གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབྱར་རྩྭ་དགུན་འབུབ་འཐུ་མི་ ཕོ་སྐྱེས་ཅིག་གི་ཕུངམ་ ལ་ཁར་ལུས་ཡོདཔ།

༣/༧/༢༠༡༣   ༉ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་བའི་སྐབས་ལུ་ ཤི་རྐྱེན་བྱུང་མི་ ཕོ་སྐྱེས་ཅིག་གི་ཕུངམ་དེ་ ལམ་ཐག་རིང་ནི་དེ་གིས་ གཡུས་ཁར་སྐྱེལ་མ་ཚུགསཔ་ལས་ ལ་ཁ་ལུ་ར་ ས་དོང་ནང་ བཙུགས་བཞག་ཡོདཔ་ཨིན་པས།


སྐྱེས་ལོ་༣༣ ལང་མི་ ཚེ་འདས་ཕོ་སྐྱེས་དེ་ སྤྱི་ཟླ་༦ པའི་ཚེས་༡༣ གྱི་ཉིན་མར་ ལུང་ནག་ནང་གི་ས་ཁོངས་ནང་ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་བའི་སྐབས་ ས་གནས་ ཇོ་ས་སྦུག་ཟེར་སར་ ལ་དུག་ཐོབ་སྟེ་ ཤི་ཡོདཔ་ཨིན་པས།
ཁོ་ར་ མོང་སྒར་རྩ་ཀ་གླིང་ལས་ཨིན་རུང་ ཨམ་སྲུ་དེ་ དབང་འདུས་ཕོ་བྲང་ དཀར་གཞི་རྒེད་འོག་ལས་ཨིནམ་ད་ འབུབ་འཐུ་ནིའི་ ཆོག་ཐམ་དེ་ ཨམ་སྲུ་ལུ་བརྟེན་ ཐོབ་ཡོདཔ་ཨིན་པས།
ཕུངམ་ལེན་ནིའི་དོན་ལུ་ བསྟན་སྲུང་དམག་མི་༡༥ འབད་མི་ སྡེ་ཚན་ཅིག་དང་ གཡུས་ཁའི་མི་༤ དེ་ཅིག་གིས་ ཕུངམ་དེ་ལེན་མ་ཚུགསཔ་ལས་ སྡེ་ཚན་དེ་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ ལོག་དབང་འདུས་ལུ་ ལྷོད་ཡོདཔ་ཨིན་པས།
དཀར་གཞི་རྒེད་འོག་བདག་སྐྱོང་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཕུངམ་ལེན་པར་ འགྱོ་མི་ཚུ་གིས་ སླབ་མིའི་དང་འཁྲིལ་བ་ཅིན་ ཕུངམ་མ་རུལ་ནིའི་དོན་ལུ་ ཆུ་རྫིང་ཅིག་ནང་སྦང་བཞག་ནི་དེ་གིས་ ལྗིད་ཚད་ཀེ་ཇི་༩༠ དེ་ཅིག་ ལང་ཡོདཔ་ལས་ འབག་མ་ཚུགས་པའི་དཀའ་ངལ་ཐོན་པའི་ཁར་ ལམ་ལེགས་ཤོམ་ཅིག་མིན་འདུག་ཟེར་ཨིན་པས།
འབུབ་འཐུ་སའི་ ས་ཁོངས་དེ་ དཀར་གཞི་རྒེད་འོག་ལས་ ཉིན་གྲངས་༧ ལམ་འགྱོ་དགོ་པའི་ས་ཁར་ཨིན་པས།
ཕོ་སྐྱེས་དེ་ ཤི་རྐྱེན་བྱུང་བའི་ཤུལ་ལས་ ཚེ་འདས་ཀྱི་ ཆ་རོགས་ཚུ་གིས་ ཉིནམ་༢ ཀྱི་ས་ཁར་ ལམ་འགྱོ་བའི་ཤུལ་ལས་ ལ་ཅིག་གི་གུ་འཛེགས་ཏེ་ གཡུས་མི་ཚུ་ལུ་ འགྲུལ་འཕྲིན་བཏང་ཐོག་ལས་ ཤི་རྐྱེན་བྱུང་བའི་སྐོར་ལས་ གནས་ཚུལ་ལྷོད་ནུག་ཟེར་ཨིནམ་ད་ དེ་ཡང་ ས་གནས་དེ་ཁར་ འགྲུལ་འཕྲིན་གྱི་ བརྒྱུད་ལམ་བདའ་མ་ཟུན་ནི་དེ་གིས་ཨིན་པས།
ཚེ་འདས་དང་གཅིག་ཁར་ དཀར་གཞི་རྒེད་འོག་ ལེན་སྦིས་སྤྱི་འོག་ལས་ འབུབ་འཐུ་བར་འགྱོ་མི་༩༦ ཡོདཔ་ད་ ཁོང་གི་དོན་ལུ་ འབུབ་འཐུ་ནིའི་གོ་སྐབས་ དུས་ཅི་ འགོ་དང་པ་ཐོབ་ཡོདཔ་ཨིན་རུང་ འབུབ་འཐུ་མ་ཚུགསཔ་ལས་ ཆ་མཉམ་ར་ ལོག་གཡུས་ཁར་ལྷོད་ཅི་ཟེར་ རྒེད་འོག་བདག་སྐྱོང་གིས་ སླབ་ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment