གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ ཅངསི་ཨིསི་ཊེ་ལོན་དང་ པེཌ་སི་ཊི་སྡེ་ཚན་༢ ཀྱིས་ མཐའ་བཅད་རྩེད་འགྲན་འབད་ནི།

༡༢/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༩ ལུ་ ཕུཊ་སཱལ་མཐའ་བཅད་འོག་མའི་ རྩེད་འགྲན་བལྟ་ནིའི་དོན་ལུ་ ལྟདམོ་ལྟ་བར་འོང་མི་ག་ར་ ན་གཞོན་ཚུ་ མ་གཏོགས་ སྤྲོ་བ་དང་ དང་འདོད་བསྐྱེད་དེ་འོང་མི་ མེདཔ་ཨིན་པས།
སྤྲོ་བ་ལེན་ཏེ་ ལྟདམོ་ལྟ་བར་འོང་མི་ ལེ་ཤ་མེད་རུང་ རྩེད་འགྲན་འབད་མི་ཚུ་གི་ཁ་ཐུག་ལས་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལུ་ འཐུས་ཤོར་མེད་པར་ རྩེད་འགྲན་འབད་མི་ལུ་ ན་གཞོན་ལྟདམོ་ལྟ་བར་འོང་མི་དང་ འགོ་འདྲེན་འཐབ་མི་ཚུ་གིས་ ངལ་རང་དང་ ཡིད་ཆེས་ཀྱི་སྒོ་ལས་ འགོ་འདྲེན་འཐབ་ཅི།

གཏེར་བཏོན་གྱི་ བཱོལ་བཟུང་མི་གིས་ བྱང་ཕྱད་ཀྱིས་ རྐྱབ་མི་བཱོལ་དེ་ གཱོལ་བཏང་མ་བཏུབ་པར་ དོ་འགྲན་འབད་བའི་བསྒང་།


མཐའ་བཅད་འོག་མའི་རྩེད་འགྲན་དང་པའི་ནང་ ཅངསི་ཨིསི་ཊེ་ལོན་དང་ རྫོང་རིག་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲནཝ་ད་ དུས་ཡུན་སྐར་མ་༡༥ འི་ནང་ སྡེ་ཚན་༢ ཀྱི་ཁ་ཐུག་ལས་ དོ་འགྲན་ཅན་སྦེ་ རང་སོའི་མཁས་མཆོག་གི་ རིག་རྩལ་ཚུ་བཏོན་ཏེ་ རྩེད་འགྲན་འབདཝ་ད་ ཅངསི་ཨིསི་ཊེ་ལོན་གྱིས་ གཱོལ་༣ དང་ གཞན་མི་སྡེ་ཚན་གྱིས་ གཱོལ་༢ བཙུགས་ཡོདཔ་ཨིན་པས།
ཤུལ་མམ་གྱི་ རྩེད་འགྲན་ནང་ ཅངསི་ཨིསི་ཊེ་ལོན་གྱིས་ གཱོལ་༣ ཐེབས་བཙུགས་ཏེ་ བསྡོམས་ཀྱིས་གཱོལ་༦ བཙུགས་ཏེ་ གཞན་མི་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ད་ བྱང་ཕྱད་སྡེ་ཚན་གྱིས་ དོ་འགྲན་ཅོག་ར་འཐདཔ་སྦེ་འབད་དེ་ གཱོལ་བཙུགས་ནི་འབད་རུང་ ཉིནམ་གཅིག་གི་ སྟབས་ལེགས་ལྟས་དབང་གིས་ ཕམ་ཁ་ལེན་དགོ་བྱུང་ཡི།
གཞན་མིའི་རྩེད་འགྲན་ནང་ གཏེར་སྟོན་དང་ པེཌ་སི་ཊི་སྡེ་ཚན་༢ ཀྱི་བར་ནའི་རྩེད་འགྲན་འབདཝ་ད་ ལྟདམོ་ལྟ་མི་ཚུ་ལུ་ སྤྲོ་བ་སྦོམ་ བྱུང་ ཡོདཔ་ཨིན་པས།
སྡེ་ཚན་༢ ཀྱི་བར་ན་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་ཡོད་རུང་ གཱོལ་བཙུགས་མ་ཚུགསཔ་ལས་ སྡེ་ཚན་༢ ཀྱི་བར་ན་ བཱོལ་པེ་ནཱལ་ཊི་རྐྱབ་དགོཔ་ཐོན་ཡོདཔ་བཞིན་དུ་ པེ་ནཱལ་ཊི་འགོ་དང་པ་རྐྱབ་མི་དེ་ པེཌ་སི་ཊི་སྡེ་ཚན་ལུ་ ཕོག་མི་ལུ་བརྟེན་ རྩེད་འགྲན་འབད་མི་ཅིག་གིས་ བཱོལ་རྐྱབ་ད་ བཱོལ་བཟུང་མི་གིས་ བཱོལ་བཟུང་མ་ཚུགསཔ་ལས་ གཱོལ་དང་པ་ཤོར་སོ་ཡི།
གཏེར་སྟོན་སྡེ་ཚན་ལས་ རྩེད་འགྲན་པ་ཅིག་གིས་ བཱོལ་རྐྱབ་པའི་སྐབས་ བཱོལ་བཟུང་མི་ པེཌ་སི་ཊི་སྡེ་ཚན་གྱིས་ གཱོལ་ཤོར་ཡོདཔ་ལས་ གཱོལ་འདྲན་འདྲ་བཙུགས་ཡོད་རུང་ གཞན་མི་སྐོར་ཐེངས་༢ ནང་ པེཌ་སི་ཊི་སྡེ་ཚན་གྱིས་ གཱོལ་བཙུགས་ཡོད་རུང་ གཏེར་སྟོན་སྡེ་ཚན་གྱིས་ གཱོལ་བཙུགས་མ་ཚུགས་མི་ལུ་བརྟེན་ པེཌ་སི་ཊི་གིས་ གཱོལ་༣ བཙུགསཔ་ད་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་བཙུགས་མ་ཚུགསཔ་ལས་ རྒྱལ་ཁ་ཐོབ་ཅི།
སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འགྲན་བསྡུར་དེ་ ད་རིས་རྩེད་འགྲན་འབད་ནི་ཨིནམ་ད་ རྒྱལ་ཁ་འཐོབ་མི་སྡེ་ཚན་ལུ་ དངུལ་རྐྱང་གི་གསོལ་རས་དང་ རྟགས་མ་ དེ་ལས་ ལག་ཁྱེར་ཚུ་ ཆང་དང་སྨྱོ་རྫས་བཀག་འཛིན་ལས་སྡེ་གིས་ ན་གཞོན་མ་དངུལ་རྒྱབ་སྐྱོར་ཐོག་ལས་ བྱིན་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment