གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུཊ་སཱལ་རྩེད་འགྲན་ འགོ་འདྲེན་འཐབ་དོ་ཡོདཔ།

༥/༧/༢༠༡༣   ༉ ཁ་ཙ་ གཏེར་སྟོན་གྱིས་ འབྲུག་ཀེ་ར་ལིང་སྡེ་ཚན་ལུ་ གཱོལ་༧ བཙུགསཔ་ད་ བྱང་ཕྱད་ཀྱིས་ གཱོལ་༡ ཡང་བཙུགས་མ་ཚུགས་པར་ ཕམ་ཡོད་རུང་ ད་རུང་ རྩེད་འགྲན་འབད་ནིའི་གོ་སྐབས་ཐོབ་ཡོདཔ་ལས་ སེམས་དགའ་ཡོདཔ་ཨིན་པས།
སྒོ་སྲུང་པ་གིས་ བཱོལ་བཟུང་ནིའི་དོན་ལུ་ རྩ་འགེངས་པའི་བསྒང་།


སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་དེ་ཡང་ བཱོལ་བཟུང་མི་༡ དང་ གཞན་རྩེད་འགྲན་པ་༤ རྩིསཝ་ད་ བསྡོམས་ཀྱིས་ རྩེད་འགྲན་པ་༡༠ གི་བར་ན་ རྩེ་དོ་ཡོད་པའི་ཁར་ རྩེད་འགྲན་འབད་ས་དེ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་འོག་ལུ་ཡོད་པའི་ ཕུཊ་སཱལ་ཕུཊ་བཱོལ་ཐང་ནང་སྦེ་ རྩེད་འགྲན་འབད་ཡོདཔ་ཨིན་པས།
སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡༥ འི་ནང་ གཏེར་སྟོན་ལས་ བསོད་ནམས་དབང་ཕྱུག་གིས་ གཱོལ་༡ མ་གཏོགས་ གཞན་མི་ སྡེ་ཚན་གྱིས་ གཱོལ་བཙུགས་མ་ཚུགས་རུང་ བར་མཚམས་ངལ་གསོ་ལས་ གཏེར་སྟོན་གྱིས་ གཱོལ་༦ བཙུགས་ཏེ་ ཕམ་བཏངམ་ད་ འབྲུག་ཀེ་ར་ལིང་གིས་ གཱོལ་༡ ཡང་བཙུགས་མ་ཚུགསཔ་ཨིན་པས།
ཕམ་མི་སྡེ་ཚན་གྱིས་ གཱོལ་༡ ཡང་བཙུགས་མ་ཚུགས་རུང་ དོ་འགྲན་ལེགས་ཤོམ་འབད་ཡོདཔ་མ་ཚད་ ཧེ་མའི་རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་ལས་ ལིག་སྐོར་ཐེངས་༢ པའི་ནང་ འགྱོ་ནིའི་གོ་སྐབས་སྦོམ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འཇམ་དཔལ་ཡུ་ནའི་ཊེཌ་གིས་ གཱོལ་༩ བཙུགསཔ་ད་ གི་རིན་ཌའི་གཱོན་གྱིས་ གཱོལ་༢ ལས་བརྒལ་ བཙུགས་མ་ཚུགསཔ་བཞིན་དུ་ བི་བི་བི་སྡེ་ཚན་གྱིས་ གཱོལ་༨ བཙུགས་ཏེ་ཕམ་བཏངམ་ད་ ཞོང་ཨེསི་ཊར་གྱིས་ གཱོལ་༥ བཙུགས་ཡོདཔ་ཨིན་པས།
ཉིན་མའི་ཆུ་ཚོད་༢ ལུ་ པེཌ་སི་ཊི་དང་ རི་ཡུ་ནེ་ཡཱན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ པེཌ་སི་ཊི་གིས་ གཱོལ་༥ བཙུགས་ཏེ་ བྱང་ཕྱད་ལས་རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཉིནམ་རེ་ལུ་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབད་དོ་ཡོདཔ་ད་ རྩེད་འགྲན་དེ་ སྤྱི་ཟླ་༧ པའི་ཚེས་༡ ལས་འགོ་བཙུགས་མི་གིས་ སྤྱི་ཟླ་༧ པའི་ཚེས་༡༢ ལུ་ མཐའ་བཅད་རྩེད་འགྲན་འབད་ཐོག་ལས་ མཇུག་བསྡུ་ནི་ཨིན་པས།
ན་གཞོན་དཔལ་རི་ ཆང་དང་སྨྱོ་རྫས་བཀག་འཛིན་ལྟེ་བ་གིས་ འགོ་འདྲེན་འཐབ་མིའི་ཕུཊ་སཱལ་རྪེད་འགྲན་ནང་ལས་ ན་གཞོན་སྐྱེས་ལོ་༢༤ འབད་མི་ འཇིགས་མེད་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ གནམ་བྱཱར་ སློབ་ཕྲུག་ཚུ་ ངལ་གསོ་གི་སྐབས་ལུ་ ཆང་དང་སྨྱོ་རྫས་ དེ་ལས་ འཐབ་འཛིང་འབད་ནི་ལས་ བཀག་འཛིན་འབད་འཐབ་དང་ ན་གཞོན་ཚུ་གི་ དུས་ཚོད་ལེགས་ཤོམ་ལག་ལེན་འཐབ་ནིའི་དོན་ལུ་ ན་གཞོན་གོང་འཕེལ་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
ལས་རོགས་ཅིག་ཨིན་མི་ ཚེ་རིང་ཆོས་སྐྱིད་ཀྱིས་འབད་བ་ཅིན་ དུས་ཅི་ འགོ་ཐོག་འགོ་འདྲེན་འཐབ་དོ་ཡོདཔ་ལས་ ན་གཞོན་སྡེ་ཚན་ལེ་ཤ་ཅིག་ལུ་ གོ་སྐབས་སྤྲོད་མ་ཚུགས་ཟེར་ཨིནམ་ད་ སང་ཕོད་ལས་ སྡེ་ཚན་༣༠ ལྷགཔ་ཅིག་ལུ་ གོ་སྐབས་སྤྲོད་ནིའི་འཆར་གཞི་ཡོད་ཟེར་ སླབ་ཨིན་པས།
ད་རིས་ དྲོ་པའི་རྩེད་འགྲན་ནང་ འབྲུག་ཀེ་ར་ལིང་དང་ ཀུན་འབྱུང་ དེ་ལས་ གི་རིན་ཌའི་གཱོན་དང་ སྤུན་ཆ་སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབད་ནི་དང་ ཉིན་མའི་རྩེད་འགྲན་ནང་ བི་བི་དང་ མུ་ཏིག་ཐང་ པེཌ་སི་ཊི་དང་ རྫོང་རིག་སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment