གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་སྐྱོང་དང་ ལྡོག་ཕྱོགས་ཀྱི་གོ་སྐབས་ ག་ཐོབ་སྟེ་འབད་རུང་ གོ་སྐབས་བཟང་པོ་ཨིནམ།

༡༣/༧/༢༠༡༣   ༉ བསྐུལ་བསྒྲགས་མཇུག་བསྡུ་ཞིནམ་ལས་ འདས་པའི་ཉིནམ་༢ ཀྱི་རིང་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ པདྨ་དགའ་ཚལ་ཁྲོམ་ལས་ ས་ཐག་རིང་སར་ སྤོ་ཏོག་ཅིག་གུ་ མཚམས་ཁང་བཟུམ་ཅིག་ནང་སྡོད་རུང་ ཚོགས་རྒྱན་བཙུགས་པར་འོང་མི་ ལེ་ཤ་ཅིག་གིས་ སྨོན་འདེབས་ཞུ་བར་ ཐོན་ཡོདཔ་ཨིན་པས།


ཁ་ཙ་ ཀུན་གསལ་ལུ་སླབ་མིའི་ནང་ ཁོ་གིས་ བསྐུལ་བསྒྲགས་ལས་རིམ་སྐབས་ལུ་ མི་ག་དེ་མང་མང་དང་གཅིག་ཁར་ འཕྱད་ཞིནམ་ལས་ འབྲུག་ཕུན་སུམ་ཚོགས་པའི་ བརྡ་འཕྲིན་གསལ་བཤད་འབད་དགོཔ་ཡོད་མི་ཚུ་ག་ར་ འབད་ཚར་ཡོད་རུང་ མནོ་དོ་བཟུམ་སྦེ་ར་ ད་རུང་ མི་ལེ་ཤ་ཅིག་དང་ ཕྱད་མ་ཚུགས་ཟེར་ཨིནམ་ད་ དེ་ཡང་ རྫོང་ཁག་དག་པ་ཅིག་ནང་ བསྐུལ་བསྒྲགས་འབད་བར་ མ་ལྷོད་ནི་དེ་གིས་ཨིན་པས།
དེ་ལས་ འདས་པའི་ཉིནམ་དག་པ་ཅིག་ནང་ ཕྱད་ཚུགས་པའི་འཐུས་མི་ཚུ་དང་ ཁ་སླབ་ཐོག་ལས་ བཙག་འཐུའི་གྲུབ་འབྲས་ག་ཅི་བཟུམ་འཐོན་རུང་ ངོས་ལེན་འབད་ནིའི་ གྲ་སྒྲིག་ཡོད་ཟེར་ཨིནམ་ད་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཀྱི་གོ་སྐབས་ ག་ཐོབ་སྟེ་འབད་རུང་ གོ་སྐབས་བཟང་པོ་ཨིན་ཟེར་ བློན་ཆེན་བགྲེསཔ་གིས་བཤད་ཅི།
འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ་འཐོབ་ནིའི་འོས་འབབ་ཡོད་ག་ཟེར་ དྲི་བའི་ལན་ལུ་ ཁོ་གིས་སླབ་མིའི་ནང་ སྔོན་ཤེས་མེད་པའི་ཁར་ འཛམ་གླིང་གི་ སྲིད་དོན་གནས་སྟངས་ཡུན་རིངམོ་སྦེ་ ལྟ་རྟོག་འབད་ཡོདཔ་ལས་ བཙག་འཐུའི་གྲུབ་འབྲས་ སྔོན་རྟོགས་འབད་ནི་དེ་ མནོ་བསམ་བཏང་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༨ ལུ་ཡང་ ཚོགས་པ་གིས་ རེ་བ་བསྐྱེད་མི་དང་ གྲུབ་འབྲས་རྟགས་མ་མཐུནམ་སྦེ་ ཐོན་ཡི་ཟེར་ཨིན་པས།
ད་རིས་ ཕུན་སུམ་ཚོགས་པ་གིས་ ད་རུང་ལོག་སྟེ་ར་ གཞུང་སྐྱོང་གི་གོ་སྐབས་འཐོབ་སྟེ་འབད་བ་ཅིན་ ཁས་བླངས་གསལ་བསྒྲགས་དང་བསྟུན་ ལོ་༥ འི་འཆར་གཞི་༡༡ པ་དེ་ དམིགས་གཏད་ཁ་གསལ་བཀོད་དེ་ ཟིན་བྲིས་གྲ་སྒྲིག་ཡོད་ཟེར་ཨིན་པས།
ཨིན་རུང་ ཁས་བླངས་གསལ་བསྒྲགས་དང་ འཆར་གཞི་༡༡ པའི་ཟིན་བྲིས་ནང་ མ་ཚུད་པར་ལུས་མི་ ལེ་ཤ་ཡོདཔ་ལས་ ཚོགས་པ་གིས་ གནད་དོན་དེ་ཚུའི་དོན་ལུ་ དུས་ཡུན་ལེ་ཤ་ཅིག་ བྱིན་དགོཔ་ཡོདཔ་མ་ཚད་ གལ་སྲིད་ཚོགས་པ་དེ་ ལྡོག་ཕྱོགས་ཀྱི་གོ་སྐབས་བཟང་པོ་དེ་ འཐོབ་སྟེ་འབད་བ་ཅིན་ ཚོགས་པ་གིས་ གཞུང་ལུ་ ཚོགས་པའི་ཁས་བླངས་དང་འབྲེལ་གནད་དོན་ཚུ་ཡང་ ངོས་ལེན་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཟེར་ཨིན་པས།
དེ་མ་ཚད་ གཞུང་སྐྱོང་ལུ་ རྒྱལ་ཡོངས་ཀྱི་གནད་དོན་ཚུ་ནང་ དུས་ནམ་ར་འབད་རུང་ རྒྱབ་སྐྱོར་འབད་དགོ་པའི་ གནད་དོན་ཚུ་ནང་ འོས་ལྡན་གྱི་བསམ་འཆར་ཚུ་ བཀོད་ཐོག་ལས་ མཉམ་འབྲེལ་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པའི་ཁར་ ལེགས་བཅོས་འོས་པའི་ བསམ་ཚུལ་བཀོད་ཐོག་ལས་ གཞུང་སྐྱོང་ཚོགས་པ་དེ་ལུ་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་ལོ་༥ ནང་ ཚོགས་པ་གིས་ ག་དེ་སྦེ་ གཞུང་སྐྱོང་ནི་ཨིན་ན་ གསལ་སྟོན་འབད་ཡོདཔ་བཞིན་དུ་ གལ་སྲིད་ལྡོག་ཕྱོགས་ཀྱི་གོ་སྐབས་ལེན་དགོ་པ་ཅིན་ ཚོགས་པ་གིས་ ལྡོག་ཕྱོགས་ཀྱི་འགན་འཁྲི་ ག་དེ་སྦེ་ འབག་དགོཔ་ཨིན་ནའི་ མིག་དཔེ་བཟང་པོ་ཅིག་ བཞག་ནི་གི་ གོ་སྐབས་ལེན་ནིའི་ ངོས་ལེན་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment