གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་པའི་ན་གཞོན་ཚུ་ ཐའེ་ལེནཌ་ལུ་ གནས་སྐབས་ཀྱི་ ཨིང་ལིཤ་སློབ་སྟོན་གྱི་ གོ་སྐབས།

༣/༧/༢༠༡༣   ༉ ལཱ་གཡོག་འཚོལ་མི་ འབྲུག་པའི་ན་གཞོན་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ཐའི་ལེན་རྒྱལ་ཁབ་ ཡོ་རི་ཤེས་ཡོན་ལྷན་ཚོགས་ཀྱིས་ སློབ་གྲྭ་ཁག་གི་དོན་ལུ་ ཨིང་ལིཤ་གི་ སློབ་སྟོན་པ་སྦེ་ འགྱོ་ནིའི་གོ་སྐབས་ལུ་ ཆིངས་ཡིག་ཅིག་གུ་ མིང་རྟགས་བཀོད་ཅི།
ལཱ་གཡོག་ལྷན་ཁག་གི་དྲུང་ཆེན་ པདྨ་དབང་གྲགས་དང་ ཐའི་ཤེས་རིག་ལྷན་ཁག་གི་ ལག་རྩལ་དང་ རིག་རྩལ་ཤེས་རིག་ལྷན་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཆའི་རི་རུབ་ སི་རཱི་རག་༢ ཀྱིས་ མཚན་རྟགས་བཀོད་པའི་བསྒང་།


དེ་ཡང་ སྤྱི་ལོ་༢༠༡༢ ལུ་ འབྲུག་པའི་ན་གཞོན་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༡༨ དེ་ཅིག་ ཐའེ་ལེནཌི་རྒྱལ་ཁབ་ཀྱི་ ལཱ་གཡོག་སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་གི་དོན་ལུ་ གནས་སྐབས་ཀྱི་ ཨིང་ལིཤ་སློབ་སྟོན་པ་ གདམ་འཐུ་འབད་དེ་ ད་ལྟོ་ ཐའི་ལེན་ལུ་ ཡོདཔ་ཨིན་པས།
ཁོང་ན་གཞོན་ཚུ་གིས་ ལོ་༡ གི་ནང་འཁོད་ ཨིང་ལིཤ་གི་སློབ་སྟོན་ལེགས་ཤོམ་འབད་ཡོདཔ་མ་ཚད་ འབྲུག་པའི་ལམ་ལུགས་སྲོལ་བཟང་པོའི་ཐོག་ལས་ དཔེ་བཟང་པོ་སྟོན་མི་ལུ་ ཐའེ་རྒྱལ་ཁབ་ལུ་ ཕན་ཐོགས་སྦོམ་བྱུང་ཡོདཔ་བཞིན་དུ་ འགོ་འདྲེན་འཐབ་མི་ འགོ་དཔོན་དང་ མི་སྡེ་གིས་ ཡིད་ཆེས་དང་ བཀྲིན་དགའ་འཚོར་ལུ་ དུས་ཅི་ ན་གཞོན་༤༨ ལུ་ གོ་སྐབས་བྱིན་དོ་ཡོདཔ་ཨིན་པས།
ལཱ་གཡོག་ལྷན་ཁག་གི་དྲུང་ཆེན་ པདྨ་དབང་གྲགས་ཀྱིས་ སླབ་མི་དང་འཁྲིལཝ་ད་ ཐའི་ལེནཌ་གིས་ འབྲུག་གཞུང་ལུ་ ཕན་ནུས་ཅན་གྱི་ གྲོགས་རམ་ལེ་ཤ་བྱིན་མིའི་གྲས་ལས་ ལོ་༡ གི་ཧེ་མར་ འབྲུག་པའི་ན་གཞོན་ཚུ་ གནས་སྐབས་ཀྱི་སློབ་སྟོན་འབད་ནིའི་གོ་སྐབས་ཐོབ་མི་དང་ གཞན་སློབ་སྦྱོང་དང་ སྦྱོང་བརྡར་ དེ་ལས་ དགོས་མཁོ་ཆེ་བའི་ཅ་ཆས་དང་ མ་དངུལ་ཚུ་གི་ རྒྱབ་སྐྱོར་བྱིན་ཏེ་ཡོད་ཟེར་ཨིན་པས།
ད་རིས་ འབྲུག་གཞུང་ལུ་ ན་གཞོན་ལཱ་གཡོག་མེད་པར་སྡོད་མི་༧༠༠༠ ཡོད་མི་དེ་ བརྒྱ་ཆ་༢.༡ ཡོདཔ་ད་ མ་འོངས་ལོ་༥ འི་ནང་ ན་གཞོན་ལཱ་གཡོག་ནང་ འཛུལ་ཞུགས་འབད་མི་༡༤༠,༠༠༠ གོ་སྐབས་ལེན་ཚུགས་ནི་ལུ་དམིགས་གཏད་བསྐྱེད་མི་དེ་ བརྒྱ་ཆ་ལུ་ཕབ་བཏང་པ་ཅིན་ བརྒྱ་ཆ་༩༧.༥ བཞག་ནི་དེ་ཨིནམ་མ་ཚད་ ལོ་དེ་ནང་ གཞུང་གིས་ ལཱ་གཡོག་གི་ས་སྟོང་༩༣,༠༠༠ ཡོདཔ་སྦེ་བཟོ་དགོཔ་ཨིན་ཟེར་ ཨིན་པས།
རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་སྦོམ་སྦེ་མ་སོངམ་ལས་ ལཱ་གཡོག་གི་གོ་སྐབས་བཟོ་ནི་དེ་ དོ་འགྲན་ཅན་ཅིག་བྱུང་དོ་ཡོདཔ་ད་ ལོ་༥ འི་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༡༦,༠༠༠ ཚུ་གི་ ལཱ་གཡོག་འཚོལ་བར་ འཛུལ་ཞུགས་འབད་ནི་ཨིན་པས།
ཐའི་ལེནཌི་དང་ འབྲུག་རྒྱལ་ཁབ་༢ ཆ་ར་ནང་ ནང་པའི་ཆོས་ལུ་ དད་པ་དང་ དག་སྣང་ཡོདཔ་མ་ཚད་ ལམ་ལུགས་སྲོལ་ཚུ་ཡང་ གཅིག་མཚུངས་སྦེ་ཡོདཔ་ལས་བརྟེན་ ལཱ་གཡོག་ལྷན་ཁག་གིས་  ཐའེ་ལེནཌི་ལུ་ ལག་རྩལ་དང་ རིག་རྩལ་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ གནས་སྐབས་ཀྱི་ ལཱ་གཡོག་གི་གོ་སྐབས་གནང་ཟེར་ ཞུ་མི་ལུ་ ཐའི་ལེནཌ་རྒྱལ་ཁབ་ཀྱིས་ ངོས་ལེན་སྦོམ་མཛད་ཅི་ཟེར་ དྲུང་ཆེན་པདྨ་དབང་གྲགས་ཀྱིས་ བཤདཔ་ཨིན་པས།
ངལ་རངས་དང་ཡིད་ཆེས་ཐོག་ལུ་ དུས་ཅི་ ན་གཞོན་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༤༨ ལུ་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ ལཱ་གཡོག་གི་རིག་རྩལ་དང་ ལག་རྩལ་ཚུ་ སློབ་སྟོན་བརྗེ་སོར་འབད་ནི་དང་ འབྲུག་པའི་ན་གཞོན་ཚུ་ལུ་ སྦྱོང་བརྡར་སྤེལ་ཁང་གི་ ཌིབ་ལོ་མའི་སྦྱོང་བརྡར་ཚུ་ བྱིན་ནི་ཟེར་ཨིན་པས།
ཁ་ཙ་ ལཱ་གཡོག་ལྷན་ཁག་གི་ གྲོས་འཛོམས་ཁང་ནང་སྦེ་ ལཱ་གཡོག་ལྷན་ཁག་གི་དྲུང་ཆེན་ པདྨ་དབང་གྲགས་དང་ ཐའི་ཤེས་རིག་ལྷན་ཁག་གི་ ལག་རྩལ་དང་ རིག་རྩལ་ཤེས་རིག་ལྷན་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཆའི་རི་རུབ་ སི་རཱི་རག་༢ ཀྱི་བར་ན་ ལཱ་གཡོག་བྱིན་ནི་ཨིན་པའི་ ཆིངས་ཡིག་གུ་ མཐུན་འབྲེལ་གྱི་ མཚན་རྟགས་བཀོད་ཡོདཔ་ཨིན།
ཐའི་ལེནཌ་ལུ་ གནས་སྐབས་ཀྱི་ ཨིང་ལིཤ་སློབ་སྟོན་འབད་བར་གཏང་ནིའི་དོན་ལུ་ ལཱ་གཡོག་ལྷན་ཁག་ནང་ སྤྲོ་བ་དང་ དང་འདོད་ཡོད་མི་ཚུ་གིས་ ཡིག་གུ་བཙུགས་པའི་བསྒང་ཡོདཔ་ད་ སྤྱི་ཟླ་༧ པའི་ནང་འཁོད་ལུ་ ན་གཞོན་༤༨ གདམ་འཐུ་འབད་དེ་ སྤྱི་ཟླ་༨ པའི་ནང་ ཐའི་རྒྱལ་ཁབ་ཀྱི་ཁ་སྐད་དང་ ལམ་ལུགས་ཀྱི་ སྦྱོང་བརྡར་འབད་དེ་ སྤྱི་ཟླ་༩ པའི་ནང་ གཏང་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment