གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་འབྲེལ་ཐོག་ལས་ གློག་རིན་མར་ཕབ་ཀྱི་གསུང་གྲོས་ གནང་གནངམ་མེདཔ།

༨/༧/༢༠༡༣   ༉ འབྲུག་རང་བཞིན་སླར་འབྱུང་གློག་མེ་ལས་འཛིན་གྱི་མདོ་ཆེན་དང་ གནས་སྐབས་གཞུང་གི་ བསྟན་རྒྱས་ལྷན་ཁག་གི་ གྲོས་སྟོན་པ་ དྲགོས་ཚེ་དབང་རིན་འཛིན་གྱིས་འབད་བ་ཅིན་ རྒྱ་གར་གཞུང་གིས་ ཆུ་ཁ་གློག་མེའི་རིན་གོང་དེ་ རུ་པི་༢ ལས་ མར་ཕབ་རྐྱབ་ནི་དང་ ལོ་བསྟར་ཅ་དམ་གྱི་ཁྲལ་ སླར་ལོག་སྤྲོད་ནི་ཡོད་མི་དེ་ བཤོལ་བཞག་འབད་ནི་ཨིན་ཟེར་ ད་ཚུན་གྱི་རིང་ གཞུང་འབྲེལ་ཐོག་ལས་ གསུང་གྲོས་ག་ནི་ཡང་ གནང་གནངམ་མེད་ཟེར་ཨིན་པས།


ཁོ་གིས་འབད་བ་ཅིན་ ད་ལྟོའི་ ཆུ་ཁ་གློག་མེ་ལས་འཛིན་གྱིས་ ཕྱིར་བཙོང་འཐབ་མི་ གློག་ཤུགས་ཀྱི་ འོང་འབབ་གནས་སྟངས་ལུ་ འགྱུར་བ་ག་ནི་ཡང་མེད་པར་ཡོད་ཟེར་ བཤདཔ་ཨིན་པས།
དེ་ཡང་ འདས་པའི་བདུན་ཕྲག་མཇུག་གི་ ཨིང་ལིཤ་ཀུན་གསལ་ནང་ དྲགོས་ཀརྨ་ཨུ་ར་གིས་འབད་བ་ཅིན་ རྒྱ་གར་གཞུང་གིས་ ཆུ་ཁ་གློག་མེ་ལས་འཛིན་གྱིས་ རྒྱ་གར་ལུ་བཙོང་མི་ གློག་ཤུགས་ཡུ་ནིཊ་རེ་ལུ་ གོང་ཚད་རུ་པི་༢ རེ་འབད་མི་དེ་ རྒྱ་གར་གྱིས་ པའེ་ས་༤༥ ལྷན་ཐབས་སྤྲོད་ཡོད་མི་དེ་ མར་ཕབ་ཐོག་ ཡུ་ནིཊ་རེ་ལུ་ རུ་པི་༡.༥༥ དེ་ཅིག་ལས་ལྷག་སྟེ་ མི་བྱིན་ནི་ཨིནམ་སྦེ་ གནས་སྐབས་གཞུང་ལུ་ སྙན་ཞུ་འབད་ཡི་ཟེར་ བསམ་འཆར་བཀོད་ནུག།
དྲགོས་ཀརྨ་ཨུ་ར་གིས་འབད་བ་ཅིན་ རྒྱ་གར་ལུ་ ཆུ་ཁ་གི་གློག་མེ་དེ་ ཡུ་ནིཊ་རེ་ལུ་ གོང་ཚད་དངུལ་ཀྲམ་༡.༥༥ སྦེ་ བཙོང་དོ་ཡོད་མི་དེ་ རྒྱ་གར་གྱི་ མི་སེར་ལུ་ཡང་ དེ་ཅིག་སྦེ་ར་ བཙོངམ་ཨིན་རུང་ རྒྱ་གཞུང་གིས་ འབྲུག་ལུ་ གློག་ཤུགས་ཡུ་ནིཊ་རེ་ལུ་ པའེ་ས་༤༥ ཐེབས་སྤྲོད་དོ་ཡོདཔ་ཨིན་ཟེར་ཨིན་པས།
ཁོ་གིས་ རྩིས་བཏོན་མི་དང་འཁྲིལཝ་ད་ རྒྱ་གར་གྱིས་ པའི་ས་༤༥ མར་ཕབ་འབད་བ་ཅིན་ འབྲུག་གི་འོང་འབབ་ རུ་པི་ས་ཡ་༩༡༠ མར་ཕབ་ཐོག་ ལོ་བསྟར་ཆུ་ཁ་གློག་མེ་ལུ་བརྟེན་པའི་འོང་འབབ་ རུ་པི་དུང་ཕྱུར་༢.༧༣ ལུ་ མར་འབབ་འགྱོ་འོང་ཟེར་ཨིན་པས།
གནས་སྐབས་གཞུང་གི་ དངུལ་རྩིས་ལྷན་ཁག་གི་ གྲོས་སྟོན་པ་གིས་ ཆུ་ཁ་གློག་མེ་ལས་འཛིན་ལུ་བརྟེན་པའི་འོང་འབབ་དང་འབྲེལ་ ཚ་གྱང་བཀོད་མི་དེ་ མི་མང་ལུ་ཡང་ ཚ་གྱང་ཅན་ཅིག་ཨིན་རུང་ དྲགོས་ཚེ་དབང་རིན་འཛིན་གྱིས་འབད་བ་ཅིན་ གློག་མེ་ཉོ་བཙོང་འཐབ་པའི་ ཆིངས་ཡིག་དང་འཁྲིལཝ་ད་ ཆུ་ཁ་གློག་ཤུགས་ཀྱི་ རིན་གོང་ནང་ རྒྱ་གཞུང་གི་ལྷན་ཐབས་གནད་དོན་ ག་ནི་ཡང་མེད་པར་ ཡུ་ནིཏ་རེ་ལུ་ རུ་པི་༢ གུ་ ཞལ་འཆམ་འབད་ཡོད་པའི་ གོང་ཚད་ཨིནམ་ལས་ ཕབ་ཆའི་ལྷན་ཐབས་མ་དངུལ་གྱི་ ལོ་རྒྱུས་མེད་ཟེར་ཨིན་པས།
དེ་འབད་ནི་འདི་གིས་ གལ་སྲིད་རྒྱ་གཞུང་གིས་ འབྲུག་ལས་རུ་པི་༢ ཀྱི་ཐོག་ལས་ ལེན་ཞིནམ་ལས་ རྒྱ་གར་གྱི་གློག་ཤུགས་ཚོང་འབྲེལ་ལས་འཛིན་ལུ་ ཕབ་ཆ་ཐོག་ རུ་པི་༡.༤༥ སྦེ་ བྱིན་མི་དེ་ ཆ་མེད་བཏང་སྟེ་འབད་རུང་ ཆུ་ཁ་གི་ གློག་མེའི་རིན་གོང་ལུ་ མར་ཕབ་མི་བྱུངམ་འོང་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་སླབ་མིའི་ནང་ ད་ཚུན་ ཆུ་ཁའི་གློག་ཤུགས་ཕྱིར་བཙོང་འཐབ་མིའི་ རིན་གོང་དེ་ སྤྱི་ལོ་༢༠༠༥ གི་ཟླཝ་༡ པ་ལས་ འོག་བཙུགས་ཏེ་ ཡུ་ནིཊ་རེ་ལུ་ རུ་པི་༢ སྦེ་ར་གནས་ཡོདཔ་ལས་ བསྟན་རྒྱས་ལྷན་ཁག་གིས་ རྒྱ་གར་གཞུང་དང་གཅིག་ཁར་ གློག་མེའི་རིན་གོང་ཡར་སེང་འབད་ནི་གི་ གསུང་གྲོས་ཚུ་འགོ་བཙུགས་ཡོདཔ་ཨིན་ཟེར་ཨིནམ་ད་ ལྷན་ཁག་གིས་འབད་བ་ཅིན་ གསུང་གྲོས་ཀྱི་གྲུབ་འབྲས་ ལེགས་ཤོམ་འཐོན་པའི་རེ་བ་ཡོད་ཟེར་ཨིན་པས།
གློག་ཤུགས་མེ་ག་ཝཱཊ་༣༣༦ འབད་མི་ ཆུ་ཁ་གློག་མེ་ལས་འགུལ་དེ་ རྒྱ་འབྲུག་༢ ཀྱི་མཐུན་ལམ་གྱི་ རྟགས་མཚན་ཅིག་ཨིན་མི་དེ་ཡང་ རྒྱ་གཞུང་གི་མ་དངུལ་དང་ འཕྲུལ་རིག་རྒྱབ་སྐྱོར་ཐོག་ བཟོ་སྐྲུན་འབད་ཡོད་པའི་ གློག་མེ་ལས་འགུལ་དང་པ་ཨིན་པས།
ཝང་ཆུ་གུ་ གློག་མེ་ལས་འགུལ་ཅིག་ བཟོ་སྐྲུན་འབད་ནིའི་ ཆིངས་ཡིག་དེ་ རྒྱ་འབྲུག་༢ ཀྱི་བར་ན་ སྤྱི་ལོ་༡༩༧༤ ཟླ་༣ པའི་ཚེས་༢༣ ལུ་ མཚན་རྟགས་བཀོད་ཡོདཔ་ད་ ལས་འགུལ་དེ་གི་དོན་ལུ་ རྒྱ་གར་གཞུང་གིས་ མ་དངུལ་བརྒྱ་ཆ་༦༠ གྲོགས་རམ་དང་ བརྒྱ་ཆ་༤༠ སྐྱེད་བརྒྱ་ཆ་༥ འི་བསྐྱིན་འགྲུལ་ཐོག་ལུ་ཨིནམ་ད་ བསྐྱིན་འགྲུལ་དེ་ གློག་མེ་ལག་ལེན་འགོ་བཙུགས་པའི་ཤུལ་ལས་ ལོ་ངོ་༡༥ འི་ནང་འཁོད་ལུ་ བཏབ་དགོཔ་སྦེ་ བྱིན་ཡོདཔ་ཨིན་པས།
ཆུ་ཁ་གློག་མེ་དེ་ སྤྱི་ལོ་༡༩༨༨ ཟླ་༨ པའི་ཚེས་༢༢ ལུ་ མ་དངུལ་ཡོངས་བསྡོམས་ས་ཡ་༢,༤༦༥ གི་ཐོག་ལས་ ལག་ལེན་འགོ་བཙུགས་ཏེ་ ལོ་བསྟར་སྤྱི་སྙོམས་གློག་ཤུགས་ཡུ་ནིཊ་༡,༨༠༠ དེ་ཅིག་ ཐོན་སྐྱེད་འབད་ཡོདཔ་ད་ གློག་མེ་ལས་འགུལ་དེ་ལུ་བརྟེན་པའི་ བུ་ལོན་དེ་ སྤྱི་ལོ་༢༠༠༧ ཟླ་༡༢ པའི་ཚེས་༣༡ ལུ་ བཏབ་ཚར་ཡོདཔ་ཨིན་པས།
ད་རུང་ རྒྱ་གཞུང་གིས་ ཅ་དམ་ཁྲལ་ལོ་བསྟར་བཞིན་དུ་ སླར་ལོག་སྤྲོད་ནི་ཡོད་མི་དེ་ བཤོལ་བཞག་འབད་ནི་ཨིན་མས་ཟེར་བཀོད་མི་ལུ་ དྲགོས་ཚེ་དབང་རིན་འཛིན་གྱིས་འབད་བ་ཅིན་ འབྲུག་གིས་ རྒྱ་གར་ལས་ ནང་འདྲེན་འཐབ་ཡོད་པའི་ ཅ་དངོས་ཚུ་གི་ ཅ་དམ་ཁྲལ་དེ་ ལོ་བསྟར་བཞིན་དུ་ སླར་ལོག་སྤྲོད་མི་དེ་ ཚོང་འབྲེལ་ཆིངས་ཡིག་༢༠༠༦ ཅན་མ་དང་འཁྲིལ་ཨིནམ་ལས་ ཆིངས་ཡིག་དེ་ སྤྱི་ལོ་༢༠༡༦ ཚུན་གྱི་རིང་ ལག་ལེན་ཆ་འཇོག་ཡོདཔ་ཨིན་ཟེར་ཨིན་པས།
གལ་སྲིད་ ཅ་དམ་གྱི་ཁྲལ་ སླར་ལོག་སྤྲོད་ནི་ཡོད་མི་དེ་ བསྒྱུར་བཅོས་འབད་ནིའི་ འཆར་གཞི་ཡོད་པ་ཅིན་ དང་པ་ར་ གཞུང་༢ ཀྱི་བར་ན་ གསུང་གྲོས་ལོགས་སུ་སྦེ་ གནང་དགོཔ་འོང་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment