གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མེ་རླུང་གེསི་རྒྱ་རྫི་གི་ གོང་ཚད་ཡར་སེང་འབད་བའི་ཉིནམ་ལས་ ཚོང་མགྲོན་པ་མར་བབས་སོང་ཡོདཔ།

༨/༧/༢༠༡༣   ༉ མེ་རླུང་གེསི་རྒྱ་རྫི་གི་གོང་ཚད་ ཡར་སེང་འབད་བའི་ཤུལ་ལས་ གདམ་ཁ་གཞན་ ག་ཅི་ཡང་མེད་མི་ལུ་བརྟེན་ ཐིམ་ཕུ་ལུ་ ཞི་གཡོགཔ་ཅིག་ཨིན་མི་ བསོད་ནམས་ཀྱིས་ སྤྱི་ཟླ་༧ པའི་ཚེས་༤ ལུ་ གེསི་རྒྱ་རྫི་གི་ རླུང་བླུགས་ཡོདཔ་ཨིན་པས།
ཚོང་མགྲོན་པ་ཅིག་གིས་ མུ་ཏིག་ཐང་ མེ་རླུང་གེསི་གི་མཛོད་ཁང་ནང་ལས་ གོང་ཚད་གསར་པའི་ཐོག་ལུ་ རྒྱ་རྫི་ཅིག་ རླུང་འདེགས་འབག་པའི་བསྒང་།


སྐྱེས་ལོ་༣༧ ལང་མི་ བསོད་ནམས་ཡེ་ཤེས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ མེ་རླུང་གེསི་རྒྱ་རྫི་དེ་ མི་ཚེའི་ནང་ མེད་ཐབས་མེདཔ་ཅིག་དང་ རང་གི་གཞི་རྟེན་མཁོ་ཆས་ཅིག་ཨིནམ་ལས་ གོང་ཚད་ག་དེམ་ཅིག་ ཡར་སེང་འབད་རུང་ བཤོལ་ཐབས་མེད་པར་ ལག་ལེན་འཐབ་དགོཔ་ཐོནམ་མས་ཟེར་ཨིན་པས།
ཨིན་རུང་ ཁོ་རའི་ གནས་ཚང་གིས་ དེ་ཚེ་ཕྱི་རུ་ར་ གློག་མེ་ལུ་བརྟེན་པའི་ མེ་ཐབ་ཅིག་ ཉོ་འབག་འོང་ནུག་ཟེར་ ཁོ་གིས་ སླབ་ཨིན་པས།
ཁོ་གི་ ཚ་གྱང་སྦོམ་ཤོས་དེ་ར་ ཐོབ་ཁུངས་གངམ་མེད་མི་ མི་སེར་ཚུ་ལུ་ཨིན་ཟེར་ཨིནམ་ད་ མེ་རླུང་གེསི་རྒྱ་རྫི་གི་ གོང་ཚད་ཡར་སེང་འབད་མི་དེ་གིས་ དམིགས་བསལ་དུ་ མི་སེར་ཉམ་ཆུང་ཚུ་གི་ འཚོ་བའི་གནས་སྟངས་ལུ་ གནོད་པ་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ཨིན་པས།
བསོད་ནམས་ཡེ་ཤེས་ཀྱིས་འབད་བ་ཅིན་ མེ་རླུང་གེསི་རྒྱ་རྫི་གི་ གོང་ཚད་དང་ གློག་ཐབ་གཉིས་ཀྱི་ ཁྱད་པར་ཕྱེ་ལྟཝ་ད་ གློག་ཐབ་དེ་ ཟད་འགྲོ་ཉུང་མས་ཟེར་སླབ་མི་ ལེ་ཤ་འདུག་ཟེར་ཨིན་པས།
རྒྱ་གར་གཞུང་གིས་ མེ་རླུང་གེསི་རྒྱ་རྫི་དང་ ས་མར་ཁུ་གི་ གོང་ཚད་ཡར་སེང་འབད་བའི་ཉིནམ་ལས་ ཚོང་མགྲོན་པའི་གྱངས་ཁ་ མར་འབབ་འགྱོ་ནི་ འགོ་བཙུགས་ཡོདཔ་ཨིན་རུང་ གོང་ཚད་ཡར་སེང་འབད་མི་ལུ་བརྟེན་ཏེ་ཨིན་ན་ ཡང་ཅིན་ མཛོད་ཁང་ནང་ མེ་རླུང་གེསི་རྒྱ་རྫི་ ལེ་ཤ་སྦེ་བཞག་མི་ལུ་བརྟེན་ཏེ་ཨིན་ན་ ད་ལྟོ་ གཏན་འཁེལ་སྦེ་ ཧ་གོ་མི་ཚུགས་པས་ཟེར་ཨིན་པས།
མོང་སྒར་གི་ འབྲུག་ས་སྣུམ་ལས་འཛིན་གྱི་ འཛིན་སྐྱོང་པ་ ཚེ་རིང་ལྷུན་གྲུབ་ཀྱིས་ བཤད་མི་དང་འཁྲིལཝ་ད་ ཁོ་རའི་ ཚོང་མགྲོན་པའི་ཐོབ་ཁུངས་ དངུལ་ཀྲམ་༤,༥༠༠ ལས་བརྒལ་མེད་དེ་འབད་རུང་ གེསི་དང་ ས་མར་ཁུ་གི་ གོང་ཚད་ཡར་སེང་འབད་མི་དེ་ལུ་ ཉོགས་བཤད་བཀོད་ཅི་ར་ ཉོ་འབག་འགྱོ་མི་ ལེ་ཤ་ཐོནམ་མས་ཟེར་ཨིན་པས།
མེ་རླུང་གེསི་རྒྱ་རྫི་གི་ གོང་ཚད་སྐོར་ལས་ ཉོགས་བཤད་བཀོད་མི་གཅིག་ བཟའ་ཁང་གི་ ཇོ་བདག་ཚུ་ཨིན་ཟེར་ཨིནམ་ད་ ས་མར་ཁུ་དང་ མེ་རླུང་རྒྱ་རྫི་ཚུ་གི་ གོང་ཚད་ཡར་སེང་འབད་བའི་སྐབས་ བཞེས་སྒོའི་གོང་ཚད་ཚུ་ཡང་ ཡར་སེང་འབད་ནི་ཡོད་ཟེར་ ཚེ་རིང་ལྷུན་སྒྲུབ་ཀྱིས་ བཤདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༤ ལུ་ མོང་སྒར་གྱི་ འབྲུག་ས་སྣུམ་ལས་འཛིན་གྱིས་ མེ་རླུང་གེསི་རྒྱ་རྫི་༢༠ དེ་ཅིག་ བཙོང་ཡོདཔ་བཞིན་དུ་ འཛིན་སྐྱོང་པ་གིས་འབད་བ་ཅིན་ མོང་སྒར་ལུ་ ཨ་རྟག་འབད་རུང་ མེ་རླུང་གེསི་རྒྱ་རྫི་༢༠ ལས་༣༠ གི་བར་ན་ བཙོང་དོ་ཡོདཔ་ལས་ ཁྱད་པར་གནམ་མེད་ས་མེད་ཅིག་ མིན་འདུག་ཟེར་ཨིན་པས།
མེ་རླུང་གེསི་རྒྱ་རྫི་གི་ གོང་ཚད་ཡར་སེང་འབད་བའི་ཤུལ་ལས་ མོང་སྒར་ལུ་ གེསི་༢༣༠ ལྷོད་ཡོདཔ་བཞིན་དུ་ དེ་ནང་ལས་༡༢༠ ལྷུན་རྩེ་ལུ་བཏང་བའི་ཤུལ་ལས་ ད་ལྟོ་ མོང་སྒར་གྱི་ འབྲུག་ས་སྣུམ་ལས་འཛིན་ནང་ མེ་རླུང་གེསི་རྒྱ་རྫི་༡༠༠ ཡོདཔ་ཨིན་པས།
ཕུན་ཚོགས་གླིང་གི་ བཀྲིས་ཚོང་འབྲེལ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་འོགམ་ ཊི་ཨར་ ཤར་མ་གིས་འབད་བ་ཅིན་ མེ་རླུང་གེསི་རྒྱ་རྫི་གི་ གོང་ཚད་ཡར་སེང་འགྱོ་མི་དེ་གིས་ ཉོ་མི་ཡང་ གནམ་མེད་ས་མེད་མར་བབས་ཡར་སོ་ཡི་ཟེར་ཨིན་པས།
ཨིན་རུང་ ཡོངས་ཁྱབ་འཛིན་སྐྱོང་འགོ་དཔོན་འོགམ་ དི་ལིབ་ ཆེ་ཏི་རི་གིས་འབད་བ་ཅིན་ མཛོད་ཁང་ནང་ གསོག་འཇོག་འབད་དེ་བཞག་ཡོད་མི་ མེ་རླུང་གེསི་རྒྱ་རྫི་དེ་ འདས་པའི་ཉིནམ་༣ ལུ་ བཙོང་ཡོདཔ་བཞིན་དུ་ ཟླ་ངོ་༣ དང་༤ དེ་ཅིག་ ཉོ་བར་མི་འོང་ཟེར་ཨིན་པས།
དེ་འབདཝ་ལས་ ད་ལྟོ་ མེ་རླུང་གེསི་རྒྱ་རྫི་གི་ གོང་ཚད་ཡར་སེང་སོང་མི་ལུ་བརྟེན་ཏེ་ ཚོང་མགྲོན་པ་ མར་འབབ་འགྱོ་འགྱོཝ་ཨིན་མས་ཟེར་མི་དེ་ སླབ་ར་མི་ཚུགས་ཟེར་ དི་ལིབ་ཀྱིས་ སླབ་ཨིན་པས།
མེ་རླུང་གེསི་རྒྱ་རྫི་གི་ གོང་ཚད་ཡར་སེང་མ་འབད་བའི་ཧེ་མར་ ཕུན་ཚོགས་གླིང་ལུ་ ཉིནམ་རེ་ནང་ མེ་རླུང་གེསི་རྒྱ་རྫི་༢༠༠ ལས་༣༠༠ གྱི་བར་ན་ བཙོང་དོ་ཡོདཔ་ཨིན་རུང་ གོང་ཚད་ཡར་སེང་འབད་བའི་ཤུལ་ལས་ ཉིནམ་གཉིས་ནང་ རྒྱ་རྫི་༡༠༠ དེ་ཅིག་ལས་ བཙོང་མ་ཚུགས་ཟེར་ བཀྲིས་ཚོང་འབྲེལ་ལས་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
བཀྲིས་ཚོང་འབྲེལ་ལས་འཛིན་གྱི་ མེ་རླུང་གེསི་རྒྱ་རྫི་ཚུ་ རྒྱ་གར་ ནུབ་བེང་གཱལ་ལས་ འབག་འོང་དོ་ཡོདཔ་ཨིན་པས།
ཐིམ་ཕུ་ལུ་འབད་བ་ཅིན་ ཨ་རྟག་འབད་བ་ཅིན་ ཉིནམ་རེ་ལུ་མེ་རླུང་གེསི་རྒྱ་རྫི་༣༠༠ ལས་༤༠༠ བར་ན་བཙོང་དོ་ཡོད་མི་དེ་ གོང་ཚད་ཡར་སེང་འབད་བའི་ཤུལ་ལས་ ཉིནམ་རེ་ལུ་༢༠༠ དེ་ཅིག་ལས་ མ་བཙོངམ་ཨིན་པས།
འབྲུག་ས་སྣུམ་ལས་འཛིན་གྱི་ ལུང་ཕྱོགས་འཛིན་སྐྱོང་པ་ ཉི་མ་ཚེ་རིང་གིས་ སླབ་མིའི་ནང་ སྤྱི་ཟླ་༧ པའི་ཚེས་༡ ལས་འགོ་བཙུགས་ཏེ་ ཁོང་གི་ཚོང་འབྲེལ་ལས་ བརྒྱ་ཆ་༤༠ གིས་ མར་བབས་ཡར་སོ་ནུག་ཟེར་ཨིན་པས།
ཨིན་རུང་ གནས་སྐབས་གཞུང་གི་ གྲོས་སྟོན་པ་ དྲགོས་ཚེ་དབང་རིང་འཛིན་གྱིས་འབད་བ་ཅིན་ རྒྱ་གར་ལྡི་ལི་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཀྱིས་ གནད་དོན་དེ་གི་ཐད་ཁར་ གྲོས་བསྟུན་ཚུ་འབད་དོ་ཡོདཔ་ཨིན་རུང་ འབྲུགཔ་ཚུ་གིས་ མེ་རླུང་གེསི་མེན་པར་ གློག་མེ་ལག་ལེན་འཐབ་ནིའི་དུས་ཚོད་ལུ་ ལྷོད་ལྷོདཔ་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
མེ་རླུང་གེསི་རྒྱ་རྫི་དང་ཕྱདཔ་ད་ གློག་མེ་དེ་ར་ ཁེ་ཏོག་ཏོ་འདུག་ཟེར་ དྲགོས་ཚེ་དབང་རིག་འཛིན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment