གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ཡང་ ཨ་སཱམ་ལུ་ ངོ་རྒོལ་འགྲེམ་སྟོན་ཡོད་རུང་ སྣུམ་འཁོར་ཚུ་བཀག་ཆ་མི་འབད་ནི།

༡༢/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༩ ལས་འགོ་བཙུགས་ཏེ་ ཚེས་༡༠ ཚུན་ ཉིན་གྲངས་༢ ཀྱི་རིང་ རྒྱ་གར་གྱི་ས་གནས་ ཨ་སཱམ་ལུ་ ངོ་རྒོལ་འགྲེམ་སྟོན་འབད་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ ས་མཚམས་བདའ་སྟེ་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཚུ་ བཀག་ཆ་འབད་བའི་ཤུལ་ལུ་ ཁ་ཙ་ལས་ ལོག་བཏང་ཡོདཔ་ད་ ཨིན་རུང་ ད་རིས་ལས་འགོ་བཙུགས་ཏེ་ ད་རུང་ ངོ་རྒོལ་འགྲེམ་སྟོན་ འགོ་བཙུགས་ནི་ཨིན་པས།


ནངས་པར་ རྒྱལ་ཁབ་ནང་ ཚོགས་རྒྱན་གྱི་ ཉིནམ་འབདཝ་ལས་བརྟེན་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ དཀའ་ངལ་མི་འབྱུང་ནིའི་དོན་ལུ་ སྣུམ་འཁོར་ཚུ་ འཕྲོ་མཐུད་དེ་ར་ འགྲོ་འགྲུལ་འབད་བཅུག་ནི་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ རྒྱ་གར་གྱི་ ས་གནས་ཚུ་ནང་ ངོ་རྒོལ་འགྲེམ་སྟོན་ཚུ་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་པའི་སྣུམ་འཁོར་ཚུ་ ཕུད་རྡོག་གཅིག་ཡང་ འགྲུལ་བསྐྱོད་འབད་མ་བཅུག་པར་ བཀག་ཆ་འབད་དེ་ བཞག་དོ་ཡོདཔ་ཨིན་རུང་ ད་རེས་ རྒྱལ་ཁབ་ཀྱི་ རྫོང་ཁག་ལེ་ཤ་ཅིག་ནང་ ཚོགས་རྒྱན་བཙུགས་པར་འགྱོ་མི་ རྒྱ་ཆེ་དྲགས་སྦེ་ ཐོགས་ལུས་ཏེ་ ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རིས་ཀྱི་ ངོ་རྒོལ་འགྲེམ་སྟོན་དེ་ དྲོ་པའི་ཆུ་ཚོད་༦ ལས་འགོ་བཙུགས་ཏེ་ ནངས་པ་ཕྱི་རུའི་ཆུ་ཚོད་༦ ཚུན་ཨིན་རུང་ འགྲོ་འགྲུལ་འབད་མི་ཚུ་གི་ ཉེན་སྲུང་གི་དོན་ལུ་ རྒྱ་གར་གྱིས་ སྲུང་སྐྱོབ་འབད་དེ་ ས་གནས་ཚུ་ནང་ བསྐྱལ་གནང་དགོ་པའི་ ཞུ་བ་འབད་དེ་ཡོད་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ བཤད་མིའི་ནང་ ད་རིས་ བསམ་གྲུབ་ལྗོངས་མཁར་ལས་ རྫོང་ཁག་གཞན་ཁར་ ཚོགས་རྒྱན་བཙུགས་པར་འགྱོ་མི་ ལེ་ཤ་འཐོན་ནི་ཨིན་རུང་ རྫོང་ཁག་གཞན་ཚུ་ལས་ བསམ་གྲུབ་ལྗོངས་མཁར་ལུ་འོང་མི་ ལེ་ཤ་འོང་ཟེར་ཨིན་པས།
ཨ་རྟག་འབད་བ་ཅིན་ རྒྱ་གར་ལུ་ ངོ་རྒོལ་འགྲེམ་སྟོན་ཚུ་འབད་བའི་སྐབས་ སྣུམ་འཁོར་ཚུ་ བཀག་ཆ་འབད་བཞག་སྟེ་ ཕུད་རྡོག་གཅིག་ཡང་ བཏང་ནི་མེདཔ་ཨིན་རུང་ ད་རེས་ཀྱི་ཐད་ཁར་ རྒྱལ་ཁབ་ཀྱི་ ཚོགས་རྒྱན་བཙུགས་མི་ཚུ་གི་དོན་ལུ་ བྱ་སྟབས་བདེ་དྲགས་འབྱུང་ནི་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་སྡེ་གིས་ རྒྱ་གར་གྱི་ ཁྲིམས་སྲུང་འགག་སྡེ་ལུ་ ཉེན་སྲུང་གི་ཞབས་ཏོག་ བྱིན་དགོཔ་སྦེ་སླབ་ཡོདཔ་ཨིན་རུང་ ཉེན་སྲུང་གི་ལཱ་ཚུ་ ཨེསི་ཨེསི་བི་གིས་ བྱིན་ནི་ཨིན་མས་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment