གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷོ་བྱང་ཐིམ་ཕུའི་ འདེམས་ངོ་༢ ཀྱིས་ ཁས་བླངས་གསལ་བསྒྲགས་འབད་ཡོདཔ།

༡༠/༧/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་ ཐིམ་ཕུ་ལྷོ་བྱང་གི་ འདེམས་ཁོངས་ཀྱི་འདེམས་ངོ་༢ ཀྱིས་ ཐིམ་ཕུ་གི་ཚོང་པ་དང་ མི་མང་ཚུ་ལུ་ ཚོགས་པའི་དཔལ་འབྱོར་གོང་འཕེལ་འཆར་གཞིའི་སྐོར་ལས་ གསལ་བཤད་འབད་ཡོདཔ་མ་ཚད་ མི་མང་གི་དོགས་པ་དང་ བསམ་འཆར་ཚུ་ བསྡུ་ལེན་འབད་ཡི།


དེ་ཡང་ ཚོགས་པ་གིས་ མི་སྡེའི་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ ལོ་ངོ་དང་པའི་ནང་ ལཱ་གཡོག་གི་ས་སྟོང་༧༢༠༠ དེ་ཅིག་ བཏོན་ཚུགསཔ་འབད་ནི་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དངུལ་ཁང་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ དངུལ་ཁང་ཚུ་ནང་ མ་རྩའི་མ་དངུལ་གྱི་དཀའ་ངལ་སེལ་ཐབས་ལུ་ དངུལ་ཀྲམ་དུང་ཕྱུར་༥ དེ་ཅིག་ དངུལ་ལས་དབང་འཛིན་བརྒྱུད་དེ་ དངུལ་ཁང་ཚུ་ལུ་ སྤྲོད་ཐབས་འབད་ནི་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ བྱང་ཁ་ཐུག་གི་འདེམས་ངོ་ ཀུན་དགའ་ཚེ་རིང་གིས་ སླབ་མིའི་ནང་ དེ་ལུ་བརྟེན་ བསྐྱིན་འགྲུལ་ཚུ་ འཐོབ་ཚུགས་ནི་ཨིནམ་ལས་ སྣུམ་འཁོར་མཁོ་སྒྲུབ་འབད་ནིའི་ དང་འདོད་ཡོད་མི་ཚུ་གིས་ཡང་ ཨ་རྟག་ཧར་ལུགས་སྦེ་ སྣུམ་འཁོར་ཚུ་ ཉོ་ཚུགས་ཟེར་ཨིན་པས།
ཐིམ་ཕུ་གི་ ཚོང་པ་ཅིག་ཨིན་མི་ ཕུརཔ་བཟངམོ་གིས་ བསམ་འཆར་བཀོད་མིའི་ནང་ དངུལ་ཁང་ཚུ་ནང་ལས་ ནང་འཁོད་བསྐྱིན་འགྲུལ་དང་ ཏི་རུའི་དགོས་མཁོ་ཚུ་ དཀའ་ངལ་མེདཔ་བཟོ་ཐབས་ལུ་ བཟོ་གྲྭ་སྦོམ་ཚུ་གིས་ ཕྱི་རྒྱལ་ལས་ བསྐྱིན་འགྲུལ་ལེན་ཐབས་ཀྱི་འོས་འབབ་ཚུ་ བཟོ་དགོཔ་འདུག་ཟེར་བཤད་ཅི།
ཀུན་དགའ་ཚེ་རིང་གིས་ དོགས་སེལ་འབད་མིའི་ནང་ ཚོགས་པ་གིས་ གཞུང་སྐྱོང་འཐོབ་སྟེ་འབད་བ་ཅིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་མཉམ་འབྲེལ་ཐོག་ བཟོ་གྲྭ་སྦོམ་ཚུ་གི་དོན་ལུ་ ཕྱིའི་མ་རྩ་ གཞི་བཙུགས་འབད་མི་ལུ་བརྟེན་པའི་ དངུལ་ཁང་གཞི་བཙུགས་འབད་ནི་ཨིནམ་མ་ཚད་ དངུལ་ཁང་གཞན་མི་ཚུ་ནང་ བཟོ་གྲྭ་སྦོམ་ཚུ་གིས་ དངུལ་བཏོན་འབག་པའི་སྐབས་ དངུལ་ཁང་ཚུ་ནང་ གཞན་མི་མང་ལུ་ སྤྲོད་ནིའི་མ་རྩ་མེདཔ་འགྱོ་ནི་ཨིན་མིའི་ ཉེན་སྐྱོབ་འབད་ཚུགས་ཟེར་ ཁོ་གིས་གསལ་བཤད་འབད་ཡི།
གློག་རིན་གྱི་གནས་སྟངས་ཚུ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་འབད་བ་ཅིན་ ལག་ལེན་འཐབ་མི་ཚུ་གིས་ དབྱེ་ཁག་སྦེ་བཟོ་ཞིནམ་ལས་ གློག་མེ་བགོ་བཀྲམ་གྱི་འཆར་གཞི་ཚུ་ཡང་ ལེགས་ཤོམ་གྱི་གནས་ཚད་དང་ལྡན་པའི་ཁར་ མི་མང་ལུ་ བྱ་སྟབས་བདེ་ཏོག་ཏོ་དང་ འོས་འབབ་ལྡནམ་སྦེ་ བཟོ་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
རུ་པི་གི་གནད་དོན་ནང་ དཀའ་ངལ་སེལ་ཐབས་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ རྒྱ་གར་གྱི་དངུལ་ལས་དབང་འཛིན་ཚུ་དང་མཉམ་འབྲེལ་ཐོག་ ཏི་རུ་བརྗེ་སོར་གྱི་ལམ་ལུགས་ཐོག་ འབྲུག་གི་དངུལ་ཀྲམ་དུང་ཕྱུལ་༥ དེ་ཅིག་པར་བཏབ་སྟེ་ རྒྱ་གར་ལུ་ སྤྲོད་ཞིནམ་ལས་ རྒྱ་གར་ལས་ རུ་པི་ལེན་ཚུགས་པའི་འོས་འབབ་ཡོདཔ་ལས་ དེ་ལུ་ གཙོ་རིམ་བཟུང་ནིའི་གོ་སྐབས་ལེན་ནི་ཟེར་ཨིན་པས།
ཀུན་དགའ་ཚེ་རིང་གིས་འབད་བ་ཅིན་ དེ་སྦེ་ བརྗེ་སོར་འབད་དགོ་མི་དེ་ཡང་ ལོ་༥ དེ་ཅིག་གི་རྒྱབ་ལས་ འབྲུག་གི་གློག་མེ་ཚུ་གིས་ འོང་འབབ་བཟོ་ནི་འགོ་བཙུགས་ནི་ཨིནམ་ལས་ གློག་མེ་བཙོང་ནི་འགོ་བཙུགས་པའི་བསྒང་ལས་ རྒྱ་གར་གྱི་དངུལ་བརྗེ་སོར་ཐོག་བཞག་མི་ འབྲུག་པའི་དངུལ་ཀྲམ་དེ་ ལོག་ལེན་ཚུགས་ནི་ཨིནམ་ལས་ དེ་གིས་ རྒྱ་འབྲུག་༢ ཆ་ར་ལུ་ ལྷན་ཐབས་སྦོམ་འབྱུང་ནི་ཨིནམ་ལས་ འོས་འབབ་ཡོད་ཟེར་ཨིན་པས།
དཔལ་འབྱོར་གོང་འཕེལ་དང་འབྲེལ་བའི་ ཚོང་དང་བཟོ་གྲྭ་ དེ་ལས་ ལཱ་གཡོག་གི་གོ་སྐབས་བཟོ་ནི་ཚུ་དང་འབྲེལ་བའི་ འཆར་གཞིའི་ལས་རིམ་ རྒྱ་ཆེ་དྲགས་ཡོདཔ་ལས་ དེ་ཚུ་འགྲུབ་ཐབས་ལུ་ མ་དངུལ་དུང་ཕྱུར་༨.༧༠ དེ་ཅིག་ ཟད་འགྲོ་གཏང་ནི་གི་འཆར་གཞི་ཚུ་ གཞུང་སྐྱོང་ཐོབ་པའི་ཉིནམ་དང་པ་ལས་ར་ འགོ་བཙུགས་ཆོག་ཆོག་སྦེ་ ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment