གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་རྫོང་ཁག་གི་ འདེམས་ཁོངས་༢ ནང་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡,༢༤༥ ལྷོད་ཡོདཔ།

༡༣/༧/༢༠༡༣   ༉ སྤྱིར་བཏང་བཙག་འཐུ་གི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་དེ་ ཁ་ཙ་ལས་ མཇུག་བསྡུ་ཡོདཔ་ད་ སྤ་རོ་རྫོང་ཁག་གི་ འདེམས་ཁོངས་༢ ནང་ འགྲེམ་ཐོག་ཚོགས་རྒྱན་ ཡོངས་བསྡོམས་༡,༢༤༥ ལྷོད་ཡོདཔ་ཨིན་པས།
བཙག་འཐུའི་འགོ་དཔོན་ཚུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ གྱངས་ཁ་རྐྱབ་པའི་བསྒང་།


ལམ་གོང་ཝང་ལྕང་འདེམས་ཁོངས་བཟུམ་ཅིག་ནང་འབད་བ་ཅིན་ ངོས་ལེན་འགོ་དཔོན་ཡིག་ཚང་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་ཡོངས་བསྡོམས་༧༤༦ བཏང་ས་ལས་ ལོག་སྟེ་༦༩༤ ལྷོད་ཡོད་མིའི་ནང་ལས་༢༦ ཆ་མེད་སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྡོ་སྒར་ཤར་པ་འདེམས་ཁོངས་ནང་གི་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ འགྲེམ་ཐོགས་ཚོགས་རྒྱན་ཡོངས་བསྡོམས་༦༥༢ བཏང་ཡོད་ས་ལས་ ལོག་སྟེ་༦༡༧ ཐོབ་ཡོདཔ་ད་ དེ་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་༤༠ ཆ་མེད་སོང་ཡོདཔ་ཨིན་པས།
ཨིན་རུང་ ཆ་མེད་སོང་བའི་གྱངས་ཁ་དང་ འགྲེམ་ཐོག་ཚོགས་རྒྱན་ལྷོད་མིའི་གྱངས་ཁ་དེ་ འགོ་ཐོག་བཙག་འཐུ་དང་ཕྱདཔ་ད་ ད་རེས་དུམ་གྲ་ཅིག་ མང་སུ་ཡོདཔ་ཨིན་པས།
འགོ་ཐོག་བཙག་འཐུ་ནང་འབད་བ་ཅིན་ ལམ་གོང་ཝང་ལྕང་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་༦༤༧ ལྷོད་ཡོད་མི་ནང་ལས་༣༤ ཆ་མེད་སོང་ཡོདཔ་ད་ དེ་བཟུམ་སྦེ་ རྡོ་སྒར་ཤར་པ་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་༤༩༧ ལྷོད་ཡོད་མི་ནང་ལས་༤༥ ཆ་མེད་སོང་ཡོདཔ་ཨིན་པས།
ལམ་གོང་ཝང་ལྕང་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ཐོ་བཀོད་འབད་མི་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་ཚུ་གི་ བཏང་པའི་སྐབས་ ནུབ་མོ་ཨིན་རུང་ མ་ཉལ་བར་བཏང་དོ་ཡོདཔ་ཨིན་རུང་ ཕར་བཏང་ཚར་མི་དེ་ ལོག་ལྷོད་མི་མེདཔ་ད་ བློ་ཕམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ མ་བཏང་པའི་ཧེ་མར་ བཙག་འཐུ་དང་འབྲེལ་བའི་འགོ་དཔོན་ཚུ་ ལཱ་ལེ་ཤ་འབད་དགོཔ་མ་ཚད་ ཤུལ་ལས་ ཁོང་ལུ་བཏང་པའི་སྐབས་ གཞུང་དང་བཙག་འཐུ་ལྷན་ཚོགས་ཀྱིས་ འགྲོ་སོང་ལེ་ཤ་བཏང་ཐོག་ལས་ བཏང་དོ་ཡོདཔ་ལས་ དེ་ཚུ་ ག་ར་ཆུས་ཟོས་བཏངམ་ད་ སེམས་མི་དགའ་བས་ཟེར་ཨིན་པས།
ཨིན་རུང་ ད་རེས་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ ཕར་ལུ་བཏང་ཡོད་མི་ འགྲེམ་ཐོག་ཚོགས་རྒྱན་དེ་ བརྒྱ་ཆ་ལས་བརྒྱ་སྦེ་ ལྷོད་ནི་གི་ རེ་བ་བསྐྱེད་སྡོད་ཅི་ཟེར་ ངོས་ལེན་འགོ་དཔོན་རྒྱལ་མཚན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

སྤ་རོ་ལས་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment