གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞི་གཡོགཔ་ཅིག་གིས་ བསྐུལ་བསྒྲགས་འབད་བའི་དོགས་པ་ལུ་བརྟེན་འཛིན་བཟུང།

༡༣/༧/༢༠༡༣   ༉ མགར་ས་རྫོང་ཁག་ ལུང་ནག་ནང་རྒེད་འོག་བདག་སྐྱོང་གིས་ ཞི་གཡོགཔ་༡ དང་ ཁོ་གི་ཆ་རོགས་༢ དོ་དམ་འོག་ལུ་བཙུགས་ཡོདཔ་ད་ དེ་ཡང་ ཁོང་གིས་ སྤྱི་ཟླ་༧ པའི་ཚེས་༡༡ གི་ཕྱི་རུ་ལས་ རྒེད་འོག་ནང་ བསྐུལ་བསྒྲགས་འབད་བའི་ དོགས་པ་ལུ་བརྟེན་ཨིན་པས།


དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༡ གི་ དྲོ་པའི་ཆུ་ཚོད་༩ ལས་ ད་རིས་དྲོ་པ་ཆུ་ཚོད་༩ ཚུན་ དུས་ཡུན་ཆུ་ཚོད་༤༨ ཀྱི་ནང་འཁོད་ལུ་ བསྐུལ་བསྒྲགས་འབད་མི་ཆོག་ནི་ཨིན་རུང་ ཞི་དཔོན་དེ་གིས་ རྒེད་འོག་གི་ འཕྲལ་དགའ་གཡུས་ཚན་གྱི་ མི་༣ དང་གཅིག་ཁར་ཕྱད་དེ་ བསྐུལ་བསྒྲགས་འབད་བའི་དོགས་པ་ཡོདཔ་ཨིན་པས།
ཞི་གཡོགཔ་དེ་ ལུང་ནག་ནང་སློབ་གྲྭ་ཆུང་བའི་ སློབ་དཔོན་ཨིནམ་ད་ ཁོ་གིས་ འཕྲལ་དགའ་གཡུས་ཚན་ནང་འགྱོ་བའི་སྐབས་ མི་ཚུ་གིས་ ཚོགས་པ་ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ཡང་ མི་ཤེས་པས་ཟེར་ སླབ་མིའི་ལན་ལུ་ ད་རེས་ནངས་པ་ མེ་རླུང་གེས་རྒྱ་རྫི་དང་ ས་མར་ཁུའི་ གོང་ཚད་ཡར་སེང་འགྱོ་མི་ལུ་ལྟ་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་བ་ཅིན་ ལེགས་ཤོམ་འོང་ནི་བཟུམ་མཐོངམ་མས་ཟེར་ ཁྱིམ་གྱི་ཇོ་བདག་ ཚེ་རིང་བུ་དར་གྱིས་ རྒེད་འོག་བདག་སྐྱོང་ལུ་ ངག་བརྗོད་བཀོད་ཡོདཔ་ཨིན་པས།
སློབ་དཔོན་གྱིས་སླབ་མི་དང་འཁྲིལ་རུང་ གོང་གི་གནད་དོན་ལས་བརྒལ་ གཞན་ག་ཅི་ཡང་ མ་སླབ་ཟེར་ཨིནམ་ད་ ཁོ་ར་ ལུང་ནག་ནང་ལུ་འགྱོ་མི་དེ་ ཁོ་རའི་ གོ་གནས་ཡར་སེང་གི་དོན་ལུ་ སློབ་དཔོན་དབུ་འཛིན་ལས་ ས་ཡིག་ཅིག་ ལེན་ནིའི་དོན་ལུ་ སོང་ཡོདཔ་མ་གཏོགས་ ཁོ་གི་ཆ་རོགས་སྦེ་ཁྱིད་མི་ ནོ་ངཅུང་༢ ཡང་ སློབ་ཕྲུག་ཨིནམ་ལས་ སློབ་ཕྲུག་༢ ཁོ་དང་གཅིག་ཁར་འགྱོ་མི་དེ་ ཆོས་རྒྱུགས་ཀྱི་ངལ་གསོ་ཨིནམ་ལས་བརྟེན་ཨིན་ཟེར་ཨིན་པས།
ཁོ་རང་ རྒྱ་གར་ལུ་ གཙུག་ལག་ཤེས་ཡོན་སྦྱང་པའི་བསྒང་ཡོདཔ་ད་ ད་རེས་ ངལ་གསོའི་སྐབས་ལུ་ གོ་གནས་ཡར་སེང་གི་ ས་ཡིག་ལེན་པར་ འོང་ཡི་ཟེར་ཨིན་པས།
དེ་ལས་ ཕྲལ་དགའ་ལུ་ ཁྱིམ་ཅིག་ནང་འགྱོ་མི་དེ་ཡང་ འུ་སྡུག་ནི་དེ་གིས་ ཇ་ཅིག་ ལྷང་འཐུང་བར་སོང་ཡི་ཟེར་ཨིན་པས།
ཨིན་རུང་ ཀུན་ལེགས་མགོན་པོ་གིས་ ངག་བརྗོད་བཀོད་མི་དང་འཁྲིལ་བ་ཅིན་ སློབ་དཔོན་གྱིས་ ད་རེས་ཀྱི་གནས་སྟངས་ལུ་ལྟ་བ་ཅིན་ གལ་སྲིད་འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ གནས་སྟངས་དེ་ ཧེང་སྐལ་ར་ སྐྱོ་དྲགས་འགྱོ་ནི་ཨིན་པའི་ཁར་ འཕྲལ་ཁམས་ཅིག་ཁར་ ཁྲལ་ཡངས་ཆག་གི་གནས་དོན་ཚུ་གི་སྐོར་ལས་ དྲགོས་ཀརྨ་ཨུ་ར་གིས་ བཀོད་མི་ཚུ་གི་སྐོར་ལས་ སླབ་དེས་ཟེར་ཨིན་པས།
སློབ་དཔོན་དེ་ ལུང་ནག་ནང་ལུ་ལྷོད་པའི་སྐོར་ལས་ གཡུས་མི་ཅིག་གིས་ ཁ་སྨད་དང་ལུང་ནག་ནང་འདེམས་ཁོངས་ཀྱི་ འདེམས་ངོ་ཀུན་ལེགས་རྡོ་རྗེ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཁོ་གིས་ རྫོང་ཁག་བདག་སྐྱོང་དང་ བཙག་འཐུ་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
འབྲུག་གི་བཙག་འཐུའི་བདེ་སྲུང་བཅའ་ཡིག་དང་སྒྲིག་གཞི་དང་འཁྲིལ་བ་ཅིན་ བསྐུལ་བསྒྲགས་མཇུག་བསྡུ་བའི་དུས་ཚོད་ཁར་ སྲིད་དོན་ཚོགས་པ་དང་ ཡང་ཅིན་ འདེམས་ངོ་ དེ་ལས་ ཚོགས་པའི་རྒྱབ་སྐྱོར་པ་ག་ར་འབད་རུང་ བསྐུལ་བསྒྲགས་འབད་བ་ཅིན་ ངོས་ལེན་འགོ་དཔོན་གྱིས་ བཙག་འཐུའི་བདེ་སྲུང་ལས་བྱེདཔ་ལུ་སླབ་སྟེ་ བཀག་དམ་འབད་དགོ་ཟེར་ཨིན་པས།

གདན་དོན་དེ་གི་སྐོར་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ སྙན་ཞུ་འབད་ཡོདཔ་ད་ ཁོང་༣ བཙག་འཐུ་གྲུབ་པའི་ཤུལ་ལས་རྐྱངམ་གཅིག་ གཏང་ནི་ཨིན་པའི་གནས་ཚུལ།
མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment