གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་ལུ་ སྒོ་བཤལ་གྱི་ ཁས་བླངས་གསལ་བསྒྲགས་འབད་དོ་ཡོདཔ།

༣/༧/༢༠༡༣    ༉ བསམ་རྩེ་རྫོང་ཁག་ བཀྲིས་ཆོས་གླིང་འདེམས་ཁོངས་ཀྱི་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ འབད་བ་ཅིན་ ས་གནས་ནང་ ལོ་ངོ་༡༠ གྱི་ཧེ་མ་ལས་ མི་དང་སེམས་ཅན་གྱི་བར་ན་ བྲེལ་ཟིང་ལང་ཡོད་མིའི་དཀའ་ངལ་སེལ་ཚུགས་ཟེར་བའི་ ཁས་བླངས་འབད་མི་ལུ་ ཚོགས་རྒྱན་བྱིན་ནི་ཟེར་ བཤདཔ་ཨིན་པས།


བཀྲིས་ཆོས་གླིང་འདེམས་ཁོངས་ཀྱི་ འདེམས་ངོ་༢ ཆ་ར་ སྒོ་བཤལ་གྱི་ ཁས་བླངས་གསལ་བསྒྲགས་འབད་དོ་ཡོདཔ་ཨིན་རུང་ མི་སེར་མང་ཤོས་ཅིག་གིས་ ཁོང་རའི་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་ སེམས་ཐག་བཅད་ཚར་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ སྐྱེས་ལོ་༤༨ ལང་མི་ དུར་ག་པར་སཱད་ཆེ་ཏི་རི་དང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ སྐྱེས་ལོ་༤༤ ལང་མི་ རི་ཏུ་རཇ་ཆེ་ཏི་རི་༢ ཆ་ར་ མཚན་རིག་གི་ སློབ་སྦྱོང་འབད་ཡོདཔ་བཞིན་དུ་ ཁོང་གཉིས་ཀྱི་ འཆར་གཞི་ཚུ་ལེགས་ཤོམ་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ འདེམས་ཁོངས་ནང་ལས་ སྤྱི་ཚོགས་ནང་ འདེམས་ངོ་བསྒྱུར་བཅོས་འབད་ནི་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན་པས།
ཁྱད་ཚད་ལྡན་པའི་ཚོགས་རྒྱན་སྐྱུར་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དུར་ག་པཱར་སཱད་ཆེ་ཏི་རི་གིས་ འདེམས་ཁོངས་ནང་ བསྒྱུར་བཅོས་འབག་འོང་དགོ་པ་ཅིན་ ཧེ་མ་ལོ་༥ འི་ནང་འཁོད་ནང་ལུ་ར་ འབག་འོང་འོངམ་འོང་ཟེར་ཨིན་པས།
འགོ་ཐོག་བཙག་འཐུ་གི་སྐབས་ལུ་ བཀྲིས་ཆོས་གླིང་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པ་ལས་ རྒྱལ་ཁ་ཐོབ་མ་ཚུགསཔ་ད་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་འབད་བ་ཅིན་ ཁོང་གི་ སྤྱི་ཚོགས་ཀྱི་འཐུས་མི་ བསྒྱུར་བཅོས་འབད་དགོ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཨ་ལུ་༣ གྱི་ཨ་པ་ཨིན་མི་ དུར་ག་པར་སཱད་གིས་ ཁ་ཙ་ བི་རུ་རྒེད་འོག་ནང་ ཁས་བླངས་གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ ཁོ་ལུ་ཉེས་འཛུགས་བཀལ་མི་དང་ སྐྱོན་བརྗོད་འབད་མི་ཚུ་གི་སྐོར་ལས་ མི་སེར་ལུ་ དོགས་སེལ་འབད་ཡོདཔ་ཨིན་པས།
རི་ཏུ་རཱཇ་གིས་ཡང་ བི་རུ་རྒེད་འོག་ནང་ ཁས་བླངས་གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ ཁོ་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པའི་ལྟ་བ་དང་ གཞི་རྩ་ དེ་ལས་ ཁས་བླངས་གསལ་བསྒྲགས་ལུ་ དམའ་ཕབ་རྐྱབ་མི་དེ་ མི་སེར་ཚུ་གིས་ རྣམ་ཅོ་ཅིག་ནང་ལས་ཉན་ཞིནམ་ལས་ གཞན་མིའི་ནང་ལས་ བཏོན་གཏང་དགོ་ཟེར་ སླབ་ཡོདཔ་ཨིན་པས།
སྐྱེས་ལོ་༤༠ ལང་མི་ པདྨ་གིས་བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༠༨ ལུ་ ཁོ་གིས་ རི་ཏུ་རཱཇ་ལུ་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིནམ་ད་ ད་རེས་ཀྱི་བཙག་འཐུའི་ནང་ལུ་ཡང་ མི་གཅིག་ལུ་ར་ བཙུགས་པ་ཅིན་ བཙག་འཐུ་མ་འབདཝ་བཟུམ་ཅིག་ར་ ཨིན་མས་ཟེར་ཨིན་པས།
དུར་ག་པར་སཱད་ཀྱིས་ ས་གནས་ནང་ གླངམོ་ཆེ་འོང་ནི་ལས་ བཀག་ཆ་འབད་ནི་གི་འཆར་གཞི་ཡོདཔ་བཞིན་དུ་ ཁོ་གིས་ ཉ་གསོ་སྐྱོང་ཁང་གི་ལས་འགུལ་ཅིག་ཡང་ གཞི་བཙུགས་འབད་ནི་ཟེར་ཨིན་པས།
རི་ཏུ་རཱཇ་གིས་ ཚོགས་ཆུང་ཅིག་འཚོགས་ཞིནམ་ལས་ འབྲེལ་ཡོད་འགོ་དཔོན་ཚུ་ ཕྱི་རྒྱལ་ཁབ་ནང་ གླངམོ་ཆེ་ཚུ་ བཀག་ཐབས་འབད་ནི་གི་ ཞིབ་འཚོལ་འབད་བ་བཏང་ནི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེཤེས་སྒྲོལ་མ།

1 comment:

  1. བསམ་འཆར་། བཀྲིས་ཆོས་གླིང་གི་འདེམས་ངོ་རི་ཏུ་རཇ་ཆེ་ཏེ་རི་གི་ སྤྱི་སྙོམས་འཛོམས་འདུ་སྐབས་ མི་སེར་ཚུ་ གླངམོ་ཆེ་ སྲུང་ནིའི་དོན་ལུ་ སྦྱོངས་བདར་སྦེ་བར་ ཕྱིའི་རྒྱལ་ཁབ་ནང་བཏང་ནི་ཟེར་སླབ་མི་ལུ་ ང་བཅས་བཀྲ་ཤིས་ཆོས་གླིང་འདེམས་ཁོི་གི་མི་སེར་ཚུ་ སེམས་དགའ་ངལ་རང་ཡི་། དེ་འབདཝ་ད་ གླངམོ་ཆེ་སྲུང་ནི་གྱི་དོན་ལས་ ཕྱིའི་རྒྱལ་ཁབ་ནང་ སློབ་སྦྱོངས་སྦེ་བར་བཏང་ནི་ཟེར་སླབ་མི་འདི་ རྩ་ལས་བདེན་རྫུན་རེ་མ་ཚུགས་། ག་ཆབ་ཟེརཝ་ཅིན་ འདི་བཟུམ་གྱི་དཀའ་ངལ་ བཀྲིས་ཆོས་གླིང་ནང་རྐྱངམ་ཅིག་མེན་པ་ ལྷོ་མཚམས་རྫོང་ཁག་ཆ་མཉམ་ནང་ཡོདཔ་ལས་ ཕྱིའི་རྒྱལ་ཁབ་ནང་བཏང་ནི་འདི་དགོད་བྲ་ཨིན་། ཁོ་རང་ཚོགས་རྒྱན་གོ་ནིའི་དོན་ལས་ཨིནམ་ང་བཅས་ཀྱིས་ཧ་གོ་ཡི་། ག་འདེམས་ཅིག་སྦེ་ འདེམས་ངོ་རུ་ཏུ་རཇ་བཙགས་འཐུ་གྲུབ་པ་ཅིན་ ང་བཅས་བཀྲིས་ཆོས་གླིང་འདེམས་ཁོང་ནང་ འཆར་ཞི་གྱི་ལ་ཚུ་རྩ་ལས་གྲུབ་མི་ཚུགས་། ག་ཏེ་སྦེ་སྨོ་ཟེརཝ་ཅིན་ འདེམས་ངོ་ཁོ་རང་ དབང་པོ་ལུ་ཐོ་ཕོགས་མི་ཅིག་ཨིནམ་ལས་ འཆར་ཞི་གི་མ་དངུལ་གིས་ ཁོ་རའི་དོན་ལུ་སྨན་བཅས་ཟས་འགྲོ་་ལང་ཚུགས་པ་ལ་ཁག་འོང་། དེ་འབད་ནི་འདི་ཀྱིས་ ང་བཅས་མི་སེར་ཚུ་ མནོ་བསམ་བཏང་དགོཔ་ཁག་ཆེ་། རྡོ་རྗེ་། བསམ་རྩི་།

    ReplyDelete