གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་སྦེ་ བཙུགས་ཡོདཔ་མ་གཏོགས་ ཉོགས་བཤད་མེན་པའི་དོགས་སེལ།

༥/༧/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ བརྡ་བརྒྱུད་ལུ་ དོགས་སེལ་འབད་མིའི་ནང་ འཕྲལ་ཁམས་ཅིག་ཁར་ གཙུག་སྡེ་ལ་ལུའི་ འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་གཡོ་བསྒྱུར་འབད་ཡོད་པའི་ འཐོར་གཏམ་གོ་མི་ལུ་བརྟེན་ ཚ་གྱང་ཡོད་ལུགས་བཀོད་དེ་ བཙག་འཐུ་ལྷན་ཚོགས་ལུ་ སྙན་ཞུ་དང་འདྲཝ་སྦེ་ ཞུ་ཡིག་བཙུགས་ཅི་ཟེར་ཨིན་པས།


ཚོགས་པའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལོ་རྒྱུས་འདྲ་མིན་གོ་མི་ལུ་ ཚ་གྱང་ཡོད་ལུགས་ཀྱི་ གནད་དོན་མ་གཏོགས་ ཞིབ་དཔྱད་ཀྱི་དོན་ལུ་ ཉོགས་བཤད་ཡི་གུ་སྦེ་ བཙུགས་བཙུགསཔ་མེན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་འབད་བ་ཅིན་ འབྲེལ་ཡོད་གཙུག་སྡེ་ཁག་གིས་ འགྲེམ་ཐོག་ཚོགས་རྒྱན་ཚུལ་མིན་ལག་ལེན་འཐབ་ཡོད་པའི་ ཁ་ཉེས་ཡོད་མི་ཚུ་ལུ་ ནང་འཁོད་དབྱེ་ཞིབ་འབད་དོ་ཡོདཔ་སྦེ་ སླབ་མི་ལུ་བརྟེན་ བློ་བདེ་ཡི་ཟེར་ཨིནམ་ད་ གནད་དོན་དེ་ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོད་རུང་ ཡང་ཅིན་ ཞིབ་དཔྱད་འབད་ཚར་ཡོད་རུང་ དེ་ལུ་ ཡིད་ཆེས་ཡོད་ཟེར་བཤད་ཅི།
མི་ལ་ལུ་གིས་ བསམ་འཆར་སླབ་མིའི་ནང་ མ་འོངས་པའི་ བཙག་འཐུ་ཚུ་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ལམ་ལུགས་རང་འཇགས་བཞག་པ་ཅིན་ ཚུལ་མིན་ལག་ལེན་གྱི་ འོས་འབབ་མེད་པའི་ ཐབས་ལམ་ཅིག་ བཏོན་དགོཔ་འདུག་ཟེར་ཨིནམ་ད་ གལ་སྲིད་ འགྲེམ་ཐོག་ཚོགས་རྒྱན་གཡོ་བཅོས་འབད་བ་ཅིན་ བཙག་འཐུའི་དགོས་དོན་མེདཔ་འགྱོ་འོང་ཟེར་ མི་ལེ་ཤ་ཅིག་གིས་ བཤདཔ་ཨིན་པས།
དེ་ཡང་ དཔེ་འབད་བ་ཅིན་ སློབ་ཕྲུག་དང་ ཞི་གཡོགཔ་ དེ་ལས་ དྲག་ཁག་གསུམ་གྱི་ དམག་མི་དང་ བཟའ་ཚང་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོབ་ལམ་ཡོདཔ་ལས་ དེ་ཚུ་ ཚུལ་མིན་ལག་ལེན་འཐབ་པ་ཅིན་ འོས་འབབ་མེད་པའི་ སྲིད་ཚོགས་བཙག་འཐུ་འགྲུབ་ནི་གི་ ཉེན་ཁ་ཡོད་ཟེར་ ཞི་གཡོགཔ་བགྲེསཔ་ཅིག་གིས་ སླབ་ཨིན་པས།
ལ་ལུ་གིས་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་ལམ་ལུགས་མེདཔ་ བཟོ་ཞིནམ་ལས་ ཁྲོམ་སྡེ་ཁག་ཚུ་ནང་ འདེམས་ཁོངས་ག་ཏེ་ལས་ཨིན་རུང་ རང་སྡོད་སའི་ ས་གོ་ནང་ར་ ཚོགས་རྒྱན་བཙུགས་ནི་གི་ འོས་འབབ་བལྟ་དགོཔ་འདུག་ཟེར་ གཞུང་མིན་ལས་ཚོགས་ཀྱི་ ལས་བྱེདཔ་ཅིག་གིས་ བསམ་འཆར་བཤདཔ་ཨིན་པའི་གནས་ཚུལ།
 
བསམ་གཏན་ཡེ་ཤེས།

No comments:

Post a Comment