གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ལས་ སྡེ་ཚན་ཁག་གི་བར་ན་ ནོག་ཨའུཊ་ རྩེད་འགྲན་འབད་ནི།

༨/༧/༢༠༡༣   ༉ ད་རིས་ལས་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ ཉེ་འདབས་ལུ་ཡོད་པའི་ ཕུཊ་སཱལ་ཕུཊ་བཱོལ་རྩེད་ཐང་ནང་ ལིག་སྐོར་ཐེངས་ལས་ རྒྱལ་ཁ་ཐོབ་མི་སྡེ་ཚན་༨ ཀྱི་བར་ན་ རྩེད་འགྲན་འབད་ནི་ འགོ་བཙུགས་ནི་ཨིན་པས།
ཕུཊ་སཱལ་རྩེད་འགྲན་འབད་བའི་བསྒང་།


དེ་ཡང་ ད་རིས་ དྲོ་པའི་ཆུ་ཚོད་༡༢ ལུ་ ཀུན་འབྱུང་དང་ ཅངསི་ ཨེསི་ཊ་ལོནསི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་དང་ ཉིན་མའི་ཆུ་ཚོད་ཕྱེད་དང་༢ ལས་ འཇམ་དཔལ་ཡུ་ནའི་ཊེཌ་དང་ གཏེར་སྟོན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་མི་ལས་ ག་གིས་ རྒྱལ་ཁ་འཐོབ་མི་དེ་ མཐའ་བཅད་འོག་མའི་རྩེད་འགྲན་ནང་ དོ་འགྲན་འབད་ཚུགས་ནི་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༧ པའི་ཚེས་༩ ལུ་ བི་བི་ཁི་བི་ ཌོད་མའེ་དང་ རྫོང་རིག་སྡེ་ཚན་དང་ ཉིན་མའི་རྩེད་འགྲན་ནང་ པེཌ་སི་ཊི་དང་ གཞོང་ཨིསི་ཊར་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
ནོག་ཨའུཊ་རྩེད་འགྲན་ནང་ ལྷོད་མི་སྡེ་ཚན་༨ པོ་ཚུ་ཡང་ ལིག་སྐོར་ཐེངས་ནང་ རྩེད་འགྲན་འབདཝ་ད་ བྱང་ཕྱད་སྡེ་ཚན་ཚུ་ ལས་ སྐུགས་མཐོ་སུ་སྦེ་ ཐོབ་མི་ལུ་བརྟེན་ཨིནམ་ད་ དེ་ཚུ་གི་གྲས་ལས་ སྤྱི་ཟླ་༧ པའི་ཚེས་༦ ལུ་ སྡེ་ཚན་ཀ་པའི་ནང་ རི་ཀོ་བ་རི་དང་ གཏེར་སྟོན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ གཏེར་སྟོན་གྱིས་ གཱོལ་༥ བཙུགསཔ་ད་ བྱང་ཕྱད་ཀྱིས་ གཱོལ་༣ ལས་བརྒལ་ བཙུགས་མ་ཚུགསཔ་ལས་ ཕམ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཨིསི་ཊར་ཨེཕ་སི་དང་ གཞོང་ཨིསི་ཊར་སྡེ་ཚན་༢ ཀྱི་བར་ན་རྩེད་འགྲན་འབདཝ་ད་ ཨིསི་ཊར་ཨེཕ་སི་གིས་ གཱོལ་༣ དང་ གཞན་མི་སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགསཔ་བཞིན་དུ་ རི་ཡུ་ནེ་ཡཱན་གྱིས་ གཱོལ་༡༤ བཙུགས་ཏེ་ཕམ་བཏངམ་ད་  གཞོང་སྒར་གཱན་ནརསི་གིས་ གཱོལ་༣ ལས་བརྒལ་ བཙུགས་མ་ཚུགསཔ་ལས་ ཕམ་ཡོདཔ་ཨིན་པས།
ཕུཊ་སཱལ་ཕུཊ་བཱོལ་འགྲན་བསྡུར་ནང་ བསྡོམས་ཀྱིས་ སྡེ་ཚན་༡༦ གིས་ བཅའ་མར་གཏོགས་ཡོདཔ་ད་ སྡེ་ཚན་ཚུ་གི་བར་ན་ སྤྱི་ཟླ་༧ པའི་ཚེས་༡ ལས་འགོ་བཙུགས་ འབྲུག་ཆང་དང་ སྨྱོ་རྫས་བཀག་འཛིན་ལས་སྡེ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་སྦེ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ སློབ་གྲྭའི་ངལ་གསོ་གི་སྐབས་ལུ་ ན་གཞོན་སློབ་ཕྲུག་བུཚ་ཚུ་གིས་ དུས་ཚོད་འཕྲོ་བརླག་མ་བཏང་པར་ གཟུགས་ཁམས་སྒྲིང་སྒྲིང་དང་ ཆང་དང་སྨྱོ་རྫས་ལག་ལེན་འཐབ་ནི་ལས་ བཀག་འཛིན་འབད་ཚུགས་ནི་ དེ་ལས་ ཆ་རོགས་ངན་པ་ཚུ་དང་ ཁ་བསྡོམས་ཏེ་ ཨར་རྐུན་དང་འབྲེལ་བའི་ འཐབ་འཛིང་འབད་ནི་ལས་ བཀག་འཐབ་འབད་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཕུཊ་སཱལ་ཕུཊ༌བཱོལ་མཐའ་བཅད་རྩེད་འགྲན་དེ་ སྤྱི་ཟླ་༧ པའི་ཚེས་༡༢ རེས་གཟའ་སྤེན་པ་ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment