༡༧/༧/༢༠༡༣ འགྲེམ་ཐོག་ཚོགས་རྒྱན་བཅའ་ཡིག་བསྒྱུར་བཅོས་མ་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ཡང་ གཡོ་སྒྱུར་འབད་འོང་ཟེར་ཨིན་པས།
༉ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ རྒྱལ་ཁབ་ཀྱི་ སྤྱིར་བཏང་བཙག་འཐུའི་སྐབས་ བཀྲིས་སྒང་རྫོང་ཁག་ལས་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་༣ ཕམ་སོང་མི་དེ་ གཙོ་བོ་ར་ འགྲེམ་ཐོག་ཚོགས་རྒྱན་ལུ་བརྟེན་ཏེ་ཨིན་པས།
དེ་ཡང་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ནང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ འཕྲིན་ལས་དཔལ་ལྡན་རྡོ་རྗེ་གིས་ འཕྲུལ་ཆས་ཚོགས་རྒྱན་༢,༢༣༢ ཐོབ་སྟེ་ རྒྱལ་ཁ་ཐོབ་རུང་ འགྲེམ་ཐོག་ཚོགས་རྒྱན་ལས་ ཕམ་སོ་ཡི།
ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༥༠༩ མ་གཏོགས་ ཐོབ་མ་ཚུགསཔ་ལས་ ཚོགས་རྒྱན་ཕུད་རྡོག་གཉིས་ཀྱིས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ནོར་བུ་དབང་ཕྱུག་དེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༧༩༧ ཐོབ་པའི་ཁར་ཚོགས་རྒྱན་ས་ཁོངས་༡༧ ནང་ ཚོགས་རྒྱན་སྐྱུར་མི་༤,༡༦༨ ཀྱིས་ ཚོགས་རྒྱན་བཙུགས་མི་ལས་ ཁོ་གིས་ འཕྲུལ་ཆས་ཚོགས་རྒྱན་༡,༩༤༦ ཐོབ་ནུག།
བཀང་ལུང་གི་ མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་ལུ་ དོགས་པ་སྦོམ་ཆགས་ཡོདཔ་ལས་ སྤྱི་ལོ་༢༠༡༣ གྱི་བཙག་འཐུ་བྱ་རིམ་དེ་ རང་མོས་དང་ རྣམ་དག་མ་འགྱོ་ཟེར་ཨིན་པས།
ང་བཅས་ཀྱིས་ དམག་སྡེ་ཚུ་ནང་ འགྲེམ་ཐོག་ཚོགས་རྒྱན་ཚུ་ གཡོ་སྒྱུར་འབད་ཡོད་པའི་ འཐོར་གཏམ་དང་ ཁ་ཉེས་ཚུ་ གོ་ཡོད་རུང་ བཙག་འཐུའི་གྲུབ་འབྲས་གསལ་བསྒྲགས་མ་འབད་ཚུན་ཚོད་ བདེན་འཛིན་མ་རེ་ཟེར་ སྐྱེས་ལོ་༥༠ ལང་མི་ ཕོ་སྐྱེས་ཅིག་གིས་ བཤདཔ་ཨིན་པས།
ཨིན་རུང་ རྒྱལ་ཁབ་ནང་འཁོད་ཀྱི་ འགྲེམ་ཐོག་ཚོགས་རྒྱན་གྱི་ གྲུབ་འབྲས་ཚུ་ལུ་ལྟཝ་ད་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ཚུལ་མིན་ལག་ལེན་འཐབ་ཡོདཔ་ ངེས་བདེན་ཨིན་པའི་ མངོན་གསལ་བྱུངམ་ལས་ སེམས་མ་དགའ་ཟེར་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཅིག་གིས་ སླབ་ཨིན་པས།
བཀྲིས་སྒང་གི་ མི་སེར་ཅིག་གིས་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་བརྟན་ཏོག་ཏོ་མེདཔ་ཨིནམ་ ཧ་གོཝ་ལས་ མ་འོངས་པ་ལུ་ མཐུན་རྐྱེན་དེ་ ཆ་མེད་བཏང་སྟེ་ ཞི་དྲག་ཁག་གི་ ལས་གཡོགཔ་ཚུ་ རང་སོའི་འདེམས་ཁོངས་ནང་སོང་སྟེ་ འཕྲུས་ཆས་ཚོགས་རྒྱན་བཙུགས་ནི་གི་ སེམས་ཤུགས་བསྐྱེད་དགོཔ་འདུག་ཟེར་ཨིན་པས།
ལམ་ལུགས་འདི་ བསྒྱུར་བཅོས་མ་འབད་བ་ཅིན་ ཤུལ་ལས་ རྒྱལ་ཁབ་ནང་འཁོད་ལུ་ སྐྱེས་ལོ་༡༨ ཡན་ཆད་འབད་མི་ སློབ་ཕྲུག་ཚུ་གི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ཡང་ རང་སོའི་གཞི་རྟེན་ཐོབ་དབང་དང་འཁྲིལ་མིན་པར་ སློབ་དཔོན་ཚུ་གིས་ རྒྱུད་བསྐུལ་འབད་ནི་གི་ ཉེན་ཁ་སྦོམ་འདུག་ཟེར་ ཞི་གཡོགཔ་ཅིག་གིས་ སླབ་ཨིན་པས།
བཙག་འཐུ་མ་གྲུབ་མི་ འཕྲིན་ལས་དཔལ་ལྡན་རྡོ་རྗེ་གིས་འབད་རུང་ འགྲེམ་ཐོག་ཚོགས་རྒྱན་ནང་ རང་མོས་དང་ རྣམ་དག་མ་འགྱོ་མི་དེ་ཡང་ ག་དེ་སྦེ་ཡར་སོཔ་ཨིན་ན་ གཞན་བ་དྲགཔ་སྦེ་ བརྡ་བརྒྱུད་ཀྱིས་ ཤེས་ནུག་ཟེར་ཨིནམ་ད་ འགྲེམ་ཐོག་ཚོགས་རྒྱན་ནང་ ཚུལ་མིན་ལག་ལེན་མ་འཐབ་པ་ཅིན་ ཁོ་ར་ རྒྱལ་སོཔ་འོང་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ བཀང་ལུང་གི་ མི་སེར་ལེ་ཤ་ཅིག་གིས་ སླབ་མིའི་ནང་ ནོར་བུ་དབང་ཕྱུག་ལུ་ རྒྱབ་སྐྱོར་འབད་མི་དེ་ བློན་པོའི་གོ་གནས་བྱིན་ནི་སྦེ་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ བསྐུལ་བསྒྲགས་སྐབས་ མི་སེར་ཚུ་ལུ་ གསལ་བཤད་འབད་ནི་དེ་གིས་ཨིན་ཟེར་ཨིན་པས།
ནོར་བུ་དབང་ཕྱུག་གིས་ འགོ་ཐོག་བཙག་འཐུའི་སྐབས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་སྦེ་ བཅའ་མར་གཏོགས་པའི་སྐབས་ ཕམ་སོཔ་ལས་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ཞུགས་འབད་ཡོདཔ་ད་ བསྐུལ་བསྒྲགས་སྐབས་ བཀྲིས་སྒང་རྫོག་ཁག་ནང་ འདེམས་ཁོངས་༥ ཡོད་མི་ལས་ བཙག་འཐུ་དང་འབྲེལ་བའི་ ཉོགས་བཤད་དང་ ཁ་ཉེས་མ་བཀལ་བའི་ རྩོད་དོན་མཐོ་ཤོསར་ བཀང་ལུང་-བསམ་མཁར་འདེམས་ཁོངས་ལས་ ཐོན་ཡོདཔ་བཞིན་དུ་ ནོར་བུ་དབང་ཕྱུག་ལུ་ བཙག་འཐུ་ལྷན་ཚོགས་ལས་ ཉེན་བརྡ་ཡང་བྱིན་ནུག།
བཀང་ལུང་-བསམ་མཁར་འདེམས་ཁོངས་རྐྱངམ་གཅིག་མིན་པར་ ཝམ་རོང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ལྷ་ཀྲུ་དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་གྱིས་ ཕམ་ཡོདཔ་ད་ ཁོ་གིས་ འཕྲུལ་ཆས་ཚོགས་རྒྱན་༡,༥༤༠ དང་ འགྲེམ་ཐོག་ཚོགས་རྒྱན་༥༤༠ ཐོབ་ནུག།
དེ་འབདཝ་ད་ ཁོ་གི་དོ་འགྲན་པ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཀརྨ་བསྟན་འཛིན་གྱིས་ འཕྲུལ་ཆས་ཚོགས་རྒྱན་༡,༤༡༠ ལས་ མ་ཐོབ་རུང་ འགྲེམ་ཐོག་ཚོགས་རྒྱན་༧༤༤ ཐོབ་ནི་དེ་གིས་ ལྷ་ཀྲུ་ལས་ ཚོགས་རྒྱན་༧༤ གིས་ རྒྱལ་ཁ་ཐོབ་ནུག།
ཝམ་རོང་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་༧,༢༧༧ ཡོད་མི་ལས་༤,༢༥༤ གིས་ ཚོགས་རྒྱན་བཙུགས་ནུག།
དེ་ལས་ ཁྲིམས་ཤིང་འདེམས་ཁོངས་ནང་ཡང་ འགྲེམ་ཐོག་ཚོགས་རྒྱན་གྱིས་ ཁྱད་པར་སྦོམ་བཟོ་ཡོད་མི་དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྡོ་རྗེ་ཆོས་སྒྲོན་གྱིས་ འགྲེམ་ཐོག་ཚོགས་རྒྱན་དང་ འཕྲུལ་ཆས་ཚོགས་རྒྱན་གཉིས་ཆ་ར་ ཧ་ལམ་འདྲ་མཉམ་མཚམས་ཐོབ་ནུག།
སྐྱེས་ལོ་༥༢ ལང་མི་ རྡོ་རྗེ་ཆོས་སྒྲོན་གྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༠༤༥ དང་ འཕྲུལ་ཆས་ཚོགས་རྒྱན་༡,༤༩༦ ཐོབ་སྟེ་ འགྲེམ་ཐོག་ཚོགས་རྒྱན་༣༢༥ དང་ འཕྲུལ་ཆས་ཚོགས་རྒྱན་༨༦༦ ཐོབ་མི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཆོས་སྐྱིད་དབང་མོ་དེ་ ཕམ་བཏང་ཡི།
ད་རིས་ཀྱི་ བཙག་འཐུའི་གྲུབ་འབྲས་དེ་ སྤྱི་ལོ་༢༠༠༨ དང་ཕྱདཔ་ད་ ཕྱི་འགྱུར་སོང་མི་དེ་ཡང་ དེ་བསྒང་ ཆོས་སྐྱིད་དབང་མོ་གིས་ ཚོགས་རྒྱན་༢,༣༤༢ ཐོབ་སྟེ་ རྡོ་རྗེ་ཆོས་སྒྲོན་དེ་ ཕམ་བཏང་ཡོདཔ་བཞིན་དུ་ མོ་གིས་ ཚོགས་རྒྱན་༡,༤༥༢ མ་གཏོགས་ ཐོབ་མ་ཚུགས་པས།
རྡོ་རྗེ་ཆོས་སྒྲོན་གྱིས་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་སྦེ་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབདཝ་ད་ ཁྲིམས་ཤིང་འདེམས་ཁོངས་ལས་ ཚོགས་རྒྱན་༢,༠༣༦ ཐོབ་སྟེ་ རྒྱལ་ཁ་ཐོབ་རུང་ འདེམས་ཁོངས་གཞན་ཚུ་ནང་ ཕམ་སོཔ་ལས་ སྤྱིར་བཏང་བཙག་འཐུ་ནང་ མཐར་འཁྱོལ་བྱུང་མ་ཚུགས་པས།
དེ་འབདཝ་ལས་ རྡོ་རྗེ་ཆོས་སྒྲོན་དེ་ ལོག་སྟེ་ར་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ཞུགས་འབད་ཡོདཔ་ད་ མོ་ལུ་ མི་སེར་ཚུ་གིས་ རྒྱབ་སྐྱོར་འབད་མི་དེ་ཡང་ བློན་པོའི་གོ་གནས་ལུ་བརྟེན་ཨིན་པས།
དེ་ལས་ ར་ལྡི་-སག་སྟེང་འདེམས་ཁོངས་ཀྱི་ ཕུན་སུམ་ཚོགས་པའི་འདེམས་ངོ་ འཇིགས་མེད་དབང་ཕྱུག་གིས་ འགྲེམ་ཐོག་ཚོགས་རྒྱན་༤༤༥ མ་གཏོགས་ཐོབ་མ་ཚུགསཔ་ལས་ ཕམ་ཡོདཔ་ཨིན་རུང་ འཕྲུལ་ཆས་ཚོགས་རྒྱན་༡,༨༡༧ ཐོབ་ལས་ རྒྱལ་ཡོདཔ་ད་ ཁོ་གི་དོ་འགྲན་པ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཀུན་ལེགས་རྡོ་རྗེ་གིས་ འགྲེམ་ཐོག་ཚོགས་རྒྱན་༥༢༧ ཐོབ་ཡོད་རུང་ འཕྲུལ་ཆས་ཚོགས་རྒྱན་༡,༦༦༦ ནང་ ཕམ་སོ་ཡི།
ཀུན་ལེགས་རྡོ་རྗེ་དེ་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་སྦེ་ཡང་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་ཡོད་རུང་ སྤྱིར་བཏང་བཙག་འཐུ་ནང་ ལྷོད་མ་ཚུགསཔ་ལས་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ཡོདཔ་ད་ ད་རུང་ སྤྱིར་བཏང་བཙག་འཐུ་ནང་ ཕམ་སོ་ཡི།
ར་ལྡི་-སག་སྟེང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་ འཇིགས་མེད་དབང་ཕྱུག་དེ་ ཡོངས་གྲགས་མེད་རུང་ མི་སེར་ཚུ་ལས་ རྒྱབ་སྐྱོར་སྒྲིང་སྒྲིང་ཡོད་མི་ལུ་བརྟེན་ རྒྱལ་ཁ་ཐོབ་ནུག།
དེ་འབདཝ་ད་ བར་མཚམས་-གཤོང་ཕུག་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དབང་འདུས་ནོར་བུ་གིས་ འགྲེམ་ཐོག་དང་ འཕྲུལ་ཆས་ཚོགས་རྒྱན་གཉིས་ཆ་རའི་ནང་ རྒྱལ་ཁ་ཐོབ་ཡོདཔ་ད་ ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༨༣༩ རྩིས་ཏེ་ ཚོགས་རྒྱན་བསྡོམས་༣,༥༤༠ ཐོབ་ནུག།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ འཕྲིན་ལས་ནོར་བུ་གིས་ འགྲེམ་ཐོག་ཚོགས་རྒྱན་༦༤༢ རྩིས་ཏེ་ ཚོགས་རྒྱན་༡,༧༡༣ ལས་བརྒལ་ ཐོབ་མ་ཚུགསཔ་ཨིན་པའི་གནས་ཚུལ།

![]() |
ཡོན་ཕུ་ལ་ལུ་ ཚོགས་རྒྱན་བཙུགས་པར་འགྱོ་མི་ ཨང་རྒས་ཅིག་ ཁྱིད་འགྱོ་བའི་བསྒང་། |

བཀྲིས་སྒང་ལས་ རིག་འཛིན་དབང་ཕྱུག།
No comments:
Post a Comment