གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འདྲེན་འབད་མི་ལས་ ནང་འཁོད་ཚོད་བསྲེ་ལུ་ གདམ་ཁ།

༨/༧/༢༠༡༣   ༉ ད་རེས་ནངས་པ་ ཐིམ་ཕུ་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ཁར་ ནང་འཁོད་ཚོད་བསྲེ་ཐོན་ནིའི་དུས་ཚོད་འབད་ནི་དེ་གིས་ ནང་འདྲེན་འབད་མི་ བསྲེ་ཚོད་ཀྱི་གོང་ཚད་ མར་བབས་སོང་རུང་ ཚོད་བསྲེ་ལ་ལུ་ཅིག་གི་ གོང་ཚད་ཡར་སེང་སོང་ཡོདཔ་ཨིན་པས།
ཚོང་འགྲོན་པ་ཚུ་གིས་ ཀེ་བ་གདམ་ཁ་རྐྱབ་སྟེ་ ཚོང་སྒྱུར་འཐབ་པའི་བསྒང་།


ཚོད་བསྲེ་ཁྲོམ་ཁར་ ནང་འདྲེན་འབད་མི་ ཚོད་བསྲེ་གི་གོང་ཚད་མཐོ་དྲག་འབད་ཡོད་རུང་ ནང་འཁོད་ལས་ཐོན་ནི་མེདཔ་ལས་ ཉོ་འབག་མི་ སྐྱེས་ལོ་༢༥ ལང་མི་ ཕུན་ཚོགས་དབང་མོ་གིས་ སླབ་མི་དང་འཁྲིལཝ་ད་ གལ་སྲིད་ ཚོདམ་ནང་ བླམ་བན་ད་ མ་བླུགས་པ་ཅིན་ མར་ཁུ་དང་ དར་ཚིལ་ དེ་ལས་ གཞན་གྱི་རིགས་ཚུ་ ག་དེ་ཅིག་བླུགས་རུང་ བཅུད་མིན་འདུག་ཟེར་ཨིན་པས།
སྤྱི་ཟླ་༦ པའི་མཇུག་གི་བདུན་ཕྲག་ནང་ ནང་འཁོད་ལས་ ཐོན་མི་ཚོད་བསྲེ་ཚུ་གི་གྲས་ལས་ སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་ནང་ ཨེ་མ་སྐམ་བསྡོམས་ཀྱི་ཀེ་ཇི་༤༢༦ འབག་འོང་མི་ལས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༢༦ སྦེ་ ཚོང་འབྲེལ་འཐབ་ཡོདཔ་ད་ ཉ་ཁག་ཅུང་ཀེ་ཇི་༢༨༣ འབག་འོང་མི་ལུ་ ཚོང་འབྲེལ་འབད་བའི་སྐབས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༦༠ འབད་བཙོང་ཡོདཔ་བཞིན་དུ་ བོད་སྲནམ་ཀེ་ཇི་༢༡༥༣ འབག་མི་ལས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༠ དེ་ལས་ ཧོན་ཚོད་ཀེ་ཇི་༧༤༡ ཡོད་མི་ལས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠ སྦེ་ བཙོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ས་ལྒ་ཀེ་ཇི་བསྡོམས་༧༥༩ ལྷོད་མི་ལུ་ བཙོངམ་ད་ ཀེ་ཇི་རེ་ལུ་དངུལ་ཀྲམ་༡༦༠ དང་ སྐྱ་སྒོགཔ་ཇི་རེ་ལུ་དངུལ་ཀྲམ་༡༦༠  སྒོག་པའི་འདབ་མ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥ དང་ རྒྱ་ནག་ཧོན་ཚོད་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥ དང་ སྲནམ་ཅུ་སྦོམ་ཀེ་ཇི་རེ་ལུ་དངུལ་ཀྲམ་༤༡ ཆུང་ཀུ་ལུ་ དངུལ་ཀྲམ་༥༠ མེ་ཏོག་ཀོ་པི་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༥ ཀོ་པི་ལུ་ དངུལ་ཀྲམ་༢༥ ཀེ་བ་ལུ་དངུལ་ཀྲམ་༢༥ ལ་ཕུག་ལུ་ དངུལ་ཀྲམ་༡༥ ལ་ཕུག་དམརཔོ་ལུ་དངུལ་ཀྲམ་༤༣ ཌོ་ལེ་ཨེ་མ་ལུ་དངུལ་ཀྲམ་༤༠༠ ལམ་བཱན་ད་ལུ་དངུལ་ཀྲམ་༥༢.༥ དམ་རུ་ལུ་དངུལ་ཀྲམ་༡༥ ཨེ་མ་ཧོནམ་ལུ་ དངུལ་ཀྲམ་༤༥ དེ་ལས་ ཀ་ཀུ་རུ་ལུ་ དངུལ་ཀྲམ་༢༠ གནས་ཡོདཔ་ཨིན་པས།
འདབ་མ་སྒོགཔ་ཆགཔ་རེ་ལུ་ དངུལ་ཀྲམ་༡༥ དང་ རྒྱ་པཱན་ཧོན་ཚོད་ཆགཔ་རེ་ལུ་ དངུལ་ཀྲམ་༡༥ དང་ སྲནམ་ཅུམ་སྦོམ་ ཀེ་ཇི་རེ་ལུ་དངུལ་ཀྲམ་༤༡ ཆུང་ཀུ་ལུ་ དངུལ་ཀྲམ་༥༠ མེ་ཏོག་ཀོ་པི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༥ འདབ་མ་ཀོ་པི་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༥ ཀེ་བ་ལུ་ དངུལ་ཀྲམ་༢༥ ལ་ཕུག་ལུ་ དངུལ་ཀྲམ་༡༥ ལ་ཕུག་དམརཔོ་ལུ་ དངུལ་ཀྲམ་༤༣ ཌོ་ལེ་ཨེ་མ་ལུ་ དངུལ་ཀྲམ་༤༠༠ བླམ་བན་ད་ལུ་ དངུལ་ཀྲམ་༥༢.༥ འདམ་རུ་ལུ་ དངུལ་ཀྲམ་༡༥ ཨེ་མ་ཧོནམ་ལུ་ དངུལ་ཀྲམ་༤༥ དེ་ལས་ ཀ་ཀུ་རུ་ལུ་ དངུལ་ཀྲམ་༢༠ རེ་སྦེ་བཙོང་དོ་ཡོདཔ་ཨིན་པས།
ནང་འཁོད་ལས་ཐོན་མི་ ཚོད་བསྲེ་རིགས་ཡོངས་བསྡོམས་ ཀེ་ཇི་༧༦,༤༧༣ ཡོདཔ་ལས་བརྟེན་ ནང་འདྲེན་འབད་མི་ ཚོད་བསྲེ་གི་རིགས་ཚུ་ ཡོངས་བསྡོམས་ཀེ་ཇི་༤༢,༥༠༥.༥ ལེན་ཡོདཔ་ཨིན་པས།
སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ཚོགས་སྡེ་འོག་གི་ ཐིམ་ཕུ་ སོ་ནམ་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་ གསར་སྟོན་འབད་མི་སྙན་ཞུ་དང་འཁྲིལཝ་ད་ ཀེ་བ་ཀེ་ཇི་རེ་ལུ་དངུལ་ཀྲམ་༡༧ དང་ བླམ་བན་ད་ལུ་ དངུལ་ཀྲམ་༧༥ སྒོགཔ་ལུ་ དངུལ་ཀྲམ་༣༧ ཁག་ཏེགམ་ལུ་ དངུལ་ཀྲམ་༤༠ ལ་ཕུག་དམརཔོ་ལུ་ དངུལ་ཀྲམ་༤༠ བྱི་ཙི་ཨེ་མ་ལུ་ དངུལ་ཀྲམ་༧༠ སྐྱ་སྒོགཔ་ལུ་ དངུལ་ཀྲམ་༡༢༠ ཀ་ཀུ་རུ་ལུ་ དངུལ་ཀྲམ་༣༠ དེ་ལས་ ཨེ་མ་སྐམ་ཀེ་ཇི་རེ་ལུ་དངུལ་ཀྲམ་༡༨༠ སྦེ་ཡོདཔ་མ་ཚད་ མེ་ཏོག་ཀོ་པི་ལུ་ དངུལ་ཀྲམ་༣༨ དང་ ཀོ་པི་ལུ་ དངུལ་ཀྲམ་༢༧ སྲནམ་ཅུམ་ལུ་ དངུལ་ཀྲམ་༥༠ བོད་སྲནམ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༠ ས་སྒ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༡༥ དེ་ལས་ གླང་ཅུ་རྭ་ལུ་ དངུལ་ཀྲམ་༤༠ སྦེ་ ཚོང་འབྲེལ་འཐབ་ཡོདཔ་ཨིན་པས།
ད་རེས་ནངས་པ་ ཚོང་མགྲོན་འབད་མི་ཚུ་གིས་ ནང་འདྲེན་འབད་མི་ཚོད་བསྲེ་ཚུ་དང་ཕྱདཔ་ད་ ནང་འཁོད་ལས་ ཐོན་མི་ཚོད་བསྲེ་ཚུ་ གདམ་ཁ་རྐྱབ་སྟེ་ ཉོ་འབག་དོ་ཡོདཔ་ལས་ ཚོང་བཙོང་མི་ཚུ་གིས་ ག་དེ་ཅིག་འབག་འོང་རུང་ བདུན་ཕྲག་ནང་ ལྷག་ལུས་མེད་པར་ ཚོང་འབྲེལ་འཐབ་ཚུགསཔ་ལས་ ཁེ་སང་སྦོམ་མེད་རུང་ རྒུད་མི་ཕོག་པས་ཟེར་ ཚོད་བསྲེ་བཙོང་མི་ ཨམ་སྲུ་ཅིག་གིས་ སླབ་ཨིན་པས།
ད་རེས་ ནང་འཁོད་ལས་ ཚོད་བསྲེ་ཐོན་ནིའི་ དུས་ཚོད་གཙོ་བོ་ཅིག་འབདཝ་ལས་ ཐིམ་ཕུ་དང་ སྤ་རོ་ ཧཱ་ དབང་འདུས་ སྤུ་ན་ཁ་ རྩི་རང་ དེ་ལས་ བསམ་རྩི་ཚུ་ནང་ལས་ འཐོན་དོ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment