གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་རྒྱལ་ཁབ་འདི་ རྒྱལ་སྤྱི་མཐུན་འབྲེལ་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ཡོདཔ།

༡༣/༧/༢༠༡༣    ༉ འབྲུག་གཞུང་གི་ གནང་བ་གནང་མི་ལུ་བརྟེན་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ཚོགས་སྡེ་ལས་ཁུངས་ཀྱིས་ རྒྱལ་སྤྱི་མཐུན་འབྲེལ་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་མི་ལུ་བརྟེན་ སོ་ནམ་ལས་ཁུངས་ལུ་ ཕན་ཐོགས་སྦོམ་འབྱུང་ནི་ཨིན་པས།


དེ་ཡང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ གསར་བཏོན་འབད་མི་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་སྤྱི་མཐུན་འབྲེལ་ཨའི་སི་ཨེ་གི་འོག་ལུ་ རྒྱལ་ཁབ་༩༦ གིས་ འབྲེལ་གཏོགས་འབད་མིའི་ནང་ འཐུས་མི་སྦེ་འཛུལ་ཞུགས་འབད་མི་༢༧༡ ཡོདཔ་ད་ འཐུས་མི་རྒྱལ་ཁབ་ཚུ་ མཐུན་འབྲེལ་གྱི་ཐོག་ལས་ གོང་འཕེལ་གྱི་ལས་སྣ་དང་ འཆར་གཞིའི་ལས་རིམ་ དེ་ལས་ དགོས་མཁོ་ཆེ་བའི་གྲོགས་རམ་ཚུ་ འཐོབ་ཚུགས་པའི་ ཕན་ཁེ་འདུག་ཟེར་ཨིན་པས།
རྒྱལ་སྤྱི་མཐུན་འབྲེལ་ཚོགས་པའི་ནང་ འཛམ་གླིང་རྒྱལ་ཁབ་༩༦ ཡོད་ས་ལས་ འཐུས་མི་༢༧༡ ཡོད་མི་ལུ་བརྟེན་ འཐུས་མི་རྒྱལ་ཁབ་ཚུ་གི་བར་ན་ མཐུན་འབྲེལ་ཐོག་ལུ་ ཡར་རྒྱས་གོང་འཕེལ་གྱི་ལས་རིམ་དང་ འཆར་གཞི་ དེ་ལས་ གྲོགས་རམ་ཚུ་ཡང་ བྱིན་དོ་ཡོད་མི་ལུ་བརྟེན་ འབྲུག་རྒྱལ་ཁབ་ཡང་ སྤྱི་ལོ་༢༠༡༣ ཟླ་༦ པའི་ནང་ ཐོ་བཀོད་གྲུབ་ཅི་ཟེར་ རྒྱལ་སྤྱི་མཐུན་འབྲེལ་ ཨའི་སི་ཨེ་ཡིག་ཚང་ནང་ལས་ ངོས་ལེན་ཡི་གུ་ཐོབ་ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་ཀྱིས་ འཐུས་མི་སྦེ་འཛུལ་ཞུགས་འབད་མི་ རྒྱལ་སྤྱི་མཐུན་འབྲེལ་ནང་ལས་ ཁེ་ཕན་དང་ ཐོབ་ཐངས་ཚུ་ཡང་ འཐུས་མི་རྒྱལ་ཁབ་ཚུ་དང་ མཐུན་འབྲེལ་ཐོག་ལུ་ ཚོང་འབྲེལ་ཞབས་ཏོག་གོང་འཕེལ་གཏང་ནི་ལུ་ ཕན་ཁྱད་དང་ གཞན་རྒྱལ་ཁབ་ཚུ་དང་ ཚོང་འབྲེལ་གྱི་མཐུན་འབྲེལ་བཟོ་ཚུགས་ནི་ དེ་ལས་ ཚོང་ལམ་བཏོན་ནི་ལུ་ ཕན་ཐོགས་ཡོདཔ་ཨིན་པས།
རྒྱལ་ཁབ་དེ་ རྒྱལ་སྤྱི་མཐུན་འབྲེལ་ལུ་ ཡོངས་འབྲེལ་ཐོག་ལས་ གྲོས་བསྟུན་འབད་ཚུགས་ནི་དང་ འཛམ་གླིང་གོང་འཕེལ་ཡོངས་འབྲེལ་དང་ མཐུད་སྦྲེལ་འབད་ཚུགས་པའི་ ལྷན་ཐབས་སྦོམ་ཡོདཔ་བཞིན་དུ་ འཐུས་མི་སྦེ་འཛུལ་ཞུགས་འབད་དགོ་པའི་དམིགས་ཡུལ་དེ་ མཐུན་འབྲེལ་གྱི་ཤེས་ཡོན་ འཐོབ་ནི་དེ་ཨིནམ་ད་ དེ་ཡང་ རྒྱལ་སྤྱི་མཐུན་འབྲེལ་ཚོགས་པ་ལས་ ཕན་ཐོགས་རྒྱ་ཆེ་དྲག་ཐོབ་ཚུགས་པའི་ མཁས་རིག་ལྡན་པའི་མི་དང་ ཁྱབ་བསྒྲགས་ དེ་ལས་ རིག་རྩལ་ཚུ་ འཐོབ་ཚུགས་ནི་ཨིན་པས།
མི་སྟོབས་གོང་འཕེལ་གཏང་ནི་དང་ ནུས་སྟོབས་ཅན་གྱི་ མཁས་མཆོག་བཟོ་ནིའི་དོན་ལུ་ སྦྱོང་བརྡར་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ཚུགས་ནི་ བརྡ་དོན་འཕྲུལ་རིག་གི་ཅ་ཆས་ཚུ་ བརྗེ་སོར་འབད་ནི་ རྒྱལ་སྤྱི་མཐུན་འབྲེལ་ནང་ ག་ཅི་ར་ འབད་དོ་ཡོདཔ་ཨིན་ན་ བརྡ་དོན་ཚུ་ ཁྱབ་སྤེལ་འབད་མི་ཚུ་འཕྲལ་ར་ འཐོབ་ཚུགས་ནི་ཨིན་པས།
དེ་ལུ་བརྟེན་ཏེ་ ད་ལས་ཕར་ སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ཚོགས་སྡེ་ ལས་ཁུངས་ཀྱིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དང་ མི་སྡེའི་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ནི་ལུ་ ཕན་ཐོགས་ཚུགས་ཟེར་ སྙན་ཞུ་གསར་བཏོན་ནང་ གསལ་སྟོན་འབད་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment