༣/༧/༢༠༡༣ ༉ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་གནས་སྟངས་ ཉམས་འགྱོ་མི་ལུ་བརྟེན་ གློག་བརྙན་བཟོ་སྐྲུན་པ་ཚུ་གིས་ གློག་བརྙན་བཟོ་མ་ཚུགས་པར་ལུས་དོ་ཡོདཔ་ལས་ གློག་བརྙན་བཟོ་སྐྲུན་གྱི་ལཱ་ལུ་བརྟེན་སྡོད་མི་ ན་གཞོན་ཚུ་ ལཱ་གཡོག་མེད་པའི་ དཀའ་ངལ་ཐོན་དོ་ཡོདཔ་ཨིན་པས།
འབྲུག་པའི་གློག་བརྙན་རེ་རེ་ བཟོ་སྐྲུན་འབད་བའི་སྐབས་ དེ་ནང་ལཱ་འབད་མི་ ཉུང་ཤོས་མི་གྲངས་༤༠ དེ་ཅིག་ལུ་ ལཱ་གཡོག་གི་གོ་སྐབས་ཚུ་ སྤྲོད་དོ་ཡོདཔ་བཞིན་དུ་ གློག་བརྙན་རེ་རེ་བཟོ་སྐྲུན་འབད་ཚར་ནི་ལུ་ ཉུང་ཤོས་ཉིན་གྲངས་༤༥ དེ་ཅིག་ འགོར་དོ་ཡོདཔ་ཨིན་པས།
འབྲུག་གློག་བརྙན་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཤེས་རབ་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དཔལ་འབྱོར་གྱི་གནས་སྟངས་ ཉམས་སོ་མི་ལུ་བརྟེན་ གློག་བརྙན་བཟོ་སྐྲུན་པ་ཚུ་གིས་ གློག་བརྙན་མ་བཟོ་བར་ མཚམས་འཇོག་འབད་བཞག་ཡོདཔ་ལས་ ན་གཞོན་མང་ཤོས་ཅིག་ ལཱ་གཡོག་མེད་པ་སྡོད་པའི་ དཀའ་ངལ་ཐོན་དོ་ཡོདཔ་བཞིན་དུ་ འབྲུག་གློག་བརྙན་ཚོགས་པ་ཡང་ ན་གཞོན་ལཱ་གཡོག་མེད་མི་ཚུ་ལུ་ ཚ་གྱང་ཐེབས་ཅིག་ར་ ལངམ་མས་ཟེར་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་ འབད་བ་ཅིན་ ད་ལྟོ་གློག་བརྙན་བཟོ་སྐྲུན་གྱི་ ལཱ་གཡོག་ལུ་བརྟེན་སྡོད་མི་ ཡོངས་བསྡོམས་༡༠༠༠ ལྷགཔ་ཅིག་ཡོད་ཟེར་ཨིནམ་ད་ ཁོང་གི་ལཱ་གཡོག་ལུ་ ཐོ་ཕོག་པའི་སྐབས་ ཁོང་ལུ་བརྟེན་སྡོད་མི་ བཟའ་ཚང་ཚུ་ལུ་ཡང་ གནོད་པ་སྦོམ་སྦེ་ར་ བྱུང་དོ་ཟེར་ཨིན་པས།
གློག་བརྙན་བཟོ་སྐྲུན་འབད་བའི་སྐབས་ སྒྲ་འཛིན་པ་སྦེ་ ལཱ་འབད་མི་ཅིག་གིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་གི་སྐབས་ ཁོ་གིས་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་མ་ཐོན་རུང་ དུས་ཅི་གི་ལོ་ནང་ ཁོ་ར་གློག་བརྙན་གྱི་ལཱ་འབད་མ་ཚུགསཔ་ལས་ བཟའ་ཚང་སྐྱོང་ནིའི་ནང་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
གློག་བརྙན་བཟོ་སྐྲུན་པ་ཚུ་གིས་ གློག་བརྙན་གསརཔ་བཟོ་མ་ཚུགས་པའི་བསྒང་ལས་ ཁོང་གི་ལཱ་གཡོག་དེ་ཡང་ དེམ་ཅིག་སྦེ་ མཇུག་བསྡུ་དོ་བཟུམ་སྦེ་ མཐོང་མས་ཟེར་ཨིན་པས།
གློག་བརྙན་བཟོ་སྐྲུན་ནང་ ལཱ་འབད་མི་མང་ཤོས་ར་ སློབ་རིམ་༨ པ་ལས་༡༢ པ་ཚུན་ ལྷབ་མི་ཚུ་ཡོད་ཟེར་ ཡོངས་ཁྱབ་དྲུང་ཆེན་ ཤེས་རབ་རྒྱལ་མཚན་གྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ གློང་བརྙན་བཟོ་སྐྲུན་འབད་མི་གིས་ ཚོང་འབྲེལ་གྱི་དོན་ལུ་རྐྱངམ་གཅིག་མེན་པར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་ཅིག་ རང་གི་ལམ་སྲོལ་བདག་འཛིན་འཐབ་ནི་དེ་ཨིནམ་ལས་ རྒྱལ་ཁབ་ཀྱི་ ལམ་སྲོལ་བདག་འཛིན་འཐབ་ནིའི་ནང་ ཕན་ཐོགས་སྦོམ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༣ ལུ་ གཞུང་ག་བཙག་འཐུ་འབད་རུང་ འབྲུག་གློག་བརྙན་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དགོཔ་དེ་ ཁག་ཆེཝ་སྦེ་ཡོད་ཟེར་ཨིན་པས།
འབྲུག་གློག་བརྙན་ཚོགས་པ་གིས་ ན་གཞོན་ལཱ་གཡོག་མེད་མི་ལུ་ ཆ་རོགས་འབད་ནི་མེན་པར་ ཚོགས་པ་དེ་ར་ དཔལ་འབྱོར་གོང་འཕེལ་ཉམས་འགྱོ་མི་ལུ་བརྟེན་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།
འབྲུག་གློག་བརྙན་ཚོགས་པའི་ འཐུས་མི་གིས་ ལོ་བསྟར་འཐུས་སྤྲོད་དགོ་མི་ཚུ་ཡང་ མ་སྤྲོད་པ་ཡོདཔ་ལས་ འཐུས་འབག་ཤོག་ཟེར་ སླབ་ནི་དེ་ཡང་ གཡང་ཟཝ་མས་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤདཔ་ཨིན་པས།
གློག་བརྙན་བཟོ་སྐྲུན་གྱི་ཇོ་བདག་ཅིག་ཨིན་མི་ རྡོ་རྗེ་དབང་མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་གིས་ གློག་བརྙན་རེ་རེ་བཟོ་སྐྲུན་འབདཝ་ད་ ཉུང་ཤོས་ ལས་བྱེདཔ་༣༠ ལས་༤༠ གི་བར་ན་ བཙུགས་དོ་ཟེར་ཨིནམ་ད་ དེ་གིས་ ན་གཞོན་ཚུ་ལུ་ ལཱ་གཡོག་སྤྲོད་ནིའི་ནང་ ཕན་ཐོགས་སྦོམ་འདུག་ཟེར་ཨིན་པས།
དུས་ཅི་གི་ལོ་ནང་ དཔལ་འབྱོར་ཉམས་སོང་མི་ལུ་བརྟེན་ གློག་བརྙན་བཟོ་མ་ཚུགསཔ་ལས་ ན་གཞོན་ཚུ་གི་ འོང་འབབ་ལུ་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
གློག་བརྙན་བཟོ་སྐྲུན་གྱི་ཇོ་བདག་ མི་ལ་སྟོབས་རྒྱས་ཀྱིས་ བཤད་མི་དང་འཁྲིལཝ་ད་ ཁོ་གིས་ གློག་བརྙན་བཟོ་སྐྲུན་འབད་ནི་དེ་ སྤྱི་ལོ་༡༩༩༩ ལས་འགོ་བཙུགས་ཡོདཔ་བཞིན་དུ་ ཁོ་གིས་ གློག་བརྙན་ཡོངས་བསྡོམས་༥ དེ་ཅིག་ བཟོ་སྐྲུན་འབད་ཡི་ཟེར་ཨིན་པས།
ཁོ་གིས་ གློག་བརྙན་འགོ་དང་པ་ བཟོ་སྐྲུན་འབད་མི་ དཀའ་ངལ་ཟེར་བའི་ གློག་བརྙན་རྐྱངམ་གཅིག་གིས་ ཁེ་སང་ཐོབ་ཡོདཔ་མ་གཏོགས་ གཞན་མི་ གློག་བརྙན་༤ གིས་ ཁེ་སང་ཐོབ་མ་ཚུགསཔ་ལས་ ཁོ་གིས་ གློག་བརྙན་བཟོ་སྐྲུན་འབད་ནི་དེ་ དེམ་ཅིག་སྦེ་ མཇུག་བསྡུ་བཞག་ཅི་ཟེར་ཨིན་པས།
རྒྱལ་ཁབ་ནང་ལཱ་གཡོག་མེད་པའི་ དཀའ་ངལ་དེ་ ཤུགས་ཆེ་སུ་སྦེ་ར་ཡོད་པའི་ཁར་ དཔལ་འབྱོར་གོང་འཕེལ་ཉམས་འགྱོ་མི་གིས་ ན་གཞོན་གཡོག་མ་ཐོབ་པའི་དཀའ་ངལ་ ཡར་སེང་འགྱོཝ་མས་ཟེར་ འབྲུག་གློག་བརྙན་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཤེས་རབ་རྒྱལ་མཚན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།
No comments:
Post a Comment