གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་དང་ གཞལམ་སྒང་བར་ནའི་ གཞུང་ལམ་ཆད་ཡོདཔ།

༨/༧/༢༠༡༣    ༉ སྤྱི་ཟླ་༧ པའི་ཚེས་༦ ལུ་ དགེ་ལེགས་ཕུག་དང་ གཞལམ་སྒང་གི་ བར་ནའི་གཞུང་ལམ་ མི་ཊར་༢༠༠ དེ་ཅིག་ ཆད་སོང་མི་ལུ་བརྟེན་ འགྲོ་འགྲུལ་འབད་མི་འགྲུལ་པ་ཚུ་ འགྲུལ་བསྐྱོད་འབད་མ་ཚུགས་པར་ ཐོགས་ལུས་ཡོདཔ་ཨིན་པས།


དེ་ཡང་ ཉིན་གྲངས་༣ གྱི་རིང་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ ས་གནས་ཁག་༥ ནང་ ས་རུད་ཆད་མིའི་གྲས་ལས་ ས་གནས་ བོད་ཀ་ཊིང་་ཟེར་ས་ལུ་ སྐྱོ་དྲག་ཡོདཔ་ད་ ས་རུད་དང་ རྡོ་ཤིང་རག་རོ་ཚུ་གིས་ ས་གནས་ ཤེ་ཏི་ཁ་རི་ ཨིས་ལིཔ་ བོད་ཀ་ཊིང་ སེར་ཀེམ་ དེ་ལས་ ཏ་མ་ལ་ཚུ་ནང་ ལམ་བཀག་ལུས་ཡོདཔ་ཨིན་པས།
དགེ་ལེགས་ཕུག་གི་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་རྐོ་འཕྲུལ་ཆས་ཚུ་ ས་གནས་ནང་བཙུགས་བཞག་ཡོད་མི་ལུ་བརྟེན་ སྤྱི་ཟླ་༧ པའི་ཚེས་༥ དང་༦ ལུ་ སྣུམ་འཁོར་ཚུ་བཏང་ཚུགས་ཡོདཔ་ཨིན་རུང་ ས་གནས་བོད་ཀ་ཊིང་གི་ གཞུང་ལམ་གྱི་གཞི་འགྱམ་ཚུ་ ཆུ་གིས་ འཕྱགས་བདའ་ནི་དེ་གིས་ ས་དང་རྡོ་ དེ་ལས་ ཤིང་གི་རག་རོ་ཚུ་ སེལ་མ་ཚུགས་པ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༦ གི་ཕྱི་རུ་ ཆརཔ་ཤུགས་སྦེ་རྐྱབ་ནི་དེ་གིས་ ཤེ་ཏི་ཁ་རི་ལུ་ ལམ་སེལ་འཕྲུལ་ཆས་༢ བཙུགས་ཏེ་ ལཱ་འབད་ཡོདཔ་བཞིན་དུ་ ཁ་ཙ་དྲོ་པའི་ཆུ་ཚོད་༡༡ ཚུན་ སྣུམ་འཁོར་ཚུ་ བཀག་བཞག་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ལས་ གསེར་གཞོང་ལུ་ ཀི་ལོ་མི་ཊར་༧ གི་ས་གནས་ཁར་ཨིན་མི་ ཨིས་ལིབ་ཟེར་ས་ ཆརཔ་ཤུགས་སྦེ་ རྐྱབ་ཅིག་ ས་རུད་ཆད་འོང་ནི་དེ་གིས་ ས་བརྐོ་འཕྲུལ་ཆས་ཅིག་ ས་གནས་དེ་ཁ་ར་ བཞག་ཡོད་མི་དེ་གིས་ སྣུམ་འཁོར་བཀག་བཞག་དགོཔ་མི་ཐོན་མས་ཟེར་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་འགོ་དཔོན་ བོ་ལ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
དགེ་ལེགས་ཕུག་ལས་ གནས་ཚུལ་བཤད་མི་ཅིག་གིས་འབད་བ་ཅིན་ ལམ་གྱི་གཞི་འགྱམ་ག་ར་ ཆུ་གིས་ འཕྱགས་བདའ་ཡོདཔ་ལས་ སྣུམ་འཁོར་ཚུ་ ནམ་གཏང་ཚུགས་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
ཆརཔ་མ་རྐྱབ་པར་ གནམ་གཤིས་ལེགས་ཤོམ་ ཡོད་པ་ཅིན་རྐྱངམ་ཅིག་ འཁོར་ལམ་དེ་ སེལ་ཚུགས་ནི་མས་ཟེར་ བོ་ལ་རྒྱལ་མཚན་གྱིས་ སླབ་ཨིན་པས།
མ་གཞི་ ལམ་ཐོགས་ལུས་མི་དེ་གིས་ གཞལམ་སྒང་ལུ་འགྲོ་འགྲུལ་འབད་མི་ ལེ་ཤ་ཅིག་ ས་གནས་ནང་ ཐོགས་ལུས་ཡོདཔ་མ་ཚད་ གཞལམ་སྒང་ལུ་ བཙག་འཐུ་གི་སྒྲིག་རྒྱུག་ནང་འགྱོ་མི་ ཁྲིམས་སྲུང་འགག་པ་༤༠ དང་ འགོ་དཔོན་ཅིག་ཡང་ ཁ་ཙ་ བ་ཊ་སེ་ཟེར་ས་ཚུན་ རྐང་ཐང་སྦེ་ལམ་འགྱོ་དགོཔ་ ཐོན་ཡོདཔ་ཨིན་པས།
གཞལམ་སྒང་ལས་ཚོང་པ་ཅིག་ སྤྱི་ཟླ་༧ པའི་ཚེས་༥ ལས་ དགེ་ལེགས་ཕུག་ལུ་ ཐོགས་ལུས་ཡོདཔ་ད་ ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ གནས་སྟངས་དེ་ ད་ལྟོ་བཟུམ་སྦེ་ར་སྡོད་པ་ཅིན་ སྤྱིར་བཏང་བཙག་འཐུ་གི་ཉིནམ་ལུ་ ཚོགས་རྒྱན་བཙུགས་པར་འོང་མི་ ཉུང་སུ་ཅིག་ལས་ མི་འོང་ནི་བཟུམ་ཅིག་ མཐོང་མས་ཟེར་ཨིན་པས།
དགེ་ལེགས་ཕུག་ལུ་སྡོད་མི་ ཨྱོན་གྱིས་སླབ་མིའི་ནང་ མ་གཞི་ ཁོ་དང་ ཁོ་རའི་བཟང་ཚང་ཚུ་ གཞལམ་སྒང་ ཁེངས་མགོ་ཤིང་ལུ་ ཚོགས་རྒྱན་བཙུགས་པར་འགྱོ་ནི་གི་ སེམས་ཐག་བཅད་ཡོདཔ་ཨིན་རུང་ ལམ་གྱི་གནས་སྟངས་ཚུ་ དེ་སྦེ་ར་སྡོད་པ་ཅིན་ རང་གི་ཚེ་སྲོག་ལུ་ ཉེན་ཁ་འབག་སྟེ་ འགྱོ་མི་ཚུགས་ནི་བཟུམ་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment