གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲུལ་འཁོར་བཱསི་གི་ ཤོག་འཛིན་མེད་པའི་དཀའ་ངལ།

༤/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ སྤྱིར་བཏང་བཙག་འཐུའི་ ཚོགས་རྒྱན་བཙུགས་པར་ ཐིམ་ཕུ་ལས་ རང་སོའི་གཡུས་ཁར་ འགྱོ་ནི་གི་དོན་ལུ་ མི་མང་སྐྱེལ་འདྲེན་བཱསི་གི་ ཤོག་འཛིན་ཚུ་ ཐོབ་མ་ཚུགས་མི་ལུ་བརྟེན་ གླ་འཁོར་ཚུ་ནང་ འགྱོ་ནི་གི་གྲ་སྒྲིག་འབདཝ་ཨིན་པས།
འགྲུལ་བསྐྱོད་ཀྱི་དོན་ལུ་ ཤོག་འཛིན་བཏོག་པར་འོང་མི་ཚུ།


དེ་གི་གྲས་ལས་ ཀྲོང་གསར་ལས་ཨིན་མི་ པདྨ་རྡོ་རྗེ་གིས་ ག་དེམ་ཅིག་བརྩོན་ཤུགས་བསྐྱེད་རུང་ ད་ཚུན་ མི་མང་སྐྱེལ་འདྲེན་བཱསི་གི་ཤོག་འཛིན་མ་ཐོབ་མི་ལུ་བརྟེན་ ཁོ་གིས་ གླ་འཁོར་ནང་འགྱོ་ནིའི་དཔའ་བཅམ་དོ་ཟེར་ཨིནམ་ད་ གླ་འཁོར་ནང་ཁོ་གིས་ གླ་འཐུས་དངུལ་ཀྲམ་༡༥༠༠ རེ་ སྤྲོད་དགོཔ་འཐོན་ནི་ཨིན་པས།
ལུང་བསྟན་ཟམ་པའི་ མི་མང་སྐྱེལ་འདྲེན་བཱསི་གི་ ཤོག་འཛིན་བཏོག་སའི་ས་ཁོངས་ནང་ པདྨ་རྡོ་རྗེ་དང་བཅོག་འཐདམ་སྦེ་ གཡུས་ཁ་འགྱོ་ཚུ་གིས་ ཤོག་འཛིན་ཉོ་བར་འོང་མི་ ལེ་ཤ་ཐོན་དོ་ཡོད་མི་ཚུ་ག་ར་ ལགཔ་སྟོངམ་སྦེ་ ལོག་འགྱོ་དགོཔ་ཐོན་དོ་ཡོད་མི་དེ་ཡང་ དབུས་ཕྱོགས་དང་ ཤར་ཕྱོགས་ དེ་ལས་ ལྷོ་མཚམས་ལུ་ འགྲོ་འགྲུལ་འབད་མི་ སྐྱེལ་འདྲེན་བཱསི་ཚུ་ནང་ སྤྱི་ཟླ་༧ པའི་ཚེས་༡༢ ཚུན་ ཤོག་འཛིན་ཚུ་ག་ར་ རྫོགས་ཡོདཔ་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་ ལྷམ་རྡོ་རྗེ་གིས་སླབ་མིའི་ནང་ སྐྱེལ་འདྲེན་བཱསི་ཐེབས་བཙུགས་དགོཔ་ ཡོད་མེད་བལྟ་ནིའི་དོན་ལུ་ གཡུས་ཁར་ཚོགས་རྒྱན་བཙུགས་པར་འགྱོ་མི་ཚུ་གིས་ སྐྱེལ་འདྲེན་བཱསི་གི་ཤོག་འཛིན་ཚུ་ ཧེ་མ་ལས་ བཏོག་དགོ་པའི་ གསལ་བསྒྲགས་འབད་ཡི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ དེ་བཟུམ་མའི་ དགོས་མཁོ་ཐོན་པ་ཅིན་ ལག་ལེན་འཐབ་ནི་གི་དོན་ལུ་ སྐྱེལ་འདྲེན་བཱསི་གི་ཇོ་བདག་ཚུ་ལུ་ ལྷན་ཐབས་ཀྱི་དོན་ལུ་ སྣུམ་འཁོར་བཱསི་ཐེབས་བཞག་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིནམ་ད་ རྫོང་ཁག་ཚུ་ནང་གི་ ཡན་ལག་ཡིག་ཚང་གིས་ མི་མང་གི་དགོས་མཁོ་ཚུ་ལྟ་རྟོག་བཞག་དགོཔ་སྦེ་སླབ་ཡོདཔ་ད་ ད་ལྟོ་ལག་ལེན་འཐབ་མི་ སྐྱེལ་འདྲེན་བཱསི་ཚུ་གིས་ དགོས་མཁོ་འགྲུབ་ཡོད་མེད་ ལྟ་ཞིབ་འབད་འོང་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་མི་ག་དེ་མང་མང་ གཡུས་ཁར་བཏང་ཐབས་ལུ་ སྣུམ་འཁོར་བར་མ་གཞན་ཚུ་ལུ་ཡང་ མི་མང་སྐྱེལ་འདྲེན་གྱི་ཆོག་ཐམ་ཚུ་ ཚད་གཞི་དང་བསྟུན་འབག་ཆོགཔ་སྦེ་ སྤྲོད་ནི་ཟེར་ ཡོངས་ཁྱབ་མདོ་ཆེན་གྱིས་བཤད་ཅི།
ཁོ་གིས་སླབ་མིའི་ནང་ ད་རེས་མི་མང་ཚུ་ག་ར་ལུ་ འདས་པའི་ཉམས་མྱོང་ཡོདཔ་ལས་ འགྲོ་འགྲུལ་གྱི་དོན་ལུ་ གྲ་སྒྲིག་འོང་ནི་ཨིནམ་ལས་ ཚོགས་རྒྱན་བཙུགས་པར་ དུས་ཚོད་ཁར་ འགྱོ་འོང་ཟེར་ཨིནམ་ད་ འདས་པའི་ཚོགས་སྡེ་དང་ འགོ་ཐོག་བཙག་འཐུའི་སྐབས་ལུ་ཡང་ མི་མང་ཚུ་གིས་ ལྷན་ཐབས་སྐྱེལ་འདྲེན་གྱི་དོན་ལུ་ བསྒུག་སྡོད་མི་ མ་ཐོན་ཟེར་ཨིན་པས།
སྐྱེད་འདྲེན་བཱསི་གི་ ཤོག་འཛིན་བཙོང་སའི་ཐོ་བཀོད་དང་འཁྲིལཝ་ད་ མོང་སྒར་དང་ བཀྲིས་གཡང་རྩེ་ལུ་འགྱོ་མི་ རྡོ་ཕུག་སྐྱེལ་འདྲེན་བཱསི་ཚུ་ སྤྱི་ཟླ་༧ པའི་ཚེས་༡༢ ཚུན་གྱི་རིང་ སྟོངམ་མེད་པའི་ཁར་ བུམ་ཐང་ལུ་སྐྱེལ་འདྲེན་འབད་མི་ མེ་ཏོག་སྐྱེལ་འདྲེན་ནང་ སྤྱི་ཟླ་༧ པའི་ཚེས་༡༠ ཚུན་ སྟོངམ་དུམ་གྲ་རེ་ཡོདཔ་ཨིན་རུང་ དེ་གི་ཤུལ་ལས་ ཚེས་༡༢ ཚུན་ སྟོངམ་མེདཔ་ཨིན་པས།
དགེ་ལེགས་ཕུག་དང་ ཧཱ་ དར་དཀར་ནང་ཚུ་ནང་ འགྲོ་འགྲུལ་འབད་མི་ གསེར་ཉ་སྐྱེལ་འདྲེན་བཱསི་ནང་ལུ་ཡང་ སྤྱི་ཟླ་༧ པའི་ཚེས་༩ ལས་༡༢ ཚུན་ སྡོད་ཁྲི་སྟོངམ་མེད་པའི་ཁར་ བསམ་རྩེ་དང་ རྩི་རང་ བཀྲིས་སྒང་ཚུ་ནང་ འགྲོ་འགྲུལ་འབད་མི་ འཁོར་ལོ་སྐྱེལ་འདྲེན་ནང་ཡང་ སྤྱི་ཚེས་༡༢ ཚུན་ འགྲུལ་སྐྱེལ་བཱསི་ནང་ སྟོངམ་མེདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment