གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ལས་ མེ་རླུང་རྒྱ་རྫི་དང་ ས་མར་ཁུའི་གོང་ཚད་ཡར་སེང་།

༢/༧/༢༠༡༣   ༉ ད་རིས་ལས་འགོ་བཙུགས་ཏེ་ མེ་རླུང་གེསི་རྒྱ་རྫི་དང་ ས་མར་ཁུའི་གོང་ཚད་དེ་ ཧེ་མའི་གོང་ཚད་དང་ཕྱདཔ་ད་ ལོག་ལྟབ་སྦེ་ ཡར་སེང་རྐྱབ་ནི་ཨིན་པས།
དེ་ཡང་ གཙོ་བོ་ར་ རྒྱ་གར་གཞུང་གིས་ ད་ཚུན་གྱི་རིང་ འབྲུག་གི་དོན་ལུ་ མེ་རླུང་གེསི་རྒྱ་རྫི་དང་ ས་མར་ཁུའི་གོང་ཚད་ མར་ཕབ་རྐྱབ་བྱིན་མི་དེ་ ཁ་ཙ་ ཆ་མེད་བཏང་སྟེ་ བསྒྱུར་བཅོས་འབད་ནི་དེ་གིས་ཨིན་མས་ཟེར་ བསྟན་རྒྱས་ལྷན་ཁག་གི་ ཚོང་འབྲེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།

ཁ་ཙ་ མེ་རླུང་རྒྱ་རྫིའི་གོང་ཚད་ ཡར་སེང་རྐྱབ་ནི་ཨིན་པའི་ ལོ་རྒྱུས་གོཝ་ཅིག་ མི་ཚུ་གིས་ མུ་ཏིག་ཐང་ རྒྱ་རྫི་བཀྲམ་སྤེལ་ཁང་ནང་ ག་ཐོབ་རྐྱབ་པའི་བསྒང་།


ད་ལས་ཕར་ ཧེ་མའི་གོང་ཚད་ཐོག་ལུ་ ས་གནས་ཀྱི་ ཐག་རིང་ཧིང་དང་བསྟུན་ ས་མར་ཁུ་ལི་ཊར་རེ་ལུ་ དངུལ་ཀྲམ་༤༠.༣༠ དང་༤༡.༧༣ དང་ མེ་རླུང་གེསི་རྒྱ་རྫི་རེ་ལུ་ དངུལ་ཀྲམ་༦༡༢ དང་༦༩༣ སེང་ཡོདཔ་ཨིན་པས།
ཐིམ་ཕུ་ལུ་འབད་བ་ཅིན་ མེ་རླུང་རྒྱ་རྫི་རེ་ལུ་ གོང་ཚད་དངུལ་ཀྲམ་༡,༡༩༦ དང་ ཕུན་ཚོགས་གླིང་ལུ་ དངུལ་ཀྲམ་༡,༠༧༠ བསམ་གྲུབ་ལྗོངས་མཁར་ལུ་ དངུལ་ཀྲམ་༡,༡༠༩ དགེ་ལེགས་ཕུག་ལུ་ དངུལ་ཀྲམ་༡,༡༠༩ བུམ་ཐང་ལུ་ དངུལ་ཀྲམ་༡,༢༠༣ དེ་ལས་ བཀྲ་ཤིས་སྒང་ལུ་ དངུལ་ཀྲམ་༡,༡༢༤ ཨིན་པས།
ས་སྣུམ་ལི་ཊར་རེ་ལུ་ ཕུན་ཚོགས་གླིང་ལུ་འབད་བ་ཅིན་ གོང་ཚད་དངུལ་ཀྲམ་༥༥.༢༢ དང་ ཐིམ་ཕུ་ལུ་ དངུལ་ཀྲམ་༥༦.༩༥ བསམ་གྲུབ་ལྗོངས་མཁར་ལུ་ དངུལ་ཀྲམ་༥༤.༩༩ དགེ་ལེགས་ཕུག་ལུ་ དངུལ་ཀྲམ་༥༤.༨༤ བུམ་ཐང་ལུ་ དངུལ་ཀྲམ་༥༧.༦༨ དེ་ལས་ བཀྲ་ཤིས་སྒང་ལུ་ དངུལ་ཀྲམ་༥༦.༦༧ ཨིན་པས།
ཚོང་འབྲེལ་ལས་ཁུངས་ཀྱི་མདོ་ཆེན་ བསོད་ནམས་དབང་ཕྱུག་གིས་ བཤད་དོ་བཟུམ་འབད་བ་ཅིན་ གོང་ཚད་ཕབ་ཆག་ ཆ་མེད་བཏང་མི་དེ་གི་སྐོར་ལས་ འབྲུག་གཞུང་གིས་ རྒྱ་གར་གཞུང་དང་གཅིག་ཁར་ གསུང་གྲོས་གནང་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་༦ པའི་ཚེས་༢༤ དང་༢༥ དེ་ཅིག་ལུ་ ཤེས་རྟོགས་བྱུང་ཡོད་རུང་ རྒྱལ་ཁབ་ནང་ མཁོ་ཆས་དེ་ཚུ་ བར་རྐྱེན་མེདཔ་སྦེ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ ཕབ་ཆག་མེད་པའི་ཐོག་ལས་ སྤྱི་ཟླ་༧ པའི་ཚེས་༡ ལས་ ནང་འདྲེན་འབད་བཅུག་ཅི་ཟེར་ཨིན་པས།
གོང་ཚད་ཕབ་ཆག་མེད་དེ་འབད་རུང་ རྒྱ་གར་ལས་ ནང་འདྲེན་འབད་མ་བཅུག་པ་ཅིན་ རྒྱལ་ཁབ་ནང་ ཉིནམ་དག་པ་ཅིག་ནང་ར་ མཁོ་ཆས་དེ་༢ མ་ལང་པའི་ དཀའ་ངལ་འཐོན་འོང་ཟེར་ཨིནམ་ད་ ཨིན་རུང་ ཐབས་ལམ་གཞན་མེདཔ་ལས་ བྱ་ཐབས་མེད་པར་ བཀྲམ་སྤེལ་བ་ཚུ་ལུ་ ནང་འདྲེན་འབད་བཅུག་ཅི་ཟེར་ མདོ་ཆེན་གྱིས་བཤད་ཅི།
མགྲིན་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་གར་གཞུང་ཡང་ མར་ཁུའི་མཁོ་ཆས་ཚུ་ མང་ཤོས་ར་ ནང་འདྲེན་འབད་དོ་ཡོདཔ་ལས་ མ་དངུལ་གྱི་ དཀའ་ངལ་ཐོན་ཏེ་ཡོད་ཟེར་ཨིན་པས།
རྒྱ་གར་གྱི་རུ་པི་དེ་ ཌོ་ལར་དང་ཕྱདཔ་ད་ གོང་ཚད་དམའ་སུ་འགྱོ་དོ་ཡོདཔ་ལས་ ཧེ་མའི་ གོང་ཚད་ཐོག་ལས་ ད་ལྟོ་གི་ རུ་པི་གི་གནས་ཚད་ནང་ ནང་འདྲེན་འབདཝ་ད་ གོང་ཚད་མཐོ་དྲགས་སྦེ་ གནས་དོ་ཡོདཔ་ལས་ རུ་པི་གི་ དཀའ་ངལ་ཐོན་དོ་ཡོདཔ་ཨིན་པས།
ད་རེས་ཀྱི་ དཀའ་ངལ་བཟུམ་སྦེ་ སྤྱི་ལོ་༢༠༠༣ ལུ་ཡང་ ཚར་ཅིག་ཐོན་ཡོད་རུང་ དུས་ཡུན་ཐུང་ཀུ་ཅིག་ནང་ར་ བསལ་ཚུགས་ཡོདཔ་ད་ མདོ་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ཀྱི་དཀའ་ངལ་དེ་ ག་དེམ་ཅིག་འགོར་འོང་ག་ སླབ་མི་ཤེས་ཟེར་ཨིན་པས།
རྒྱ་གར་གྱི་བརྡ་བརྒྱུད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱ་གར་གཞུང་གིས་ རྒྱ་གར་རྒྱལ་ཁབ་ནང་ཡང་ མེ་རླུང་གི་ གོང་ཚད་ཕབ་ཆག་དེ་ ཆ་མེད་བཏང་ནི་གི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment