གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མེ་རླུང་གེསི་དང་ ས་མར་ཁུའི་ཕབ་ཆ་ཐད་ཁར་ སྲིད་དང་འབྲེལ་བ་མེདཔ།

༡༠/༧/༢༠༡༣   ༉ ད་རེས་ཁམས་ཅིག་ འབྲུག་གི་སྲིད་འབྲེལ་གནས་སྟངས་ནང་ རྒྱ་གར་གྱིས་ འབྲུག་གི་སྲིད་དོན་ནང་ བར་འཛུལ་འབད་དོ་ཡོད་པའི་ དགོས་པ་དང་ཚ་གྱང་ཐོག་ འབྲུག་མི་ལེ་ཤ་ཅིག་ལུ་ ཚ་གྱང་ཕོག་སྟེ་ཡོདཔ་ཨིན་རུང་ འཕྲལ་ཁམས་རྒྱ་གར་གྱི་ གསར་ཤོག་ དཱ་ཧིན་དུ་ཟེར་མིའི་ གནས་ཚུལ་ཅིག་ནང་ མེ་རླུང་གེསི་དང་ ས་མར་ཁུའི་ཕབ་ཆ་དེ་ སྲིད་དང་འབྲེལ་བ་ག་ནི་ཡང་མེད་ཟེར་ བཀོད་མི་དེ་གིས་ མི་མང་གི་ དོགས་པ་བསལ་ཡོདཔ་ཨིན་པས།


དེ་བཟུམ་སྦེ་ འདས་པའི་གཞུང་སྐྱོང་གི་བློན་པོ་བགྲེསཔ་ ལྷོ་ཐིམ་ཕུ་གི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཡེ་ཤེས་སྦྱིན་པ་གིས་འབད་བ་ཅིན་ མ་གཞི་ གནས་ཚུལ་དེ་ནང་ རྒྱ་གར་གཞུང་གིས་ བསམ་ཚུལ་བཀོད་དེ་ རྒྱ་འབྲུག་གི་མཐུན་ལམ་ལུ་ འགྱུར་བ་མེད་པའི་གནད་དོན་བཀོད་ཡོདཔ་ལས་ མི་མང་གི་དོགས་པ་བསལཝ་མ་ཚད་ ཕུན་སུམ་ཚོགས་པ་གིས་ མཐུན་ལམ་མེདཔ་བཏང་ཡི་ཟེར་མི་དེ་ཡང་ མ་བདེནམ་སྦེ་ ཐོན་ཡི་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་སླབ་མིའི་ནང་ གནས་ཚུལ་དེ་ ལེགས་ཤོམ་ཅིག་ཨིན་རུང་ དུས་ཚོད་དུམ་གྲ་ཅིག་གིས་ ཕྱིས་སོ་མི་ལུ་བརྟེན་ འབྲུག་མི་ལེ་ཤ་ཅིག་ལུ་ རྒྱ་གར་གྱིས་ འབྲུག་གི་སྲིད་འབྲེལ་ནང་ ལགཔ་རྐྱབ་དོ་ཡོད་པའི་ དོགས་པ་ཆགས་ཡོདཔ་ལས་ སེམས་ཕམ་ཡོད་ཟེར་བཤད་ཅི།
དཱ་ཧིན་དུ་གི་ གནས་ཚུལ་གསར་ཤོག་དང་འཁྲིལཝ་ད་ མེ་རླུང་དང་ ས་སྣུམ་གྱི་གོང་ཚད་ཕབ་ཆ་ ཆ་མེད་བཏང་མི་དེ་ སྤྱི་ཟླ་༥ པའི་ནང་ལས་ར་ གྲོས་བསྟུན་འགོ་བཙུགས་སྟེ་ གཙོ་བོ་ར་ རྒྱ་གར་གཞུང་ནང་འཁོད་ལུ་ མ་དངུལ་གྱི་གནད་དོན་ནང་ དོ་འགྲན་བྱུང་མི་ཚུ་ལུ་བརྟེན་ཨིན་རུང་ གོང་ཚདཕབ་ཆ་གི་ ཆ་མེད་ཀྱི་གསལ་བསྒྲགས་དེ་ འབྲུག་གི་བཙག་འཐུའི་བྱ་རིམ་གྱི་ དུས་ཚོད་ཁར་ཕོག་མི་དེ་ སྟབས་ལེགས་སྟེང་དབང་གིས་མ་གཏོགས་ རྒྱ་གར་གྱིས་ འབྲུག་གི་སྲིད་འབྲེལ་ནང་ ལགཔ་རྐྱབ་པའི་གནད་དོན་མེན་ཟེར་བཀོད་ནུག།
དེ་མ་ཚད་ གོང་ཚད་ཕབ་ཆའི་ ཆ་མེད་ཀྱི་གནད་དོན་ནང་ ད་ལྟོ་ འབྲུག་ལུ་ གནས་སྐབས་གཞུང་འབད་ནི་དེ་གིས་ གྲོས་བསྟུན་འབད་ས་མེདཔ་ལས་ གནད་དོན་དེ་དང་འབྲེལ་བའི་ གཞུང་འབྲེལ་གྱི་གསུང་གྲོས་དང་ ཆིངས་ཡིག་བཀོད་ནི་གི་དོན་ལུ་ གཞུང་གསརཔ་ལུ་སྒུགཔ་ཨིན་ཟེར་བཀོད་ནུག།
བློན་པོ་བགྲེསཔ་ ཡེ་ཤེས་སྦྱིན་པ་གིས་ སླབ་མིའི་ནང་ ཧེ་མ་ལས་ རྒྱ་འབྲུག་༢ ཀྱི་ མཐུན་ལམ་མེདཔ་བཏང་མི་དེ་ ཕུན་སུམ་ཚོགས་པའི་གཞུང་ཨིནམ་སྦེ་ ཁ་ཉེས་བཀལ་བའི་མཐའ་མར་ རྒྱ་གར་གཞུང་གིས་ ས་སྣུམ་དང་ མེ་རླུང་གི་གོང་ཚད་ ཕབ་ཆ་ཡོད་མི་དེ་ ཆ་མེད་བཏང་པའི་སྐབས་ མི་མང་ལུ་དོགས་པ་སྦོམ་སྦེ་ར་ བཙུགས་ཅི་ཟེར་ཨིན་པས།
གནད་དོན་དེ་ལུ་བརྟེན་ འབྲུག་ཕུན་སུམ་ཚོགས་པའི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ བསྐུལ་བསྒྲགས་ཀྱི་ལས་རིམ་ཚུ་ཡང་ རྒྱབ་སྐྱུར་ཐོག་ ཐིམ་ཕུ་ལུ་ ཚར་ཅིག་འཛོམས་མི་དེ་ གནས་སྐབས་གཞུང་དང་གཅིག་ཁར་ གནད་དོན་དེ་ཚུའི་ཐོག་ལུ་ ཚ་གྱང་ཡོད་མི་ཚུ་བཀོད་ཐོག་ལས་ གཞུང་༢ ཀྱི་བར་ན་ གསུང་གྲོས་ཚུ་ ག་དེ་སྦེ་ར་ གནང་དོ་ཡོདཔ་ཨིན་ནའི་ ཚ་གྱང་འབག་སྟེ་ འཛོམས་ཡོདཔ་ཨིན་ཟེར་ཨིན་པས།
དེ་མ་ཚད་ གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་དེ་ རྩ་བ་ལས་ར་ འབྲུག་གི་གཞུང་སྐྱོང་ཚོགས་པ་སྦེ་ མ་དགོ་པ་ཅིན་ རྒྱལ་ཁབ་ལུ་ཕན་པའི་ གདམ་ཁ་ག་ཅི་ཡོད་རུང་ དང་བླངས་འབད་ནིའི་དོན་ལུ་ འོང་ཡོདཔ་ཨིན་རུང་ རྒྱ་འབྲུག་༢ ཀྱི་མཐུན་ལམ་གྱི་ཐད་ཁར་ དཀའ་ངལ་མེད་པར་ གནད་དོན་དེ་ཚུ་ སྟབས་ལེགས་སྟེང་་དབང་ཅིག་གིས་ དུས་ཚོད་ཁར་ ཁ་ཐུག་རྐྱབ་རྐྱབ་རྐྱངམ་གཅིག་ཨིནམ་སྦེ་ ཐོན་མི་ལུ་བརྟེན་ ཚ་གྱང་མེད་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment