གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསར་སྤང་ལུ་ སྲིད་ཚོགས་ཀྱི་ལོ་རྒྱུས་སླབ་ནི་དེ་ དུས་རྒྱུན་གྱི་ བཤད་ཐོ་ཅིག་ལུ་གྱུར་ཡོདཔ།

༡༣/༧/༢༠༡༣   ༉ གསང་སྤང་ལུ་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ ཆརཔ་ཆད་པའི་ཤུལ་ལས་ ཕོ་སྐྱེས་སྡེ་ཚན་ཅིག་ ཆོས་འཁོར་གླིང་ཚོང་པ་ཨམ་སྲུ་དེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འགོ་ཐོག་བཙག་འཐུའི་སྐབས་ལས་ར་ མི་ཚུ་གིས་ མོ་གི་ཚོང་ཁང་ནང་ འོང་་ཞིནམ་ལས་ སྲིད་ཚོགས་ཀྱི་སྐོར་ལས་ ལོ་རྒྱུས་སླབ་ནི་དེ་ དུས་རྒྱུན་གྱི་ བཤད་ཐོ་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།


སྡེ་ཚན་ནང་གི་ ཕོ་སྐྱེས་ཚུ་ ཆོས་འཁོར་གླིང་དང་ འཇིགས་མེད་གླིང་ དེ་ལས་ བདེ་སྐྱིད་གླིང་ལས་ཨིནམ་བཞིན་དུ་ ཁོང་ཆ་ཁྱབ་ ཆ་རོགས་འཆམ་ཏོག་ཏོ་ཨིན་རུང་ སྲིད་དོན་ཚོགས་པ་ སོ་སོར་ལུ་ རྒྱབ་སྐྱོར་འབད་མི་ཨིན་པས།
སྡེ་ཚན་ནང་ ཕོ་སྐྱེས་དྲུག་ཡོད་ས་ལས་ གསུམ་གྱིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་རུང་ གཞན་མི་གསུམ་གྱིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།
འགོ་ཐོག་བཙག་འཐུའི་སྐབས་ལུ་ སོ་སོར་ཨིན་ཟེར་ སྐྱེས་ལོ་༣༡ ལང་མི་ རྡོ་རྗེ་མིན་འགྱུར་གྱིས་ འབད་བ་ཅིན་ འགོ་ཐོག་བཙག་འཐུའི་སྐབས་ལུ་ ཁོང་༢ ཀྱིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ད་ གཞན་མི་༢ ཀྱིས་ མི་སེར་དམངས་གཙོ་ཚོགས་པ་ལུ་དང་༡ གིས་ འབྲུག་མཉམ་རུབ་ཚོགས་པ་ལུ་ ད་རུང་གཞན་མི་༡ གིས་ འབྲུག་སྤྱིར་དབང་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
ཨིན་རུང་ ཧེ་མ་འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་དེ་གིས་ ད་ལྟོ་འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ད་ གཞན་མི་ འབྲུག་སྤྱིར་དབང་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་དེ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབདཝ་ཨིན་ཟེར་ཨིན་པས།
རྡོ་རྗེ་མིན་འགྱུར་གྱིས་ བཤད་མི་དང་འཁྲིལཝ་ད་ ཚོགས་པ་ག་གིས་ གཞུང་སྐྱོང་ནིའི་གོ་སྐབས་ཐོབ་རུང་ མི་ངོ་ལུ་ ཕན་ཐོགས་པའི་ལཱ་ཅིག་ག་ཅི་ཡང་ འབད་མ་ཚུགསཔ་ཨིན་རུང་ འདེམས་ངོ་ལུ་ རྒྱབ་སྐྱོར་འབད་དགོ་མི་དེ་ འདེམས་ངོ་དེ་གིས་ གཞུང་སྐྱོང་ཚོགས་པ་ནང་ བཙག་འཐུ་འགྲུབ་བཅུག་ཟེར་མནོ་སྟེ་ ཨིན་ཟེར་ཨིན་པས།
སློབ་རིམ་༡༠ པ་མཐར་འཁྱོལ་མི་ཅིག་གིས་ སླབ་མིའི་ནང་ ཁོ་གི་སྒྲིང་ཁྱིམ་དེ་ དགེ་ལེགས་ཕུག་དང་ གསར་སྤང་གི་ གཞུང་ལམ་ཁར་ཡོད་ཟེར་ཨིནམ་ད་ དེ་ནང་ གློག་མེ་ཡང་ཡོད་ཟེར་ཨིན་རུང་ ག་དེམ་ཅིག་སྦེ་ བཙག་འཐུ་འགྲུབ་པ་ཅིན་ དེ་གིས་ བློན་པོའི་ཕྱག་འགན་འབག་ཞིནམ་ལས་ འདེམས་ཁོངས་ནང་ གོང་འཕེལ་གྱི་འཆར་གཞི་ཚུ་ འབད་ཚུགས་ཟེར་མནོ་སྟེ་ རྒྱབ་སྐྱོར་འབདཝ་ཨིན་ཟེར་ཨིན་པས།
སྐྱེས་ལོ་༣༧ ལང་མི་ རམ་ཀུ་མར་མོང་གར་གྱིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཁོ་ར་སྤྱི་ལོ་༢༠༠༨ ལས་ར་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ལས་བརྟེན་ ད་ལྟོ་འབད་རུང་ དེ་ལུ་ར་ རྒྱབ་སྐྱོར་འབད་ནི་ཟེར་ཨིན་པས།
རྡོ་བཱན་དང་ གོང་གི་ས་གནས་ཚུ་ནང་འགྱོ་མི་ཚུ་ མང་ཤོས་ར་ ཁྲོམ་ཆུང་ཀུ་དེ་ནང་ལས་བརྒྱུད་དེ་ འགྱོ་དགོ་དོ་ཡོདཔ་ཨིན་པས།
ཉིན་གྲངས་༢ ཀྱི་རིང་ རྐང་ཐང་སྦེ་འགྱོ་དགོ་མི་ མི་སེར་སྡེ་ཚན་༡ ས་གནས་ནང་ལྷོད་ཡོདཔ་ད་ ཁོང་ར་ ལམ་འགྱོ་དགོ་སྟེ་འབད་རུང་ ཚོགས་རྒྱན་བཙུགས་ནི་དེ་ ཁག་ཆེ་མི་ལུ་བརྟེན་ བཅའ་མར་གཏོགས་དོ་ཟེར་ཨིནམ་ད་ ཉིནམ་དེ་ ཁག་ཆེཝ་སྦེ་ བརྩི་དགོ་མི་དེ་ཡང་ གཞུང་སྐྱོང་བཙག་འཐུ་འབད་ནི་དང་ སྤྱི་ཚོགས་ཀྱི་དོན་ལུ་ འདེམས་ངོ་བཙག་འཐུ་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཤོམ་སྤང་ཁ་འདེམས་ཁོངས་དེ་ མ་གཞི་འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ཅིག་ཨིན་རུང་ སྤྱིར་བཏང་བཙག་འཐུ་གི་སྐབས་ལུ་ མི་སེར་མང་ཤོས་ཅིག་གིས་ འགྱུར་བ་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་ལས་ འགྱུར་བ་ལུ་ འགྱོ་ནི་བཟུམ་ཅིག་ཡང་ མཐོང་དོ་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་པ་ཅིག་གིས་ སླབ་མིའི་ནང་ སྤྱིར་བཏང་བཙག་འཐུ་གི་སྐབས་ལུ་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་བརྒྱ་ཆ་༨༠ དེ་ཅིག་གིས་ འགྱུར་བ་ལུ་མནོ་བསམ་གཏང་སྟེ་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ནི་གི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
དོ་བཱན་རྒེད་འོག་ནང་ ཁྱིམ་གུང་པ་༤༨༠ ཡོདཔ་ད་ ཁྱད་ཚད་དང་ལྡན་པའི་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༢,༥༨༢ ཡོདཔ་ཨིན་པས།
དོ་བཱན་ལས་ སྐྱེས་ལོ་༤༠ ལང་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ བརྒྱུད་འབྲེལ་བློན་པོ་བགྲེསཔ་ ནཱན་ད་ལཱལ་གྱིས་ ས་གནས་ནང་ གྲོགས་རམ་འབད་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་ལོ་༥ ནང་ དོ་བཱན་ལུ་ སློབ་གྲྭ་དང་ གཞི་རྟེན་སྨན་ཁང་ཐོབ་ཡོདཔ་མ་ཚད་ སྣུམ་འཁོར་ལམ་དང་ གློག་མེ་ཚུ་ ད་ལྟོ་མཐུད་སྦྲེལ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཨིན་རུང་ ཤོམ་སྤང་ཁ་གི་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡༡,༣༧༤ དེ་ཅིག་གིས་ སྐྱེས་ལོ་༥༨ ལང་མི་ འབྲུག་ཕུན་སུམ་ཚོགས་པའི་ ནཱན་ད་ལཱལ་དང་ སྐྱེས་ལོ་༤༩ ལང་མི་ མི་སེར་དམངས་གཙོ་ཚོགས་པའི་ རིག་འཛིན་རྡོ་རྗེ་གཉིས་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment