གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐུག་རྐྱེན་ནང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་ལུ་ཤི་རྐྱེན།

༥/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༣ གྱི་དྲོ་པར་ ཕུན་ཚོགས་གླིང་ལུ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་ སྒེར་འཁོར་སུ་ཡིཕཊི་ བདའ་འགྱོ་བའི་སྐབས་ འདྲུད་འཁོར་ཅིག་ལུ་ བརྡུངས་པའི་ཤུལ་ལས་ སྨན་ཁང་ནང་ ཤི་སོཔ་ཨིན་པས།
ཐུག་རྐྱེན་དེ་ཡང་ ཨིམ་ཊཱཊ་གི་ སྦོ་ལོགས་ཁར་དང་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གི་ལྟག་ལུ་ བྱུང་ཡོདཔ་ཨིན་པས།



ཁྲིམས་སྲུང་འགག་པ་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཚེ་འདས་ཁྲིམས་སྲུང་འགག་པའི་སྤྱི་དཔོན་དེ་ རྐྱེན་ངན་མ་བྱུང་པའི་ཧེ་མར་ ཕུན་ཚོགས་གླིང་ཁྲོམ་ཁར་ ནུབ་མོའི་སྒྲིག་གཡོག་ནང་ཨིནམ་ད་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ སླབ་མིའི་ནང་ དེ་ཚེ་དྲོ་པའི་ཆུ་ཚོད་༢.༣༠ དེ་ཅིག་ཁར་ ཁོ་རའི་ སྒེར་འཁོར་བདའ་སྟེ་ ཉེན་སྲུང་ལྟ་རྟོག་འབད་བར་ སོང་ཡི་ཟེར་ཨིན་པས།
ཚེ་འདས་ཀྱིས་ སྣུམ་འཁོར་བརྡ་སྟོན་འབད་ས་ལས་ ཁ་ཡར་བལྟ་སྟེ་ སྣུམ་འཁོར་བཏང་འགྱོཝ་ད་ མེདཔ་ཐལ་ཏེ་ ལམ་ཁར་བཞག་མི་ འདྲུད་འཁོར་གྱི་རྒྱབ་ཁར་ བརྡུངས་དཔ་ལས་ རྨ་སྐྱོད་བྱུང་ནུག་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
རྒྱ་གར་གྱི་ ཨང་གྲངས་བཀོད་ཡོད་མི་ འདྲུད་འཁོར་དེ་ མེད་ཐལ་སོཔ་ལས་ བཅོ་མ་ཚུགས་པར་ སྤྱི་ཟླ་༧ པའི་ཚེས་༢ ལས་ཚུར་ ལམ་ཁར་བཀག་བཞག་ནུག་ཟེར་ཨིན་པས།
སྤྱི་དཔོན་དེ་ སྨན་ཁང་ནང་བསྐྱལ་ཏེ་ དུས་ཡུན་སྐར་མ་དག་པ་ཅིག་གི་རྒྱབ་ལས་ ཤི་རྐྱེན་བྱུང་ཡོདཔ་ད་ རྐྱེན་ངན་དེ་གི་སྐོར་ལས་ ཨིམ་ཊཱཊ་གི་ དམག་མི་ཅིག་གིས་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ སྣུམ་འཁོར་ལུ་ ཐུག་རྐྱེན་བྱུང་མི་དེ་ ཆརཔ་ཤུགས་སྦེ་ རྐྱབ་མི་དང་ མིག་གིས་ ལེགས་ཤོམ་མཐོང་མ་ཚུགས་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment