གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ལས་ སྣུམ་འཁོར་ཚུ་ སྡེ་ཚན་སྦེ་གཏང་ནི།

༡/༧/༢༠༡༣   ༉ ཁྲིམས་སྲུང་འགག་སྡེ་གིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ ད་རིས་ སྤྱི་ཟླ་༧ པའི་ཚེས་༡ ལས་འགོ་བཙུགས་ རྒྱ་གར་ཨ་སམ་བརྒྱུད་དེ་ འགྲུལ་བསྐྱོད་འབད་མི་ འབྲུག་གི་སྣུམ་འཁོར་ཚུ་ ཉིནམ་རེ་ལུ་ ཚར་གཉིས་རེ་སྦེ་ སྟབས་གཅིག་ཁར་ བཏང་ཐོག་ལས་ འགྲོ་འགྲུལ་འབད་བཅུག་ནི་ཨིན་པས།


དེ་ཡང་ མི་མང་གི་ ཉེན་སྲུང་དང་ སྲུང་སྐྱོབ་ལུ་དམིགས་ཏེ་ཨིན་ཟེར་ ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ ཨ་སམ་བརྒྱུད་དེ་ འགྲུལ་བསྐྱོད་འབད་འདོད་ཡོད་མི་ སྣུམ་འཁོར་ཚུ་ ས་མཚམས་སྒོ་རའི་ས་གནས་ཕུན་ཚོགས་གླིང་དང་ བསམ་རྩེ་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ཚུ་ལས་ དྲོ་པའི་ཆུ་ཚོད་༧.༣༠ དང་༡༠.༣༠ ལུ་རྐྱངམ་གཅིག་ གཏང་ནི་ཟེར་ཨིན་པས།
གལ་སྲིད་ ཁྲིམས་སྲུང་འགག་སྡེའི་ གསལ་བསྒྲགས་ལུ་མ་གནས་པར་ རང་རྐྱང་སྦེ་ འགྲུལ་བསྐྱོད་འབད་བ་ཅིན་ ཁྲིམས་ཀྱི་ངོས་ལེན་འབད་འོང་ཟེར་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment