྱེ་འོང་ཟེར་ བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment