གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་སྒང་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་༦,༧༠༧ ལྷགཔ་ཅིག་ལྷོད་ཡོདཔ།

༡༣/༧/༢༠༡༣   དེ་ཚུ་གི་གྲས་ལས་ འགྲེམ་ཐོག་ཚོགས་རྒྱན་༣༥༤ ཆ་མེད་བཏང་མིའི་གྲངས་སུ་ ཝམ་རོང་འདེམས་ཁོངས་དེ་ མ་ཚུདཔ་ཨིན་པས།
༉ ཁ་ཙ་ ཕྱི་རུའི་ཆུ་ཚོད་༥ ཚུན་ཚོད་ བཀྲིས་སྒང་རྫོང་ཁག་གི་ འདེམས་ཁོངས་༥ ནང་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་་བཙག་འཐུའི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་༦,༧༠༧ ལྷགཔ་ཅིག་ ལྷོད་མི་དེ་ རྫོང་ཁག་༢༠ ནང་ལས་ མཐོ་ཤོས་ཅིག་ཨིན་པས།


དེ་ཚུ་གི་གྲས་ལས་ འགྲེམ་ཐོག་ཚོགས་རྒྱན་༣༥༤ ཆ་མེད་སོང་ཡོདཔ་ཨིན་རུང་ ཝམ་རོང་འདེམས་ཁོངས་ནང་ ག་དེམ་ཅིག་ ཆ་མེད་སོང་ཡོདཔ་ཨིན་ན་ ཁ་ཙ་ གློག་མེ་མེད་མི་ལུ་བརྟེན་ བརྟག་ཞིབ་འབད་མ་ཚུགསཔ་ཨིན་པས།
འདེམས་ཁོངས་༥ ལས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༧,༡༧༤ བསྐྱལ་ཡོད་མི་ལས་༤༦༧ དེ་ཅིག་ ལོག་མ་ལྷོད་པས།
འདེམས་ཁོངས་ཚུ་གི་གྲས་ལས་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་༡,༥༦༦ ཐོབ་མི་དེ་ མཐོ་ཤོས་ཨིན་པའི་ཁར་ དེ་གི་གྲས་ལས་༢༤༣ ཆ་མེད་སོང་མི་དེ་ཡང་ མཐོ་ཤོས་ཨིན་ཟེར་ ངོས་ལེན་འགོ་དཔོན་ དབང་རྒྱལ་རྡོ་རྗེ་གིས་ སླབ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་༢༤༣ ཆ་མེད་གྲངས་སུ་ ཚུད་ཡོད་མི་ལས་༡༣༠ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོད་མི་ ཡིག་ཤུབས་ཁ་པ་དེ་ ཐིའུ་མ་རྐྱབ་པའི་ཁར་ དབང་ནུས་ལྡན་པའི་ དཔང་པོ་མེདཔ་མ་ཚད་ ངོ་སྤྲོད་ལག་ཁྱེར་གྱི་ ཨངས་གྲངས་ཚངམ་སྦེ་ མ་བཀོད་པའི་ཁར་ འགྲེམ་ཐོག་ཚོགས་རྒྱན་༨༡ ལུ་ ངོ་སྤྲོད་གསལ་བསྒྲགས་ལག་ཁྱེར་མེདཔ་བཞིན་དུ་༣༢ དེ་ ཚོགས་རྒྱན་སྐྱུར་མིའི་ ངོས་འཛིན་འདྲ་པར་རྙིངམ་གི་ ཨང་གྲངས་བཀོད་མི་ཚུ་ ཚུདཔ་ཨིན་པས།
ད་རུང་ བཀང་ལུང་-བསམ་མཁར་འདེམས་ཁོངས་ཀྱིས་ ཕྱིའི་རྒྱལ་ཁབ་ལུ་སྡོད་མི་ འབྲུག་མི་ཚུ་གི་ལས་ འགྲེམ་ཐོག་ཚོགས་རྒྱན་ཐོབ་མི་དེ་ མཐོ་ཤོས་ཨིན་མི་དེ་ཡང་ ཨེ་མི་རི་ཀ་ལས་ འགྲེམ་ཐོག་ཚོགས་རྒྱན་༧ དང་ རྒྱལ་ཁབ་གཞན་ དཔེར་ན་ རྒྱ་གར་༥ དང་ ཨཱསི་ཊེ་ལི་ཡ་ལས་༣ ཤཱྲི་ལངྐ་ལས་༢ བང་ལ་དེཤ་ལས་༡ ལྷོད་ཅི་ཟེར་ ངོས་ལེན་འགོ་དཔོན་གྱིས་ སླབ་ཨིན་པས།
དེ་གི་ཤུལ་ལས་ བར་མཚམས་-གཤོང་ཕུག་འདེམས་ཁོངས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༥༤༤ ཐོབ་ཡོད་མི་ལས་༥༣ ཆ་མེད་སོང་ཡོདཔ་ད་ འདེམས་ཁོངས་དེ་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༦༢༡ བསྐྱལ་ཡོདཔ་ཨིན་པས།
ཁྲིམས་ཤིང་འདེམས་ཁོངས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༤༤༦ བསྐྱལ་ཡོད་མི་ལས་༡,༣༩༠ ལྷོད་ཡོདཔ་ད་ དེ་ཚུ་གི་གྲས་ལས་༢༠ ཆ་མེད་སོང་ཡི་ཟེར་ ངོས་ལེན་འགོ་དཔོན་ ཚེ་རིང་དབང་འདུས་ཀྱིས་ སླབ་ཨིན་པས།
ཝམ་རོང་འདེམས་ཁོངས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༣༨༩ བསྐྱལ་ཡོདཔ་ཨིན་རུང་༡,༡༩༠ དེ་ཅིག་ ལྷོད་མིའི་ནང་ ཆ་མེད་ག་དེམ་ཅིག་ སོང་ཡོདཔ་ཨིན་ན་ ཏན་ཏན་སྦེ་ ཤེས་མ་ཚུགསཔ་ཨིན་པས།
དེ་ལས་ ར་ལྡི་-སག་སྟེང་འདེམས་ཁོངས་ཀྱི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་༡,༡༣༡ བསྐྱལ་ཡོད་མི་ལས་ ཁ་ཙ་ཕྱི་རུའི་ཆུ་ཚོད་༥ ཚུན་ཚོད་༡,༠༡༧ ཐོབ་ཡོད་རུང་༣༨ མ་མེད་སོང་ཡི་ཟེར་ ངོས་ལེན་འགོ་དཔོན་ པདྨ་ཚེ་དབང་གིས་ སླབ་ཨིན་པས།
བཀྲིས་སྒང་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་དང་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་ ཕོ་སྐྱེས་༢༠,༡༡༢ དང་ ཨམ་སྲུ་༢༡,༣༩༨ འབདཝ་ད་ ཚོགས་རྒྱན་སྐྱུར་མི་ ཡོངས་བསྡོམས་༤༡,༥༡༠ ཡོདཔ་ཨིན་པས།
འགོ་ཐོག་བཙག་འཐུའི་སྐབས་ འགྲེམ་ཐོག་ཚོགས་རྒྱན་༥,༦༧༢ དང་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་༡༤,༤༤༡ བཙུགས་ཡོདཔ་ཨིན་པས།
ཡིག་ཤུབས་ཁ་པའི་ནང་ཡོད་མི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ཉིན་མའི་ཆུ་ཚོད་ཕྱེད་དང་གཉིས་དེ་ཅིག་ལས་ གྱངས་ཁ་རྐྱབ་ནི་ འགོ་བཙུགས་ནི་ཨིན་རུང་ དེ་གི་གྲུབ་འབྲས་ཚུ་ ཕྱི་རུ་རྐྱངམ་གཅིག་ལས་བརྒལ་ གསལ་བསྒྲགས་མི་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་སྒང་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment