གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙན་ཁྲིད་འབད་མི་འགོ་དཔོན་༢ བདུན་ཕྲག་༢ ཀྱི་ཤུལ་ལས་ ལོག་བཏང་ཡོདཔ།

༡༣/༧/༢༠༡༣   ༉ མི་ངན་ཚུ་གིས་ འཛིན་བཟུང་འབད་མི་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ འཛིན་སྐྱོང་འགོ་དཔོན་དང་ དེད་གཡོགཔ་༢ བདུན་ཕྲག་༢ ཀྱི་རྒྱབ་ལས་ ལོག་བཏང་ཡོདཔ་ཨིན་པས།


དེ་ཡང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བདེ་བ་ཐང་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་འཛིན་སྐྱོང་པ་ སྐྱེས་ལོ་༥༩ ལང་མི་དང་ ཁོ་གི་དེད་གཡོགཔ་ སྐྱེས་ལོ་༣༣ ལང་མི་༢ སྤྱི་ཟླ་༦ པའི་ཚེས་༢༧ གྱི་ ཕྱི་རུའི་ཆུ་ཚོད་༥ དང་༦ གི་བར་ན་ དགེ་ལེགས་ཕུག་གི་ ས་མཚམས་ཁྲོམ་ཆུང་ སཱན་ཏ་བ་རི་ལུ་ལྷོདཔ་ད་ མི་ངན་ཚུ་གིས་ དབང་བཙོང་ཐོག་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁོང་༢ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ལས་ དགེ་ལེགས་ཕུག་བརྒྱུད་དེ་ ཐིམ་ཕུ་ལུ་ འོང་བའི་ལམ་བར་ལུ་ རྒྱ་གར་གྱི་ མི་ཁུངས་ཨིན་མི་ མི་ངན་སྡེ་ཚན་ཚུ་གིས་ དབང་བཙོང་ཐོག་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
མི་ངན་ཚུ་གིས་ ལུང་ཕྱོགས་འཛིན་སྐྱོང་པའི་ བཟའ་ཚང་ཚུ་ལུ་ རུ་པི་འབུམ་༦ དགོཔ་སྦེ་ མཁོ་འདོད་བཀོད་དེ་ འཇིགས་བསྐུལ་འབདཝ་བཞིན་དུ་ མ་དངུལ་སྤྲོད་ཐོག་ལས་ ཉམས་རྒུདཔ་༢ གསར་སྤང་དང་ དགེ་ལེགས་ཕུག་བར་ནང་ཡོད་པའི་ ནགས་ཚལ་སྟུག་དྲགས་ནང་ལས་ གནོད་སྐྱོན་ག་ནི་ཡང་མེདཔ་སྦེ་ ཁ་ཙ་དྲོ་པའི་ཆུ་ཚོད་༦ དེ་ཅིག་ཁར་ ལོག་བཏང་ཡོདཔ་ཨིན་པས།
དར་རྒྱས་ཐང་གི་ས་གནས་ལས་ སྤྱི་ལོ་༢༠༡༢ ཟླ་༡༠ པའི་ནང་ མི་ངན་ཚུ་གིས་ གླ་འཁོར་བཏང་མི་ དེད་གཡོགཔ་༡ དབང་བཙོང་ཐོག་ལས་ ཁྱིད་འགྱོ་སའི་ས་ཁོངས་ཨིནམ་ད་ རྐྱེན་ངན་དེ་གི་སྐོར་ལས་ ཉམས་རྒུད་པའི་སྤུན་ཆ་ཚུ་ལས་ སྙན་ཞུ་ཐོབ་མ་ཚུགསཔ་ལས་ རྒྱུ་རྐྱེན་ག་དེ་སྦེ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
དགེ་ལེགས་ཕུག་ཁྲིམས་སྲུང་འགག་པའི་འགོ་དཔོན་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ མི་ངན་ཚུ་གིས་ འབྲུག་པའི་མི་ཁུངས་འཛིན་བཟུང་འབད་བའི་སྐོར་ལས་ ད་ལྟོ་ ཨ་སཱམ་མངའ་སྡེའི་ ཁྲིམས་སྲུང་འགག་པའི་འགོ་དཔོན་ཚུ་དང་གཅིག་ཁར་ ཁ་སླབ་པའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment