གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་བཙོང་ལུས་འབྲེལ་གྱི་གནད་དོན་ཐོག་ ཕོ་སྐྱེས་༢ ལུ་ བཙོན་ཁྲིམས་ལོ་༩ རེ་ བཀལ་ཡོདཔ།

༤/༧/༢༠༡༣  ༉ དགེ་ལེགས་ཕུག་དྲུང་ཁག་ཁྲིམས་འདུན་གྱིས་ དབང་བཙོང་ལུས་འབྲེལ་གྱི་ གནད་དོན་ཐོག་ལུ་ སྐྱེས་ལོ་༢༡ དང་༡༩ ལང་མི་ ཕོ་སྐྱེས་༢ ལུ་ བཙོན་ཁྲིམས་ལོ་༩ རེ་ བཀལ་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ སྤུན་ཆ་ཨིན་མི་ ཕོ་སྐྱེས་ཚུ་ལུ་ དབྱེ་རིམ་༢ པའི་ཉེས་ཆེན་ཐོག་ ཁྲིམས་ཚད་ལོ་༩ དང་༡༥ འི་བར་ན་ བཀལ་ནུག།



དེ་ཡང་ སྤྱི་ཟླ་༣ པའི་ནང་ ས་རྐོ་འཕྲུལ་ཆས་ཀྱི་ དེད་གཡོགཔ་༢ ཀྱིས་ སྐྱེས་ལོ་༡༦ དང་༡༨ ལང་མི་ གསར་སྤང་རྫོང་ཁག་འོག་གི་ སློབ་གྲྭ་ཅིག་གི་ སློབ་ཕྲུག་བུམོ་༢ དང་གཅིག་ཁར་ འདོད་སྤྱོད་འབད་མི་ལུ་བརྟེན་ཏེ་ཨིན་པས།
ཉེས་ཅན་༢ ཀྱིས་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ འདོད་སྤྱོད་འབད་མི་དེ་ དབང་བཙོང་ཐོག་ལས་མེན་པར་ མོས་མཐུན་ཐོག་ལས་ཨིན་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ སློབ་གྲྭ་གཅིག་ནང་ དཔེ་ཆ་ལྷབ་མི་ ཆ་རོགས་བུམོ་༢ དང་གཅིག་ཁར་ ཟླཝ་དག་པ་ཅིག་གི་རིང་ ཨ་རོགས་དགའ་རོགས་སྦེ་ སྡོད་པའི་ཤུལ་ལས་ ལུས་འབྲེལ་འབད་ཡོདཔ་མ་གཏོགས་ དབང་བཙོང་ཐོག་ལས་ འབད་འབདཝ་མེན་ཟེར་ བཀོད་ཡོདཔ་མ་ཚད་ གཉེན་རྐྱབ་སྟེ་ སྡོད་ནིའི་མནོ་བསམ་ཡོད་ཟེར་ཨིན་པས།
ཁོང་༢ ཀྱིས་ ངག་བརྗོད་བཀོད་མི་དེ་ལུ་ ཉམས་རྒུདཔ་ན་གཞོན་བུམོ་༢ ཀྱིས་ཡང་ ངེས་བདེན་ཨིནམ་སྦེ་ སླབ་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ སྐྱེས་ལོ་༡༦ ལང་མི་ ཉམས་རྒུད་པའི་ ཕམ་ཚུ་གིས་ དགེ་ལེགས་ཕུག་སྨན་ཁང་ནང་ སྨན་བཅོས་འབད་བར་འགྱོ་དོ་ཟེར་སླབ་སྟེ་ སོང་མི་བུམོ་དེ་གིས་ ལོག་ཁྱིམ་ནང་ འོང་མ་བཏུབ་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་  འཛིན་བཟུང་ཐོག་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ བཙུགས་བཞག་ནུག།
ཉེས་ཅན་༢ ཀྱི་གྲས་ལས་ སྐྱེས་ལོ་༢༡ ལང་མི་ ཕོ་སྐྱེས་དེ་ རྩིང་རང་རྫོང་ཁག་ལས་ཨིནམ་ད་ སྐྱེས་ལོ་༡༩ ལང་མི་དེ་ གསར་སྤང་རྫོང་ཁག་ལས་ ཁོ་རའི་ གནས་ཚང་གི་ ནུ་གཅུང་ཨིན་པས།
ཨིན་རུང་ འདས་པའི་བདུན་ཕྲག་ནང་ ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་དེ་ལུ་ བསམ་པ་མ་རྫོགས་མི་ལུ་བརྟེན་ བདུན་ཕྲག་འདི་གི་ རེས་གཟའ་མིག་དམར་ལུ་ གསར་སྤང་རྫོང་ཁག་གི་ ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༢༡ ལང་མི་ བཱལ་ བཱ་དཱུར་ ཏ་མང་གིས་ སླབ་མིའི་ནང་ མཐོ་གཏུགས་འབད་དགོ་མི་དེ་ཡང་ སློབ་ཕྲུག་བུམོ་༢ ཆ་ར་ ལོ་ན་མ་སྨིན་རུང་ མོས་མཐུན་ཐོག་ལས་ ལུས་འབྲེལ་འབད་མི་ལུ་བརྟེན་ ཁྲིམས་ཚད་དེ་ དུམ་གྲ་ཅིག་ མར་ཕབ་རྐྱབ་གནང་པ་ཅིན་ བསམ་པ་རྫོགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment