གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་འཁོད་ཀྱི་ ཁ་སྐད་མ་འདྲཝ་ཚུ་ ཉམས་ཉེན་ཡོདཔ།

༣/༧/༢༠༡༣   ༉ འབྲུག་ནང་འཁོད་ཀྱི་ ས་གནས་ཁག་གི་ ཁ་སྐད་མ་འདྲཝ་ཚུ་ བསྡུ་སྒྲིག་འབད་ནི་གི་ལས་འགུལ་ཟེར་ ཁ་སྐད་རིག་པའི་ནང་ གཙུག་ལག་དང་ མཁས་དབང་ཤེས་ཡོན་ཅན་གྱི་ བཟའ་ཚང་༢ ཀྱིས་ འདས་པའི་ལོ་༢ དེ་ཅིག་ལས་ འགོ་བཙུགས་ཡོད་མི་ ལས་འགུལ་དེ་གིས་ འབྲུག་གི་ཁ་སྐད་ཉམས་ཉེན་ཡོད་མི་ཚུ་ བསྡུ་སྒྲིག་འབད་དེ་ སྒྲ་བཟུང་འབད་ཞིནམ་ལས་ ཐོ་བཀོད་འབད་དོ་ཡོདཔ་ཨིན་པས།
ཁ་སྐད་མ་འདྲཝ་ཚུ་གི་ སློབ་སྟོན་འབད་བའི་བསྒང་།


ལས་འགུལ་འགོ་འདྲེན་པ་དང་ སློབ་སྟོན་པ་ ཀརྨ་ཚེ་རིང་གིས་ ཨོ་ལེ་དང་ ལྷོཔ་ དགོངས་འདུསཔ་དང་ མོན་ཁ་ དེ་ལས་ རྫོང་ཁ་ཚུ་ཤེས་མི་ ན་གཞོན་༥ དེ་ཅིག་ལུ་ ཁོང་རའི་ཁ་སྐད་ སྒྲ་འཛིན་འབད་དེ་ སྒྲ་སྒྱུར་འབད་ཐངས་ཚུ་ སྟོན་པའི་བསྒང་ཨིན་པས།
ཁ་སྐད་དེ་ཚུ་ བསྡུ་བཀོད་འབད་དགོ་མི་དེ་ཡང་ ཁ་སྐད་དེ་ཚུ་ སླབ་ཤེས་མི་གངམ་མེདཔ་ལས་ ཉམས་སོ་པ་ཅིན་ ཁ་སྐད་དེ་དང་འབྲེལ་བའི་ ལམ་ལུགས་སྲོལ་གྱི་ཁྱད་ཆོས་ཚུ་ཡང་ ག་གིས་ཡང་མ་ཤེས་པར་ རྩ་མེད་ཡལ་ནི་གི་ ཉེན་ཁ་ཡོད་མི་ལུ་བརྟེན་ཨིན་ཟེར་ ཀརྨ་ཚེ་རིང་གིས་བཤད་ཅི།
ཁོ་གིས་སླབ་མིའི་ནང་ དཔེར་ན་ དབང་འདུས་ཕོ་བྲང་ ཨ་ད་གི་ ཨོ་ལེ་ཁ་སྐད་ཐོག་ཆག་མེདཔ་སྦེ་ཤེས་མི་ སྐྱེས་ལོ་༨༠ ལྷགཔ་ཅིག་ལང་མི་ ཨང་རྒས་ཆོས་སྒྲོན་རྐྱངམ་གཅིག་ཡོདཔ་ལས་ མོ་གི་ཁ་སྐད་ཚུ་ སྒྲ་འཛིན་འབད་ཡོད་རུང་ མོ་ར་ ལོ་ན་རྒས་ནི་དེ་གིས་ གདོང་སོ་༢ མེདཔ་ལས་ སྒྲ་མ་དག་པའི་སྐྱོན་ཐོནམ་ལས་ ཚིག་ལ་ལུ་ སྒྲ་དག་ཏོག་ཏོ་མ་ཐོབ་པར་ ཡོད་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ ཁ་སྐད་དེ་ཚུ་ མ་འོངས་ཤེས་ཡོན་དང་ ཞིབ་འཚོལ་གྱི་དོན་ལུ་ བསྡུ་བཀོད་འབད་དགོ་མི་དེ་ཡང་ དེ་བཟུམ་སྦེ་ ཨམ་ཆོས་སྒྲོན་གྱི་ ལོ་ན་རྒས་མི་ལུ་བརྟེན་ མོ་གིས་ཁ་སྐད་དེ་ སླབ་ནི་ཡོད་རུང་ ཚིག་ལ་ལུ་ སྒྲ་མ་དགཔ་སྦེ་ཡོདཔ་ལས་ ཁ་སྐད་དེ་གི་ སྒྲ་དག་ཤོས་ཐོབ་མ་ཚུགསཔ་བཟུམ་སྦེ་ར་ ཨང་རྒས་ཆོས་སྒྲོན་དང་གཅིག་ཁར་ ཨོ་ལེ་གི་ཁ་སྐད་དེ་ཡང་ ཡལ་ནིའི་གུ་ ཐུག་ཆེ་ནུག་ཟེར་ཨིན་པས།
ན་གཞོན་༥ པོ་དེ་ཡང་ ལྷོ་པའི་ཁ་ཤེས་མི་དང་ དགོངས་འདུས་པའི་ཁ་ཤེས་མི་ རྫོང་ཁ་ཤེས་མི་ དེ་ལས་ མོན་ཁ་ཤེས་མི་ དེ་ལས་ ཨོ་ལེ་གི་ ཚིག་རེ་གཉིས་ཤེས་མི་ཚུ་ཨིན་པས།
ཁོང་ཚུ་ སློབ་རིམ་༡༠ པ་དང་༡༢ པ་མཐར་འཁྱོལ་ཡོད་མི་ཚུ་ཨིནམ་ལས་ སྦྱོང་བརྡར་དེ་ མཇུག་བསྡུ་ཞིནམ་ལས་ རང་སོའི་ མི་སྡེ་ནང་ སོང་ཞིནམ་ལས་ ལམ་སྲོལ་དང་ ཁ་སྐད་ག་ཅི་ཡང་ སྒྲ་བཟུང་དང་ གློག་བརྙན་སྒྲ་འཛིན་འབད་ཐོག་ལས་ བསྡུ་བཀོད་འབད་ནི་དང་ ཁ་སྐད་སྒྲ་འཛིན་འབད་མི་ཚུ་ སྒྲ་བསྒྱུར་འབད་དེ་ སྐད་སྒྱུར་རྐྱབ་ནི་ཨིན་པས།
ལས་འགུལ་དེ་ ཀརྨ་ཚེ་རིང་དང་ ཁོ་གི་ཨམ་སྲུ་ ཁ་སྐད་དང་སྒྲ་སྒྱུར་མཁས་མཆོག་ ག་བེན་ཌོ་ལིན་ ཨེམ་ ཚེ་རིང་ ཧེས་ལོབ་༢ ཀྱིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ མ་དངུལ་དེ་ ཨ་མི་རི་ཀ་ལུ་ཡོད་མི་ ཕའེར་བརཌ་ གཞི་ཚོགས་ཀྱིས་རྒྱབ་སྐྱོར་ཐོག་ ལག་ལེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment