གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙོན་པ་ཨམ་སྲུ་༥༢ གོ་ཡངས་ཀྱི་བཙོན་ཁྲིམས་ནང་བཏང་ཡོདཔ།

༡༣/༧/༢༠༡༣   ༉ འདས་པའི་ཟླཝ་༣ གྱི་ཧེ་མར་ ཐིམ་ཕུ་ཨམ་སྲུ་བཙོན་ཁང་ལྟེ་བའི་ནང་ བཙོན་ཁྲིམས་ཕོག་མི་ཨམ་སྲུ་ཚུ་ལུ་ གོ་ཡངས་ཀྱི་ཐོག་ལས་ བཙོན་ཁྲིམས་བཀལ་ནིའི་འཆར་གཞི་བརྩམས་མི་དེ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ བཙོང་ཁང་ནང་ལས་ ཕྱི་ཁར་བཏོན་བཞག་ནི་སྦེ་ གནས་ཚུལ་བཀོད་མི་དང་བསྟུན་ ཁ་ཙ་ ཕྱི་ཁར་བཏོན་ཡོདཔ་ཨིན་པས།
གོ་ཡངས་ཀྱི་བཙོན་ཁྲིམས་ཐོབ་མི་ ཨམ་སྲུ་ཚུ་ ཐིམ་ཕུ་ལས་ རང་སོའི་ས་ཁོངས་ཚུ་ནང་ འགྱོ་བའི་བསྒང་།


མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ ཨམ་སྲུ་༥༢ ཐིམ་ཕུ་ཨམ་སྲུའི་བཙོན་ཁང་ལྟེ་བ་ལས་ ཕྱི་ཁར་བཏོན་ཏེ་ སྤ་རོ་ཟླ་བ་ཁ་ལུ་ བསྐྱལ་ནི་ཟེར་ སླབ་པའི་ཤུལ་ལུ་ བཙོན་ཁང་ནང་སྡོད་མི་ ཨམ་སྲུ་ཚུ་གིས་ ཟླཝ་༣ ནམ་ཚང་ནི་ཨིན་ན་ཟེར་ ཉིན་ནུབ་མེད་པར་ ཞག་གྲངས་གྱངས་ཁ་རྐྱབ་སྟེ་ སྡོད་ཅི་ཟེར་ཨིན་པས།
བཙོན་ཁང་ནང་སྡོད་པའི་རིང་ལུ་ འགོ་དཔོན་ཚུ་གིས་ ལེགས་ཤོམ་སྦེ་ འཛིན་སྐྱོང་འབད་ཡོད་རུང་ བཙོན་པ་ཅིག་འབད་མི་ལུ་བརྟེན་ ང་བཅས་ཀྱིས་ ག་ནི་ཡང་ འབད་མ་ཚུགས་ཟེར་ཨིན་པས།
ད་རིས་ ཕྱི་ཁར་ཐོན་ཏེ་སྡོད་ནིའི་གོ་སྐབས་འཐོབ་མི་དེ་ ག་ཅི་དེ་ སྐལ་བ་བཟང་ཡོདཔ་ད་ རང་གི་ཨ་ལུ་དང་ གཉེན་གྲོགས་ཚུ་དང་མཉམ་ ལོག་འཛོམས་ཚུགས་པའི་ གོ་སྐབས་ཐོབ་མི་ལུ་བརྟེན་ དགའ་བ་ཚད་ལས་བརྒལ་ཏེ་བྱུང་ཡི་ཟེར་ བཙོན་པ་ཅིག་གིས་ སླབ་ཨིན་པས།
སྤ་རོ་ཟླ་བ་ཁ་ལུ་ ས་ཆ་ཨེ་ཀར་༦ དེ་ཅིག་ གླ་ཁར་ལེན་ཡོད་མིའི་ནང་ བཙོན་པ་ཨམ་སྲུ་ཚུ་ བསྐྱལ་ཡོདཔ་ད་ ཁོང་ཨམ་སྲུ་ཚུ་གིས་ ད་ལས་ཕར་ ཚོད་བསྲེ་འཛུགས་སྐྱོང་འཐབ་སྟེ་ མི་ཚེའི་གནས་སྟངས་ཡར་དྲག་དང་ སེམས་ཁམས་ལུ་ བསྒྱུར་བཅོས་འབད་དེ་ མི་སྡེའི་ནང་ དགའ་སྐྱིད་ལྡནམ་སྦེ་སྡོད་བཅུག་ནི་དེ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ སླབ་མི་དང་འཁྲིལཝ་ད་ མི་དབང་མངའ་བདག་རིན་པོ་ཆེའི་ཐུགས་ཀྱི་དགོངས་གཏེར་དང་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་ ཁྲིམས་སྲུང་༢ མཐུན་འབྲེལ་ཐོག་ལས་ ཚོད་བསྲེ་འཛུགས་སྐྱོང་འབད་སྡོད་ནིའི་ལས་འགུལ་ཅིག་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ལོ་༦ ལང་མི་ ཨམ་སྲུ་ཅིག་གིས་ འབད་བ་ཅིན་ ང་གི་མི་ཚེ་ནང་ ཐིམ་ཕུ་བཙོན་ཁང་གི་ལྕགས་རི་ཚུ་ མཐོང་ནི་ལས་ལྷག་སྟེ་ གཞན་མི་མཐོང་ནི་མས་ཟེར་ མནོ་སྡོད་རུང་ ད་རིས་ རང་གི་མི་ཚེ་ ལོག་འགོ་བཙུགས་ནིའི་ གོ་སྐབས་ཐོབ་མི་ལུ་ བཀྲིན་ག་དེ་སྦེ་བསམ་ནི་ཨིན་ན་ མི་ཤེས་པས་ཟེར་ སླབ་ཨིན་པས།
སྤྱི་ལོ་༢༠༡༣ ཟླ་༣ པའི་ནང་ ལྕམ་གང་བཙོན་ཁང་ནང་ལས་ ཕོ་སྐྱེས་༣༠ འབད་མི་སྡེ་ཚན་ཅིག་ སྤ་རོ་གཡུ་རྟ་དགོན་པ་ལུ་ བཏང་པའི་ཤུལ་ལུ་ ཐེངས་༢ པའི་ནང་བཙོན་པ་༡༢༡ འབད་མི་ ཕོ་སྐྱེས་སྡེ་ཚན་ཅིག་ སྤ་རོ་དང་ ཧཱ་རྫོང་ཁག་གི་ལྷ་ཁང་ཚུ་ནང་ བཙོན་ཁྲིམས་ཕྱག་ཞུ་ནིའི་དོན་ལུ་ བཏང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment